ྋགོང་ས་མཆོག་རྒྱ་གར་དབྱུག་རྩེད་རྩེད་འགྲན་ཐོག་ཕེབས་རྒྱུ་རེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ།  ཕྱི་ལོ་༢༠༡༠ལོའི་ཟླ་༣པའི་ཚེས་༢༤ཉིན། བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་འཆར་ཟླའི་ཚེས་༡༨ཉིན་རྒྱ་གར་རྒྱལ་ཡོངས་དབྱིག་རྩེད་རྩེད་འགྲན་ཆེན་མོའི་དབུ་འབྱེད་མཛད་སྒོར་ཆིབས་བསྒྱུར་གནང་རྒྱུར་ཞལ་བཞེས་གནང་ཡོད་འདུག

དེ་ཡང་རྒྱ་གར་ཧི་མཱ་ཅལ་མངའ་སྡེའི་དབྱུག་རྩེད་ལྷན་ཚོགས་༼Himachal Pradesh Cricket་༽ཞེས་པའི་གདན་འབོད་ལྟར།  འཆར་ཟླ་ཚེས་༡༨ཉིན་བཞུགས་སྒར་དྷ་སའི་ལུས་རྩལ་རྩེད་ཐང་ནང་སྐོང་འཆར་ཡོད་པའི་རྒྱ་གར་རྒྱལ་ཡོངས་དབྱུག་རྩེད་འགྲན་བསྡུར་ཆེན་མོའྀ་དབུ་འབྱེད་མཛད་སྒོར། ྋགོང་ས་མཆོག་དམིགས་བསལ་སྐུ་མགྲོན་དུ་ཕེབས་རྒྱུར་ཞལ་བཞེས་བཀའ་དྲིན་བསྩལ་གནང་མཛད་པ་སྐུ་སྒེར་ཡིག་ཚང་ནས་འགྲེལ་བརྗོད་གནང་ཡོད་འདུག

རྒྱ་གར་རྒྱལ་ཡོངས་དབྱུག་རྩེད་འགྲན་སྡུར་ ༼Indian Premier League ༽ཞེས་པ་ནི་མང་ཚོགས་རྣམས་ཀྱིས་ཤིན་ཏུ་དགའ་མོས་ཐོབ་པའི་རྩེད་འགྲན་ཞིག་རེད་ཅིང༌། ཧི་མཱ་ཅལ་མངའ་སྡེའི་དབྱུག་རྩེད་ལྷན་ཚོགས་ཀྱི་ཚོགས་གཙོ་དང་རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཨ་ནུ་ ལགས་ཀྱིས་བརྗོད་པ་ལྟར་ན། ཧི་མཱ་ཅལ་མངའ་སྡེའི་དབྱུག་རྩེད་ལྷན་ཚོགས་ཀྱིས་དྷ་རམ་ས་ལར་ཐེངས་འདིའི་དབྱུག་རྩེད་འགྲན་བསྡུར་ཐེངས་གཉིས་པོ་དེ་མགྲོན་གཉེར་གནང་རྒྱུ་རེད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།