སུད་སིའི་གཞུང་འབྲེལ་མི་སྣ་༧གོང་ས་མཆོག་དང་མཇལ་རྒྱུ་མིན་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༡༧ཉིན། བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ྋགོང་ས་ཏཱ་ལའི་བླ་མ་མཆོག་ཟླ་རྗེས་མར་སུད་སི་ནང་ཆིབས་བསྒྱུར་མཛད་འཕྲིན་བསྐྱང་རྒྱུ་རེད་ཅིང༌། སྐབས་དེར་སུད་སིའི་དབུས་གཞུང་འཛིན་ལྷན་ཁང་གི་མི་སྣ་དག་གིས་མགོན་པོ་གང་ཉིད་དང་མཇལ་འཕྲད་གནང་རྒྱུ་མིན་ཚུལ་སྔ་ས་ནས་ཐག་བཅད་ཡོད་འདུག

ཟླ་འདིའི་ཚེས་༡༦ཉིན་སུད་སི་བོད་ཀྱི་མཛའ་མཐུན་ཚོགས་པས་སུད་སིའི་དབུས་གཞུང་ལྷན་ཁང་གི་ཐག་གཅོད་ལ་སྐྱོན་བརྗོད་བྱས་འདུག་ལ། སུད་སི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་ཀྱང་སུད་སི་སྲིད་གཞུང་གི་བྱེད་སྟངས་ལ་བློ་ཕམ་བྱུང་ལུགས་བརྗོད་ཡོད་འདུག

སུད་སིའི་ཕྱི་འབྲེལ་བློན་ཆེན་མའེ་ཁུ་ལིན་ཁེལ་མིས་རེས་ཁ་སང༌། ྋགོང་ས་ཏཱ་ལའི་བླ་མ་ཟླ་རྗེས་མའི་ནང་སུད་སིར་ཕེབས་སྐབས་སུད་སིའི་དབུས་གཞུང་འཛིན་ལྷན་ཁང་གི་མི་སྣ་སུ་གཅིག་ཀྱང་ལས་འཆར་དུས་ཚིགས་ཀྱི་དབང་གིས་ཁོང་དང་མཇལ་རྒྱུ་མིན། ཞེས་གསལ་ཁྱབ་ཅིག་སྤེལ་ཡོད་འདུག

དེ་ཡང་སུད་སིའི་གྲོགས་ཚོགས་སུ་མའེ་ཁུ་ལིན་ཁེལ་མིས་རེས། ྋགོང་ས་ཏཱ་ལའི་བླ་མ་དང་མཇལ་འཕྲད་བྱས་ཚེ་རྒྱ་གཞུང་གིས་བྱ་སྟངས་དེ་ང་ཚོས་བོད་མིའི་ཁ་བྲལ་རིང་ལུགས་ལ་སྐུལ་འདུད་བྱེད་ཀྱིན་པར་འཁྲུལ་སྲིད། སུད་སི་ནང་རྟེན་གནས་བྱས་ཡོད་པའི་བོད་མི་རྣམས་ཀྱིས་ཡུལ་འདིར་སུད་སི་བོད་རིགས་མཐུན་ཚོགས་ཚུགས་ནས་ལོ་༥༠འཁོར་བའི་དུས་དྲན་འགངས་ཆེན་དུ་བརྩི་གིན་ཡོད་པ་སུད་སིའི་དབུས་གཞུང་འཛིན་ལྷན་ཁང་གིས་ཧ་གོ་མོད། ཡིད་སྐྱོ་བ་ཞིག་ལ་མངའ་སྡེ་གཞུང་གི་འབྲེལ་ཡོད་མི་སྣ་སུ་གཅིག་ཀྱང་དུས་དྲན་མཛད་སྒོའི་ཐོག་ཞུགས་རྒྱུ་མིན། ཞེས་བརྗོད་ཡོད་འདུག

སྲིད་དོན་ཉམས་ཞིབ་པས་བརྗོད་པ་ལྟར་ན། རྒྱ་ནག་དེ་སུད་སིའི་ཚོང་གྲོགས་གལ་ཆེན་གྲས་ཀྱི་གཅིག་ཆགས་ཡོད་སྟབས། རྒྱ་ནག་གི་རྣམ་འགྱུར་དང་སྣང་ཚུལ་ལ་ཞེ་སྣང་སྐྱེས་ཀྱིན་ཡོད་པ་རེད་འདུག

