ྋགོང་ས་མཆོག་དང་བྷེལ་ཇམ་སྲིད་བློན་དབར་མཇལ་འཕྲད་གནང་ཡོད་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

04december20081ཤམ་ བྷ་ལའི་ཕོ་ཉའི་དྲ་བས་ཟླ་༡༢ཚེས་༠༥ཉིན་སྤེལ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་ པོ་མཆོག་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བློན་དང་སྲིད་བློན་ཟུར་་པ། ཡུལ་དེའི་ཕྱི་སྲིད་བློན་ཆེན་སོགས་ལ་མཇལ་འཕྲད་གནང་གྲུབ་རྗེས་བྷེལ་ཇེམ་ཡུལ་ ངྱི་སྲིད་བློན་ཨི་ལྦེསི་ལེར་མེ་མཆོག་དང་མཇལ་འཕྲད་གནང་སྟེ་བོད་དོན་སྐོར་བཀའ་ སྡུར་གནང་ཡོད་པ་རེད།

དེ་ཡང་ྋགོང་ས་མཆོག་ཡོ་རོབ་ཀྱི་ཡུལ་གྲུ་ཁག་ཅིག་ལ་ཆིབས་བསྒྱུར་བསྐྱངས་དང་སྐྱོང་བཞིན་ཡོད་པ་དང་རྒྱལ་ཁབ་དེ་དག་གི་དབུ་ཁྲིད་རྣམས་དང་མཇལ་འཕྲད་གནང་བར་བརྟེན། རྒྱ་ནག་གཞུང་ཁོང་ཁྲོ་ཤིན་ཏུ་ནས་ཆེན་པོ་ལངས་ཏེ་འདི་སྔོན་གཏན་ཁེལ་བའི་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་དང་རྒྱ་ནག་གི་འགོ་ཁྲིད་དབར་ལྷན་ཚོགས་གནང་རྒྱུ་ཕྱི་བཤོལ་གནང་ཡོད་པ་རེད།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་མཚན་སྙན་འཛམ་གླིང་ཁྱོན་ཡོངས་སུ་དར་ཁྱབ་འགྲོ་བཞིན་པ་དང་ཆབས་ཅིག་ས་ཕྱོགས་གང་དུ་ཕེབས་ཀྱང་གང་གི་མཛད་པར་བསྔགས་བརྗོད་དང་རྗེས་སུ་ཡི་རང་ཞུ་བཞིན་པ་མ་ཟད། དབུ་ཁྲིད་དང་གྲགས་ཅན་མི་སྣ་ཁག་གིས་མཇལ་འཕྲད་ཞུ་ཡི་ཡོད་པ་རེད།

འོན་ཀྱང་རྒྱ་ནག་གཞུང་གིས་ྋགོང་ས་མཆོག་དང་མཇལ་འཕྲད་ཞུས་ན་རྒྱ་ནག་མཉམ་དུ་ཕྱི་འབྲེལ་ལ་གནོད་སྐྱོན་ཡོང་གཞི་ཆགས་ཀྱི་ཡོད་པའི་ཉེན་བརྡ་གཏོང་གི་ཡོད་པ་རེད།

ྋགོང་ས་མཆོག་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཏུ་ཞབས་སོར་འཁོད་སྐབས་སྲིད་འཛིན་ཟུར་པ་དང་ནོ་བེལ་གཟེངས་རྟགས་བཞེས་མི་གྲགས་ཅན་ལྦཁ་ལེལྦན་ཧ་ལྦེལ་དང་སྲིད་བློན་མིའི་རེཀ་ཀྲོ་པོ་ལ་ནེཀ་སོ་སོར་མཇལ་འཕྲད་གནང་ཡོད་པ་དང༌། ྋགོང་ས་མཆོག་གིས་བོད་ཆོལ་ཁ་གསུམ་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཅིག་འབྱུང་ཐབས་གནང་བཞིན་པ་དང་དེ་ཡང་དབུ་མའི་ལམ་གྱི་སྲིད་བྱུས་བཟུང་ནས་རྒྱ་ བོད་གཉིས་ཕན་གྱི་ཐབས་ལམ་ཞིག་འཚོལ་ཐབས་གནང་བཞིན་པ་རེད།

