བོད་ནང་དུ་དབང་སྒྱུར་བ་དེ་ཚོའི་འཛུམ་མདངས་མཐོང་མི་ཐུབ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༢༣ཉིན། རྒྱ་གར་གྱི་དུས་བབ་ཅེས་པའི་དྲ་ཚིགས་སུ་གནས་ཚུལ་སྤེལ་གསལ་ལྟར་ན། བོད་མི་རྣམས་བཙན་བྱོལ་དུ་གྱར་ནས་ལོ་ངོ་༥༠ཕྱིན་པའི་དུས་ཚིགས་དེར་ཉེ་ཆར་རེས་གཟའ་ཉི་མ་ཉིན་༧གོང་ས་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་གསུང་བཤད་གནང་བ་དེ་དང་འབྲེལ་བའི་ཐོག་ནས་སྔོན་མ་ཨ་རིའི་གཞུང་ཚབ་ཁང་གི་སྐུ་ཞབས་མོ་ནིང་ཧན་ལགས་ཀྱི་བུ་མོ་མའུ་རལ་ལགས་ཀྱིས། ༼རྒྱ་གར་གྱིས་རང་ཉིད་ཏཱ་ལའི་བླ་མ་ལས་བར་ཐག་རིང་དུ་གཏོང་རྒྱུའི་ཐབས་ཤེས་བྱེད་བཞིན་ཡོད་པ་རེད།༽གནད་དོན་དེ་ནི་རྒྱ་ནག་གཞུང་གིས་དགག་པ་ཇི་ལྟར་རྒྱག་ཐུབ་མིན་ཞིག་མ་ཡིན། ངས་བཤད་པ་དེ་རྒྱ་ནག་གཞུང་ཟེར་བ་ལས་མི་མང་ཟེར་བཞིན་མེད་ཅེས་འཁངས་རའི་ཚུལ་དུ་དེ་ལྟར་འགྲེལ་བརྗོད་བྱས་ཡོད་འདུག

མའུ་རལ་ལགས་ནི་ཁོ་མོ་ནང་པ་ཞིག་ཡིན་འདུག་པ་དང༌། སྔོན་མར་ཨ་རིའི་གཞུང་ཚབ་པ་སྐུ་ཞབས་མོ་ནིང་ཧན་ཐེངས་བཞི་ཨ་རིའི་གྲོས་ཚོགས་གོང་མའི་ཚོགས་མི་དང༌། ནེའུ་ཡོག་ནས་སྤྱི་ལོ་༡༩༧༦ནས་༡༩༩༤བར་ལྡི་ལི་རུ་ཨ་རིའི་གཞུང་ཚབ་པ་བསྐོ་བཞག་བྱས་པ་དེའི་སྐབས་སུ་ཁོ་མོས་སྤྱི་ལོ་༡༩༧༣ནས་བཟུང་སྟེ་༡༩༧༥བར་རྒྱ་གར་དང་ལས་དོན་མཉམ་འབྲེལ་བྱས་ཡོད་འདུག་པ་དང༌། དེ་རྗེས་ཁོ་མོས་ཨ་རིའི་ནེའུ་ཡོག་ཏུ་བརྟེན་གཞི་བྱས་ཡོད་པའི་༼རུའུ་པིན་སྒྱུར་རྩལ་འགྲེམས་སྟོན་ཁང་༽ཞེས་ཧི་མ་ལ་ཡ་དང་དེའི་ཉེར་ཁོར་དུ་ཡོད་པའི་ས་ཁུལ་ཁག་གི་སྒྱུར་རྩལ་རྣམས་འཚོལ་སྒྲུབ་དང་འགྲེམས་སྟོན་བྱེད་ས་ཞིག་ཁོ་མོས་གཙོ་གཉེར་བྱས་ཡོད་འདུག དེང་སང་ཁོ་མོ་ནི་བོད་དོན་ཐོག་སེམས་ཚོར་དྲག་པོ་ཡོད་པའི་༼བོད་རང་བཙན་༽གྱི་ཆེད་དུ་ཁྲིམས་རྩོད་པ་ཞིག་ཀྱང་ཡིན་འདུག

འོན་ཏེ་བོད་མི་ས་ཡ་དྲུག་གི་དབུ་ཁྲིད་ཁོང་གིས་གསུང་བཤད་གནང་སྐབས་ཁོང་གི་དགོངས་པའི་ནང་བོད་ལ་ཆིབས་བསྒྱུར་གནང་རྩིས་མི་འདུག གང་ཡིན་ཞེ་ན། ཕ་ཡུལ་དང་ཁ་བྲལ་ནས་གཞན་ཡུལ་ནང་མི་ལོ་༥༠སྐྱེལ་བའི་བཙན་བྱོལ་བོད་མི་༡༤༥༠༠༠ལྷག་གི་མ་འོངས་བདེ་སྡུག་གིས་ཁོང་རང་ལ་གསོན་ཤུགས་ཤིག་སྤྲད་ཡོད་འདུག་ལ། ཁོང་ཉིད་ཀྱིས་གཟབ་ནན་གྱི་སྤྱན་མདངས་དང་བཅས་ཏེ། འདི་གའི་བོད་རིགས་གཞོན་སྐྱེས་མང་པོ་ཞིག་ནི་བོད་རྣ་ཐོས་བྱུང་བ་ཤ་སྟག་རེད། ཁྱེད་ཅག་གིས་ངེས་པར་དུ་བོད་ཀྱི་བསམ་བློའི་སྙིང་སྟོབས་རྒྱུད་འཛིན་དང༌། བོད་མིའི་རིན་ཐང་དག་དེང་རབས་ཤེས་ཡོན་དང་ལག་རྩལ་དང་གཞི་གཅིག་ཏུ་སྦྲེལ་དགོས། ཞེས་བཀའ་ཕེབས་སོང༌།

ྋགོང་ས་མཆོག་གིས་གཞིས་ལུས་བོད་མི་སྤུན་ཟླ་རྣམས་ཀྱི་ཛ་དྲག་པའི་གནས་བབས་ཐད་འདི་ལྟར་གསུངས་དོན། བོད་ནང་ལ་ཡུལ་སྐོར་སྤྲོ་འཆམ་དུ་འགྲོ་མཁན་ཚོས་བོད་ནང་གི་བོད་མི་ཚོ་གནོད་འཚེ་ཕོགས་མཁན་ལྟར་འཚོ་བབཞིན་མཆིས་ཀྱང༌། ཁོ་ཚོའི་གདོང་འཛུམ་གྱིས་ཁེངས་ཤིང༌། རྒྱ་རིགས་དབང་བསྒྱུར་བ་རྣམས་ཀྱི་གདོང་ལ་འཛུམ་མདངས་དབེན་པ་གསལ་བོར་མཐོང་འདུག ཅེས་བཀའ་བསྩལ་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་དང་གཡང་བྱམས་གཉིས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།