བོད་མིའི་སྐུ་ཚབ་ཀྱིས་རྒྱ་གཞུང་གི་ངན་སྤྱོད་རྒྱལ་ཚོཌ་སུ་སྙན་སེང་ཞུས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ།  ཕྱི་ལོ་༢༠༡༠ལོའི་ཟླ་༣པའི་ཚེས་༡༨ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་བཞུགས་མོལ་ཚོགས་འདུ་ཐེངས་༡༣པ་དེ་སུད་སིའི་གྲོང་ཁྱེར་ཇེ་ནེས་ཝར་ཟླ་འདིའི་ཟླ་འགོ་ནས་བཟུང་ཚོགས་འགོ་ཚུགས་འདུག་ཅིང༌། བསྟན་འཛིན་བསམ་འཕེལ་ལགས་ཀྱིས་ཁ་སང་ཚོགས་ཐོག་ཏུ་༼དཀའ་ཉེན་འོག་གི་མིའི་རིགས་སྤྱི་ཚོགས་༽ཞེས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཚབ་བྱས་ཏེ་བོད་ནང་གི་ཛ་དྲག་པོའི་གནས་སྟངས་སྐོར་སྙན་སེང་ཞུས་ཡོད་འདུག

བསྟན་འཛིན་བསམ་འཕེལ་ལགས་ཀྱིས་ཚོགས་ཐོག་ཏུ། ས་བྱི་ལོའི་ཞི་རྒོལ་རྗེས་རྒྱ་གཞུང་གིས་བོད་མི་ཞི་རྒོལ་བ་༢༢༨ལྷག་དམར་གསོད་དང༌།  ༡༢༩༤ལྷག་རྨས་སྐྱོན། ༤༦༥༧བཙོན་འཇུག་བཀག་ཉར། ༣༧༡ལྷག་ལ་ཁྲིམས་ཆད། གཞན་༩༩༠ལྷག་གར་སོང་ཆ་མེད་ཀྱི་གནས་སུ་སྐྱེལ་ཡོད་པའི་གནས་ཚུལ་ངོ་སྤྲོད་བྱས་འདུག་པ་མ་ཟད། སྔར་ལོའི་ཕྱི་ཟླ་༡༠པའི་ཚེས་༢༠ཉིན་རྒྱ་གཞུང་གིས་ཁྲིམས་མེད་སྒོས་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་༤སྲོག་ཐོག་བཏང་བ་དང༌། བོད་མི་༡༡ལྷག་ལ་ཚེ་བཙོན་གྱི་ཁྲིམས་ཆད་བཅད་པའི་སྐོར་སྙན་སེང་ཞུས་ཡོད་འདུག

ཁོང་གིས་མུ་མཐུད་དུ་རྒྱ་གཞུང་གིས་བོད་ནང་གི་དགོན་སྡེ་ཁག་ནང་རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་སྤེལ་ཏེ་གྲྭ་བཙུན་རྣམས་ཀྱི་བསླབ་པ་སློབ་གཉེར་གྱི་གོ་སྐབས་ལ་གཏོར་བརླག་གིས་ཆོས་ལུགས་དད་མོས་རང་དབང་རྡོག་རོལ་དང༌། དེ་བཞིན་ད་ལོའི་ཕྱི་ཟླ་༣པའི་ཚེས་༤ཉིན་ལྷ་ས་གཙོ་གྱུར་བའི་བོད་ཀྱི་ས་ཁུལ་ཁག་ནང་གཞི་རྒྱ་ཆེ་བའི་རྡུང་རྡེག་ཚ་ནན་གཏོང་བའི་ལས་འགུལ་སྤེལ་ཏེ་གླས་་ཁང་༤༡༡༥དང༌། མགྲོན་ཁང་༧༠། གཞན་ཡང་དྲ་ཁང་དང་སྤྲོ་སྐྱིད་ཁང་སོགས་ཞིབ་བཤེར་བྱས་ཏེ་མི་༤༣༥ལྷག་འཛིན་བཟུང་བྱས་ཡོད་ཚུལ་གསལ་བཀྲོལ་གནང་ཡོད་འདུག

ལྕམ་སྐུ་ཚེ་རིང་བྱམས་པ་ལགས་ཀྱིས་ཧེལ་སིན་ཁིས་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཚབ་བྱས་ཏེ་ཚོགས་ཐོག་ཏུ། པཎ་ཆེན་ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་སོགས་རྒྱ་གཞུང་གི་ཁྲིམས་ལུགས་སྲིད་བྱུས་འོག་གར་སོང་ཆ་མེད་དུ་གྱུར་བའི་གྱོད་དོན་༢༨ལྷག་གླེང་སློང་བྱས་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་གཡང་བྱམས་ཀྱིས་ཕབ་བསྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།