བལ་ཡུལ་བོད་མི་ཞི་རྒོལ་བ་གསུམ་གློད་བཀྲོལ་དགོས་པའི་བཀའ་རྒྱ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ།   ཕྱི་ལོ་༢༠༡༠ལོའི་ཟླ་༣པའི་ཚེས་༢༣ཉིན། རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན།  ད་ལོའི་གསུམ་བཅུའི་དུས་དྲན་ཉིན་བལ་ཡུལ་དུ་རྒྱ་རྒོལ་གྱི་ལས་འགུལ་སྤེལ་རྐྱེན་འཛིན་བཟུང་བཙོན་འཇུག་ཐེབས་པའི་བོད་མི་ཞི་རྒོལ་བ་༢༥ལས་༣་གློད་བཀྲོལ་གཏོང་དགོས་པའི་བཀའ་རྒྱ་སླེབས་ཡོད་འདུག

དེ་ཡང་བལ་ཡུལ་གྱི་ཆེས་མཐོའི་ཁྲིམས་ཁང་གིས་བརྡ་སྦྱོར་ཞིག་སྤེལ་ཡོད་པའི་ནང༌།  བལ་ཡུལ་ཁྲིམས་དཔྱད་པས་བརྟག་དཔྱད་ཞིབ་འཇུག་བྱས་པ་བརྒྱུད།  དམངས་ཀྱི་བདེ་འཇགས་ལ་ཉེན་ཚབས་སྤྲད་པའི་ཉེས་འཛུགས་འོག་འཛིན་བཟུང་བཙོན་འཇུག་བྱས་པའི་བོད་མི་གསུམ་གྱི་ནག་ཉེས་ཁུངས་སྐྱེལ་དག་འབུད་བྱེད་མི་ཐུབ་པས།  བལ་ཡུལ་གཞུང་གིས་ཁོ་ཚོ་མགྱོགས་མྱུར་ངང་གློད་བཀྲོལ་གཏོང་དགོས། ཞེས་བཀའ་རྒྱ་བཏང་ཡོད་འདུག

གསུམ་བཅུའི་དུས་དྲན་ཐེངས་ང་གཅིག་པའི་ཉིན་བལ་ཡུལ་གནས་སྡོད་བོད་མི་སྐྱབས་བཅོལ་བ་༢༥ལྷག་གིས་ཡུལ་དེར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གི་ཕྱིར་བསྐྱོད་ལག་ཁྱེར་ལས་ཁུངས་སུ་མཆོངས་རྒོལ་བྱེད་རྩིས་བྱས་པར། བལ་ཡུལ་ཉེན་རྟོག་དམག་མིས་ཞི་རྒོལ་བ་ཡོངས་དམངས་ཀྱི་བདེ་འཇགས་ལ་ཉེན་ཚབས་སྤྲད་པའི་ཉེས་འཛུགས་འོག་འཛིན་བཟུང་གིས་ཉིན་གྲངས་༩༠རིང་ལ་བཙོན་འཇུག་བཀག་ཉར་བྱ་རྒྱུའི་བཀའ་རྒྱ་བཏང་འདུག

གཞན་ཡང་གསུམ་བཅུའི་དུས་དྲན་རིང་བལ་ཡུལ་ནང་རྒྱ་རྒོལ་གྱི་ལས་འགུལ་འདྲ་མིན་སྤེལ་བར་སྔོན་འགོག་ཡོང་ཆེད། རྒྱ་གཞུང་གིས་བལ་ཡུལ་གཞུང་ལ་མངོན་ལྐོག་གི་གནོན་ཤུགས་གང་མང་སྤྲད་དེ་ྋགོང་ས་མཆོག་གི་བལ་ཡུལ་སྐུ་ཚབ་འཕྲིན་ལས་རྒྱ་མཚོ་ལགས་འཛིན་བཟུང་བྱེད་དུ་བཅུག་ཡོད་པ་མ་ཟད། རྒྱ་གར་ནས་བལ་ཡུལ་ནང་འཛུལ་མཁན་བོད་མི་ཚོའང་བཀག་བསྡོམས་བྱས་ཡོད་འདུག

བལ་ཡུལ་གཞུང་གིས་རྒྱ་ནག་དང་ལྷན་དུ་ཚོང་འབྲེལ་ཡར་རྒྱས་གཏོང་དོན་དུ་བལ་ཡུལ་བོད་མི་སྐྱབས་བཅོལ་བའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་བཏང་དང་གཏོང་གིན་འདུག་ལ། དོན་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་ཁུར་དང་སེམས་འཚུབ་ཆེན་པོ་སྐྱེས་ ཀྱིན་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་གཡང་བྱམས་ཀྱིས་ཕབ་བསྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།