ཉེ་ཆར་གསར་འགྱུར་བརྒྱུད་ལམ་ཁག་ཅིག་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ཐའེ་ལྦན་དུ་བསྐྱར་དུ་ཆིབས་བསྒྱུར་བསྐྱངས་གནང་འཆར་ཡོད་མེད་བཀའ་འདྲི་ཞུས་པའི་སྐབས་ྋགོང་ས་མཆོག་གིས་འདས་པའི་ལོ་ཤས་གོང་རྒྱ་བོད་འབྲེལ་མོལ་གྱི་བརྒྱུད་རིམ་ལ་དོ་ཕོག་མི་འགྲོ་བའི་ཆེད་ཆིབས་བསྒྱུར་གནང་མེད་ཀྱང་མ་འོངས་པར་གནང་ཐུབ་པའི་ཐུགས་རེ་གནང་གི་ཡོད་ཅེས་བཀའ་གནང་བ་དང་འདིའི་སྐོར་ཁ་ས་རེས་གཟའ་ལྷག་པའི་ཉིན་ཐའེ་ལྦན་གྱི་སྲིད་འཛིན་མའ་དབྱིངས་ཇུ་མཆོག་ལ་གསར་འགོད་པས་བཅར་འདྲི་ཞུས་པའི་སྐབས་ཁོང་གིས་རྩ་བའི་ཆོས་ཕྱོགས་ཀྱི་དབུ་འཁྲིད་རྣམ་པ་ཐའེ་ལྦན་ལ་ཕེབས་རྒྱུར་དགའ་བསུ་ཡོད་ཡིན་ནའང་ད་ལྟའི་ཆར་རྒྱ་ནག་དང་ཐའེ་ལྦན་གཉིས་འབྲེལ་བ་སླར་གསོ་བྱེད་བཞིན་པའི་སྐབས་ཡིན་ཙང་དུས་ཚོད་ཀྱི་ཆ་ནས་རན་པོ་ཞིག་མ་རེད་ཅེས་གསུངས་ཡོད་པ་རེད།

འོན་ཀྱང་དེ་རིང་ཐའེ་ལྦན་གྱི་ཕྱོགས་འགལ་མང་གཙོ་ཡར་ཐོན་ཚོགས་པའི་མགྲིན་ཚབ་པ་ཆེང་ལྦན་ཚང་གིས་སྤྱི་བསྒྲགས་ཤིག་སྤེལ་ཡོད་པ་དེའི་ནང་སྲིད་འཛིན་མའ་དབྱིངས་ཇུས་བཀའ་མོལ་གནང་སྟངས་འདིས་སླར་ཡང་ཁོང་གིས་རྒྱ་ནག་ལ་མགོ་བོ་སྒུར་བའི་རྣམ་པ་བསྟེན་པ་ཞིག་རེད་ལ་དེས་རང་བཞིན་གྱིས་ཁོང་གི་དབུ་འཁྲིད་འོག་ཐའེ་ལྦན་གྱི་རང་དབང་དང་མང་གཙོ་གཉིས་ལ་སྲུང་སྐྱོབ་བྱེད་ཐུབ་པའི་ནུས་པ་ཨེ་ཡོད་བསམ་པའི་བློ་འཚབ་སྐྱེས་འོས་པ་ཞིག་འདུག དེ་འདྲ་ཡིན་དུས་ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་ངོས་ནས་ཀྱང་མའ་དབྱིངས་ཇུ་སྲིད་འཛིན་གྱི་ལས་གནས་སུ་ཡོད་པའི་རིང་ཐའེ་ལྦན་དུ་ཕེབས་རྒྱུའི་དགོངས་པ་མ་བཞེས་རོགས་གནང༌གང་ཡིན་ཟེར་ན་མའ་དབྱིངས་ཇུ་ནི་རྒྱ་ནག་གི་ཁ་ལོ་གང་བསྒྱུར་ཨ་ལེ་པེ་ཀོག་ལྟབུ་རེད་ལ་ཁོང་གི་ལས་དུས་རིང་ཏཱ་ལའི་བླ་མ་མཆོག་ནམ་ཡང་ཐའེ་ལྦན་ལ་ཕེབས་བཅུག་གི་མ་རེད་ཅེས་བཀོད་ཡོད་པ་གང་ལྟར་ཐའེ་ལྦན་གྱི་སྲིད་འཛིན་མའ་དབྱིངས་ཇུར་སྐྱོན་བརྗོད་ཞུས་ཡོད་འདུག ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དེ་སྔ་ཕྱི་ལོ་༡༩༩༧དང་ཕྱི་ལོར་༢༠༠༡ལོར་ཐའེ་ལྦན་ལ་ཆིབས་བསྒྱུར་གནང་མྱོང་ཡོད་པ་རེད། སྐབས་དེར་མང་གཙོ་ཚོགས་པའི་གཞུང་འཛིན་ཡོད་པ་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།