གྷུལ་གྷལ་དྲ་བ་ཐོག་རྒྱ་ནག་གིས་ཉེན་སྲུང་ཆེད་འཛུགས་བྱས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༡༧ཉིན། ཧྥ་རན་སིའི་རྒྱལ་ས་ཕི་རིས་སིའི་ནང་ཡོད་པའི་གཞུང་འབྲེལ་གྱི་གྷུལ་གྷལ་གསར་ཁང་སོགས་སུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གིས་གྷུལ་གྷལ་དྲ་ཚིགས་ཐོག་ཆབ་སྲིད་ཀྱི་གནད་དོན་ཡོད་པའི་དབྱིན་ཡིག་ནང་༼བོད་རང་བཙན་༽དང་༼གནམ་བདེ་སྒོ་མོ་༽ཞེས་པའི་མིང་ཚིག་དེ་དག་བཀག་འགོག་བྱེད་པའི་ཡོ་ཆས་ཆེད་འཛུགས་བྱས་ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག་ལ། མིང་ཚིག་དེ་དག་གི་ཐོག་ནས་རྒྱ་མི་དྲ་རྒྱ་བེད་སྤྱོད་གཏོང་མཁན་ཚོས་པར་རིས་དང་གནས་ཚུལ་སོགས་གང་ཡང་ལྟ་ཀློག་ཐུབ་ཀྱི་ཡོད་པ་མ་རེད་ཟེར།

འོན་ཀྱང་ཉེ་ཆར་རེས་གཟའ་མིག་དམར་ཉིན་རྒྱ་ནག་གཞུང་གི་ལས་བྱེད་པ་ཚོས་རྒྱ་ནག་ནང་གི་ཚོང་བསྒྱུར་གྱི་ཁྲིམས་ལུགས་ལ་གྷལ་གྷལ་གྱིས་ངེས་པར་དུ་བརྩི་སྲུང་བྱེད་དགོས་པ་རེད་ཅེས་ཉེན་བརྡ་དང༌། ཡང་ཁོང་ཚོས་གལ་སྲིད་རྒྱ་ནག་གིས་གྷུལ་གྷལ་དྲ་ཚིགས་སུ་དེ་ལྟར་བུའི་འགོག་སྲུང་ཡོ་ཆས་འཛུགས་ཡོད་པ་ཡིན་ནའང༌། གྷུལ་གྷལ་དྲ་ཚིགས་ནི་རྒྱ་ནག་ལས་ཕྱི་འཐེན་བྱས་ཟིན་པ་རེད་ཅེས་ལན་འདེབས་ཡང་བྱས་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།