༧གོང་ས་མཆོག་སཱ་ལོ་ཝི་ནིང་ཡ་རུ་ཆིགས་བསྒྱུར་གནང་འཆར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ན། ཕྱི་ལོ་༢༠༡༠ཟླ་༣ཚེས་༢༦ཉིན། བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག འདི་ལོ་ཕྱི་ཟླ་༤པའི་ཚེས་༥ཉིན་དབུས་ཡོ་རོབ་སཱ་ལོ་ཝི་ནིང་ཡ་རུ་ཆིབས་བསྒྱུར་གནང་གཏན་ཁེལ་ཡོད་འདུག

དེ་ཡང་གང་ཉིད་སཱ་ལོ་ཝི་ནིང་ཡའི་གྲོང་ཁྱེར་ཆེ་ཤོས་ཨང་གཉིས་པ་མཱ་རི་བྷོ་ནང་ཉིན་གྲངས་གསུམ་རིང་འཛད་འཕྲིན་བསྐྱང་རྒྱུ་ཡིན་སྐོར། ཡུལ་དེ་གའི་ཆིབས་བསྒྱུར་གོ་སྒྲིག་གནང་མཁན་ཞིག་གིས་ཉེ་ཆར་རེས་གཟའ་མིག་དམར་ཉིན་གསལ་བསྒྲགས་གནང་ཡོད་པ་རེད།

འོན་ཀྱང་དང་ཐོག་༧གོང་ས་མཆོག་འདི་ལོ་ཕྱི་ཟླ་༤པའི་ཚེས་༡༢ནས་༡༤བར་སཱ་ལོ་ཝི་ནིང་ཡ་རུ་ཆིབས་བསྒྱུར་དང་ལྷན་དུ། སཱ་ལོ་ཝི་ནིང་ཡའི་རྒྱལ་ས་དང་གྲོང་ཁྱེར་ཆེ་ཤོས་ལཱ་ཇུ་རྦལ་ཇ་ན་རུ་གཟིགས་སྐོར་ཕེབས་འཆར་མཛད་ཡོད་འདུག་ཀྱང་། མཱ་རི་བྷོའི་གྲོང་ཁྱེར་སྤྱི་ཁྱབ་ལྷན་ཁང་གི་དབང་འཛིན་པ་ཚོས་ཆིབས་བསྒྱུར་དེ་བདུན་ཕྲག་གཅིག་རིང་སྔ་བསྣུར་གནང་དགོས་སྐོར་བརྗོད་ཡོད་འདུག

མ་ཚད་ཁོང་ཚོས་ནང་པའི་དགེ་སློང་ཞིག་རྒྱལ་ས་ལཱ་ཇུ་རྦལ་ཇ་ན་རུ་ཕེབས་དགོས་དོན་མེད་པ་དང་། དེ་ལས་ཀྱང་གཞུང་གི་ལས་བྱེད་པ་ཚོར་ཐུགས་འཕྲད་བྱེད་དགོས་དོན་ཡོད་པ་མ་རེད་ཅེས་བརྗོད་ཡོད་འདུག་ལ། གང་ཉིད་ཐེངས་འདིའི་ཆིབས་བསྒྱུར་ལ་གྲོང་ཁྱེར་གྱི་དཔོན་རིགས་དང་སློབ་མ་ཚོར་མཇལ་འཕྲད་གནང་རྒྱུ་ལའང་ཚད་བཀག་ཡོད་ཚུལ་བརྗོད་ཡོད་འདུག

ཐེངས་འདིར་གདན་ཞུ་གནང་མཁན་ནི་གྲོང་ཁྱེར་མཱ་རི་བྷོའི་གཙུག་ལག་སློབ་གཉེར་ཁང་ཡིན་འདུག་པ་དང༌། སྐབས་དེར་གང་ཉིད་ཀྱིས་སློབ་ཕྲུག་གཙོས་པའི་མི་མང་རྣམས་ལ་འགྲོ་བ་མིའི་ཀུན་སྤྱོད་འཁྱེར་སྟངས་སྐོར་བཀའ་སློབ་དང་གསུང་བཤད་གནང་རྒྱུ་ཡིན་པ་རེད།

དེ་སྔོན་ཕྱི་ལོ་༢༠༠༢ལོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཡུལ་དེ་གར་ཆིབས་བསྒྱུར་བསྐྱངས་སྐབས། གཞུང་འབྲེལ་མིན་པའི་དཔོན་རིགས་དང༌། མི་སྣ་གཙོ་བོ་ཁག་ཅིག་ལ་མཇལ་འཕྲད་གནང་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
བྱང་ཆུབ་སེམས་དཔའི་གཞན་དོན་དུ་མཛད་པ་སྣ་ཚོགས་རྨོངས་པ་ཁོང་དག་་ལ་མཚོན་ན་རྲྒྱུས་མངའ་་ཡོད་པ་ཞིག་ཡིན་་སྲིད་ཀྱི་མ་རེད།།
སྐྱབས་མཆོག་་ཞི་བདེའི་དེད་དཔོན་གང་ཉིད་འཛམ་གླིང་སྐྱེ་འགྲོའི་བདེ་སྡུགདང་་སྒོས་སུ་གངས་ལྗོངས་བསྟན་སྲིད་ཀྱི་དོན་དུ
སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་བཞེད་དོན་གེགས་མེད་མྱུར་འགྲུབ་ཡོང་བའི་སྨོན་ལམ་འདེབས



བརྗོད་གཞི་གཞན་ཁག་ལ་གཟིགས།