ྋགོང་ས་མཆོག་ཟླ་རྗེས་མའི་༩ནས་༡༡བར་སུད་སིར་ཚོགས་གཏན་ཁེལ་བའི་སེམས་དང་སྲོག་གི་ཚན་རིག་ཚོགས་འདུ་ཐེངས་ཉི་ཤུ་པའི་ཐོག་ཆིབས་བསྒྱུར་བསྐྱང་སྟེ་དེང་དུས་ཀྱི་དཔལ་འབྱོར་རིག་པའི་ཁྲོད་བྱམས་སྙིང་རྗེ་དང་གཞན་ཕན་གྱི་བསམ་བློ་དགོས་སྐོར་དཔལ་འབྱོར་རིག་པ་བ་དང༌། དབང་རྩའི་ཚན་རིག་པ། སྒོམ་གྱི་ཚན་རིག་པ་བཅས་དང་ལྷན་དུ་བགྲོ་གླེང་གནང་རྒྱུ་རེད་ཅིང༌། ཚེས་༡༡ཉིན་ཡུལ་དེ་གའི་སེམས་དང་སྲོག་གི་ཚན་རིག་ཚོགས་སྡེས་གོ་སྒྲིག་ཞུས་པ་བཞིན་ཁུལ་དེའི་མི་དམངས་ལ་འཇིག་རྟེན་ཀུན་ཁྱབ་ཀྱི་འགན་ཁུར་ཞེས་པའི་བརྗོད་གཞི་དང༌། དཔལ་འབྱོར་རིག་པའི་སྐོར་ལ་བཀའ་སློབ་སྩལ་རྒྱུ་རེད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་གཡང་བྱམས་ཀྱིས་ཕབ་བསྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༡༧༢༠༡༠༡༥༥༥
གངས་དཀར་སེམས།
སུད་སི་ནི་དམངས་གཙོ་དང་རང་དབང་གི་ནུབ་ཕྱོགས་རྒྱལ་ཁབ་ཅིག་ཡིན་པའི་ཁུལ་རེད། ད་ལྟོས་དང༌། འཇིག་རྟེན་འདིར་རང་ཕྱོགས་ཀྱི་ཁེ་ཕན་ལ་གནོད་པ་ཅུང་ཙམ་བྱུང་ཚེ། དྲང་བདེན་དང་བདེན་དོན་རྒྱལ་སྐྱོར་ཟེར་བ་སོགས་ནི་རྒྱལ་སྤྱིའི་ཁག་ནས་བརྩི་སྲུང་དགོས་ངེས་ཀྱི་བཟང་པོའི་ཀུན་སྤྱོད་དག་ཀྱང་དབང་འཛིན་པ་ཚོས་རྡོག་རོལ་གཏོང་ཀྱང་བྱེད་ཀྱི་འདུག

བོད་མིའི་བདེན་དོན་ལ་སྣང་མེད་སྐྱུར་བ་འདི་གཅིག་པུར་གྱིས་ག་ལ་ཚད། ཉེ་དུས་སྐུའི་གཅུང་མོ་རྗེ་བཙུན་པདྨ་ཐའེ་ལན་ཀྲིའི་རྒྱལ་ཁབ་དུ་འཚམས་འདྲིར་གནང་རྩིས་ཡོད་པ་དེ་ལའང་རྒྱལ་ཁོངས་འབྲེལ་ཡོད་ནས་རྒྱ་ནག་གི་དྲག་ཤུགས་ལ་ངོ་དགའ་འཁྲབ་ཕྱིར་བཀག་འགོག་བྱས་འདུག

ད་ནི་བོད་མི་ཡོདདོག་ཅོག་གིས་རང་ཕྱོགས་ཀྱི་ནུས་སྟོབས་གསོ་སྐྱོང་དགོས་པའི་གནད་དོན་ལ་ངེས་ཤེས་རྙེད་དེ་ཕྱོགས་གང་ས་ནས་འབད་པ་ལྷོད་མེད་དགོས་པ་ལས། རྣམ་གཡེང་གིས་ས་མཐའ་ཡུལ་དུ་མི་ཚེ་ཕུད་འདེད་བྱེད་ན་ནི་གྱོང་རྒུད་རང་ཕྱོགས་ལ་རག་རྒྱུ་ལས་ཅི་ཞིག་ཡོད།



བརྗོད་གཞི་གཞན་ཁག་ལ་གཟིགས།