དགོངས་ཚུལ།

རྒྱ་ནག་གྷུ་གྷེལ་དྲ་གནས་འཚོལ་ལམ་བརྒྱུད་སྤོས་བྱས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༢༥ཉིན། རྒྱ་ནག་ནང་རྟེན་གཞི་བྱས་ཡོད་པའི་རྒྱའི་སྐད་ཡིག་སྒང་གི་གྷུ་གྷེལ་དྲ་གནས་འཚོལ་ལམ་༼Google.cn༽་ལ་དྲ་ཐོག་འཇབ་རྒོལ་དང་མྱུལ་ཞིབ་སྟངས་འཛིན་ཐེབས་ཀྱིན་ཡོད་སྟབས། གྷུ་གྷེལ་ལས་ཁུངས་ཨ་མས་ཟླ་འདིའི་ཚེས་༢༢ཉིན་རྒྱ་ནག་སྐམ་ས་ཆེན་པོའི་གྷུ་གྷེལ་སྤྱོད་མཁན་དག་གིས་རྒྱ་གཞུང་གི་འགོག་རྐྱེན་འོག་ཚུད་མེད་པའི་ཧོང་ཀོང་གྷུ་གྷེལ་ཞབས་ཞུའི་མ་ལག་༼Google.com.hk༽བརྒྱུད་གནས་ཚུལ་འཚོལ་སྔོག་ཐུབ་ཚུལ་ཁྱབ་བསྒྲགས་བྱས་ཡོད་འདུག

རྒྱ་ནག་གྷུ་གྷེལ་དྲ་གནས་འཚོལ་ལམ་༼Google.cn༽་སུ་འཛུལ་མཁན་དག་དྲ་ཐོག་འཇལ་རྒོལ་དང་མྱུལ་ཞིབ་སྟངས་འཛིན་མི་ཡོང་ཆེད་ཧོང་ཀོང་གྷུ་གྷེལ་ཞབས་ཞུའི་མ་ལག་ཏུ་བརྒྱུད་སྤོས་བྱས་འདུག་ཅིང༌། དྲ་གནས་དེར་དྲ་རྒྱ་སྤྱོད་མཁན་དག་གིས་ཚོད་འཛིན་མེད་པའི་པར་རིས་དང༌། གསར་འགྱུར། དྲ་ཚིགས་ཁག་འཚོལ་ཞིབ་དང་བལྟ་ཀློག་བྱེད་ཐུབ་པར་བཟོས་འདུག འོན་ཏེ་རྒྱ་ནག་པེ་ཅིང་དུ་ཧོང་ཀོང་གྷུ་གྷེལ་དྲ་གནས་འཚོལ་ལམ་༼Google.com.hk༽སུ་གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་སོགས་འཚོལ་ཞིབ་བྱེད་དུས་རྒྱ་ནག་གཞུང་གིས་སྒྲིག་འཇུགས་བྱས་པའི་ཚོད་འཛིན་མ་ལག་མེ་གྱང་ཆེན་པོ་༼the Great Firwall༽ཞེས་པས་སྟངས་འཛིན་འགོག་རྐྱེན་འོག དྲ་བའི་མཐུད་ལམ་བསྐྱར་བཅོས་བྱས་ཏེ་འཚོལ་ཞིབ་མཇུག་འབྲས་ཅི་གང་ཡང་རྙེད་ཐབས་མེད་པ་བཟོས་ཡོད་འདུག

རྒྱ་ནག་གྷུ་གྷེལ་དྲ་གནས་འཚོལ་ལམ་དེ་ཧོང་ཀོང་གྷུ་གྷེལ་ཞབས་ཞུའི་མ་ལག་གི་ཁོངས་སུ་བརྒྱུད་སྤོས་བྱས་ཡོད་པར་རྒྱ་གཞུང་གིས་དགའ་མོས་བྱེད་ཀྱིན་མེད་པ་མ་ཟད། རྒྱའི་གཞུང་འབྲེལ་གསར་གནས་ཤིན་ཧ་དང༌། རྒྱ་ནག་རྒྱལ་ཡོངས་རླུང་འཕྲིན་ལས་ཁུངས། རྒྱ་ནག་ཉིན་རེའི་གསར་ཁང་སོགས་ཀྱིས་གྷུ་གྷེལ་དེ་ཨ་རིའི་གསང་བའི་ལས་ཁུངས་དང་ཁོག་འབྲེལ་བའི་ཆབ་སྲིད་ཀྱི་ལས་གཞི་སྤེལ་མཁན་ཞིག་ཡིན་ཚུལ་ཉེས་འཛུགས་བྱས་ཡོད་འདུག

དེ་ཡང་ཉེ་བའི་ཆར་རྒྱ་ནག་ནང་གི་གྷུ་གྷེལ་དྲ་གནས་འཚོལ་ལམ་དུ་༼གནམ་བདེ་སྒོ་མོ་ཆེའི་མདུན་ཐང་གི་སྡེབ་གསོད་༽དང་༼ཏཱ་ལའི་བླ་མའི་༽སྐོར་འཚོལ་བཤེར་བྱེད་དུས། དྲག་ཤོག་སྟོང་བ་ལས་འབྲེལ་ཡོད་གནས་ཚུལ་རིགས་གང་ཡང་མངོན་རྒྱུ་མེད་ཅིང༌། རྒྱ་ནག་གི་དྲག་ཐོག་འཇབ་རྒོལ་དང་དྲ་གནས་སྟངས་འཛིན་གྱི་གནད་དོན་འདིས་ཨ་རྒྱ་གཉིས་དབར་ལྷག་པའི་ཚོང་འབྲེལ་དང༌། དངུལ་ལོར། གོ་ལའི་གནམ་གཤིས་འགྱུར་ལྡོག དེ་བཞིན་ཐའེ་ཝན་ལ་གོ་མཚོན་ཉོ་འཚོང་ཐད་ཀྱི་འབྲེལ་ལམ་སྡུག་པོ་དེ་ཇེ་སྡུག་ཏུ་བཏང་ཡོད་འདུག

