འཇར་མན་གྱི་གྲོས་ཚོགས་འཐུས་མིས་བོད་དོན་ཐོག་གྲོས་སྡུར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ།  ཕྱི་ལོ་༢༠༡༠ལོའི་ཟླ་༣པའི་ཚེས་༡༨ཉིན། ཟླ་འདིའི་ཚེས་༡༦ཉིན་འཇར་མན་ནིང་གི་རྒྱལ་ས་བྷར་ལིན་ནང་བོད་དོན་གླེང་མོལ་ཚོགས་ཆུང་གིས་བོད་དོན་ཚོགས་འདུ་ཐེངས་དང་པོ་དེ་གྲོ་སྒྲིག་ཞུས་ཡོད་འདུག་པ་དང༌། སྐབས་དེར་སྐུ་མགྲོན་དུ་༧གོང་ས་མཆོག་གི་སྐུ་ཚབ་ཚེ་བསྟན་བསམ་འགྲུབ་ལགས་དང༌། གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་བཅས་ཕེབས་ཡོད་འདུག

ཟླ་འདིའི་ཚེས་༡༦རེས་གཟའ་ལྷག་པ་ཉིན་བོད་དོན་གླེང་མོལ་ཚོགས་ཆུང་གིས་གོ་སྒྲིག་བྱས་པའི་བོད་དོན་སྐོར་གྱི་ཚོགས་འདུ་ཐེངས་དང་པོ་དེ་འཇར་མན་ནིང་གི་རྒྱལ་ས་བྷར་ལིན་དུ་གྲོས་ཚོགས་ཀྱི་ཚོགས་ཁང་དུ་འཚོགས་ཡོད་འདུག་པ་དང༌། སྐབས་དེར་སྐུ་མགྲོན་དུ་༧གོང་ས་མཆོག་གི་སྐུ་ཚབ་ཆོས་རྒྱལ་པ་ཚེ་བསྟན་བསམ་འགྲུབ་ལགས་ཕེགས་ཡོད་འདུག་པས་མ་ཚད། གཞན་ཡང་འཇར་མན་ནིང་གི་གྲོས་ཚོགས་འཐུས་མི་༦ཙམ་ཚོགས་འདུ་ཐོག་མཉམ་ཞུགས་གནང་ཡོད་འདུག འོན་ཀྱང་ད་ལྟའི་ཆར་འཇར་མན་ནིང་དུ་དངུལ་རྩིས་སྐོར་གྲོས་ཚོགས་ཚོགས་བཞིན་པའི་དབང་གིས་གྲོས་ཚོགས་ཀྱི་འཐུས་མི་མང་པོ་ཞིག་མཉམ་ཞུགས་མ་ཐུབ་པའི་གནས་ཚུལ་ཡང་བྱུང་ཡོད་འདུག སྐབས་འདིའི་གྲོས་ཚོགས་ཀྱི་འཐུས་མི་དེ་དག་ནི་ན་ནིང་སྤྱི་ཟླ་༩པའི་ནང་འདེམས་ཐོན་བྱུང་བ་ཞིག་ཡིན་འདུག

སྐུ་ཞབས་ཆོས་རྒྱལ་པ་ཚེ་བསྟན་བསམ་འགྲུབ་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་བསྐུར་གནང་བའི་གསུང་འཕྲིན་ཞིག་བོད་དོན་གླེང་མོལ་ཚོགས་ཆུང་གིས་གོ་སྒྲིག་བྱས་པའི་ཚོགས་ཐོག་ཏུ་འགྲེལ་བརྗོད་གནང་ཡོད་འདུག

བོད་དོན་གླེང་མོལ་ཚོགས་ཆུང་ནི་ཤོག་ཁག་གཉིས་ཅན་གྱི་ཚོགས་པ་ཞིག་རེད་ཅིང༌། དེའི་འགན་འཛིན་ཚོགས་གཙོ་བཞི་ནི་འཇར་མན་གྱི་གཞུང་འཛིན་སྲིད་དོན་ཚོགས་པ་གཉིས་ཀྱི་གྲས་སུ་གཏོགས་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།