གྷུ་གྷེལ་གྱིས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བའི་གྷུ་གྷེལ་ཡིག་འགྲུལ་ཁ་བྱང་དང་ནང་དོན་ལ་ལྐོག་ཏུ་བལྟ་བསྔོག་བྱེད་རྩིས་བྱས་པ་མ་ཟད། གཞན་ལས་ཁུངས་༢༠ལྷག་ཀྱང་དམིགས་འབེན་དུ་བཟུང་ཡོད་འདུག

གཞན་ཡང་སྔར་ལོའི་ལོ་སྟོད་དུ་ཁུངས་སྐྱེལ་ར་སྤྲོད་མ་བྱུང་བའི་གནས་ཚུལ་ཁག་ཅིག་གསར་འགྱུར་བརྒྱུད་ལམ་དུ་ཐོན་གསལ། རྒྱ་གཞུང་གིས་རྒྱལ་ཁབ༡༠༣ལྷག་ནང་གི་ཕྱི་འབྲེལ་དང་འབྲེལ་བའི་གློག་ཀླད་ནང་ཉར་ཚགས་བྱས་ཡོད་པའི་ཡིག་ཆར་དྲ་ཐོག་ནས་ལྐོག་ལྟ་དང་རྐུ་ཁྱེར་བྱས་ཡོད་པ་མ་ཟད། བོད་ཀྱི་དབུ་ཁྲིད་ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་ཡིག་ཚང་གི་གསང་བའི་ཡིག་འབྲེལ་དག་ཀྱང་སྟངས་འཛིན་བྱས་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་གཡང་བྱམས་ཀྱིས་ཕབ་བསྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
དང་པོ་ནི་རྒྱ་ནག་སྒེར་གཅོད་པར་ཁོ་ཚོས་ཅི་ཡང་ནུས་ལ་གང་ཡང་བྱེད་ཆོག་ཆོག་དེ་འདྲ་མིན་པར། གལ་ཏེ་རང་ཚུགས་ཅན་གྱི་སྒང་པོ་གང་འདྲ་ཞིག་ས་གནས་གང་དུ་ཡོད་ཀྱང་། དེ་དག་གི་ངོས་ནས་རང་གི་མི་གཤིས་ཀྱི་ལ་རྒྱ་དང༌། བདེན་པའི་རྒྱབ་རྩར་འགྲེང་བར་ཡིད་རངས་པ་ལས། བཙན་པོ་དབང་ཡོད་ཡོངས་ལ་མགོ་ཞུམ་ཞུམ་མི་བྱེད་པའི་དགའ་མགུ་ཡིད་རངས་འོས་པའི་བྱ་འགུལ་ཞིག་ཡིན་པར་འདོད་ལ། དེས་ན་དྲ་རྒྱ་ Googleའཚོལ་བསྙེག་ཚོགས་པའི་གསར་གཏོད་པ་འགན་གཙོ་བྷུ་ལིན་མཆོག་གིས་དྲག་པོའམ་སྒེར་གཅོད་ཅན་གྱི་རྒྱ་ནག་གཞུང་ལ་བསྒྲགས་གཏམ་དེ་དག་མཐོང་ན་དངོས་གནས་སླར་སེམས་སུ་འཇིག་རྟེན་འདིར་དྲང་པོ་དང་བདེན་པར་རྒྱབ་ལངས་ཀྱི་རང་ཚུགས་ཅན་འདི་ལྟར་གྱིས་སེམས་པ་སྤོབས་པ་དང་དགའ་སྣང་སྦྱིན་ངེས་།

འོན་ཀྱང་སྐྱོན་ཆ་ཞིག་ཡོད་པ་ནི་དུས་མཚུངས་སུ་འཚོལ་བསྙེག་དྲ་ལམ་ Googleའདི་རྒྱ་ནག་ནས་ཕྱི་འཐེན་བྱེད་པ་དུས་མཚུངས་སུ་རྒྱ་ནག་མི་མང་དུང་ཕྱུར་བཅུ་གསུམ་ལྷག་ཙམ་ལ་ཕྱི་ཕྱོགས་ཀྱི་གནས་ཚུལ་གང་ཡང་འཚོལ་བསྙེག་ཆོག་པའི་གོ་སྐབས་ཤོར་ཟིན་པ་མ་ཟད། དེ་ནས་བཟུང་རྒྱ་ནག་དམར་གཞུང་གིས་སྔོན་ནས་གཏན་འབེབས་བྱས་པའི་ཡིག་ཆའམ་དྲ་ལམ་ཐོག་གི་འཚོལ་བསྙེག་རྒྱུ་ཆ་དེ་དག་ལས་གཞན་མང་དག་ཕྱོགས་ལ་མཐོང་ཐབས་དཀའ་བར་གྱུར་ཡོད་དོ།



བརྗོད་གཞི་གཞན་ཁག་ལ་གཟིགས།