དགོངས་ཚུལ།

འཇར་མན་དུ་གསུམ་བཅུའི་དུས་དྲན་སྲུང་བརྩི་བྱས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༡༧ཉིན། ཕྱི་ཟླ་༣ཚེས་༩ཉིན་གྱི་ཞོགས་པར་ཆུ་ཚོད་༡༡ཐོག་འཇར་མན་དབུས་གྲོང་ཁྱེར་འཇར་འཁོད་བོད་རིགས་ཚོགས་པས་གཙོ་ཁྲིད་བྱས་པའི་གསུམ་བཅུའི་དུས་དྲན་སྲུང་བརྩི་འགོ་འཛུགས་བྱེད་པར། ཐོག་མར་༢༤ཞི་བའི་ངོ་རྒོལ་འགོ་འཛུགས་བྱས་པ་དང༌། ཞི་རྒོལ་གྱི་རྣམ་པ་ནི་ལངས་འདུག་ཅི་རིགས་ཀྱིས་གཙོ་བོ་མི་ཚོས་ཞི་སེམས་ཀྱིས་ཀུན་ནས་བསླངས་པའི་གསོལ་འདེབས་དང༌། བོད་དོན་བདེན་པའི་གནས་ཚུལ་བརྒྱུད་བསྒྲགས་བྱེད་པ། དེ་བཞིན་པར་རིགས་འགྲེམས་སྟོན་དང་རྒྱལ་དར་སྒྲེང་འཛུགས་བྱེད་པ་སོགས་ཀྱིས་གསུམ་བཅུའི་དུས་དྲན་ཉིན་དང་པོ་གྲུབ་པ་དང༌། ཉིན་གཉིས་པ་ཚེས་༡༠ཞོགས་པ་ཆུ་ཚོད་༡༡ཐོག་བོད་མི་༧༠དང་འཇར་མན་གྲོགས་པོ་བཅུ་གྲངས་བཅས་བསྡོམས་པས་མི་གྲངས་༡༠༠ཙམ་གྱིས།་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་སྟེ་མི་ཚོགས་ལང་ལོང་དུ་གཡོ་བཞིན་པའི་མི་ཚོགས་ལ་བོད་ཀྱི་གསུམ་པའི་ཚེས་བཅུའི་དོན་རྐྱེན་གསལ་བསྒྲགས་བྱས་པ་དང་ཆབས་ཅིག་མདུན་རྒྱབ་ལྟ་རྟོགས་དང་བདེ་འཇགས་འགན་ལེན་བྱེད་པོའི་སྤྱི་བདེ་མི་སྣའི་རོགས་སྐྱོར་འོག་གྲོང་ཁྱེར་གྱི་གཞི་ལམ་ཆེ་ས་དང་རིང་ས་བརྒྱུད་ནས་བོད་དོན་སྐད་འབོད་ཤུགས་ཆེར་བྱས་པ་མ་ཟད། རྒྱ་ནག་གཞུང་ཚབ་ཡན་ལག་མདུན་དུ་སླེབས་པ་དང་སྐད་འབོད་ཀྱི་ངར་ཤུགས་ཆེ་ཆེར་སོང་ཞིང༌། མི་རེ་ཟུང་བཀག་ནའང་མི་ཁོག་པར་སྐྱོ་སེམས་ཀྱི་རྣམ་པས་འདི་ལྟ་བོད་ཀྱི་བདག་པོ་བོད་མི་ཡིན། རྒྱ་དམར་བོད་ནས་མཐར་སྤྲོད་ཐོངས། ཞེས་སྐད་འབོད་བྱས་པ་དང༌། དེ་ནས་ཆུ་ཚོད་གཅིག་ཙམ་རྗེས་བོད་རིགས་ཚོགས་པས་༧གོང་ས་མཆོག་གི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་ཀློག་འདོན་བྱས།

མཐར་ལང་ཤོགས་སྐད་གསེང་མཐོན་པོས་བཏང་སྟེ་གནམ་ས་བོད་དོན་སྐད་འབོད་ཀྱིས་ལྡུར་ལྡུར་བྱས་པ་ལྟ་བུ་བྱུང༌། ཉིན་རྒྱབ་ཆུ་ཚོད་༤ཐོག་གྲོང་སྡེ་ལས་ཁུངས་ཀྱིས་ལོ་རེར་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱས་དང་བྱེད་བཞིན་པ་ལྟར། ས་ཁུལ་དེར་མི་གྲངས་བརྒྱ་ཕྲག་ལྷག་ལ་བོད་རིགས་ཚོགས་པས་གསུམ་དུས་ཀྱི་གཏམ་བཤད་བྱས། སྐབས་དེར་འཇར་འཁོད་བོད་རིགས་ཚོགས་པས་ཚོགས་གཙོ་ཧོར་གཙང་ལེགས་བཤད་ཀྱིས། དཔེར་ན་རྒྱ་དམར་གྱིས་བོད་དོན་སྲིད་བྱུས་ཐད་མཛུབ་སྟོན་བྱས་པར། ༼བོད་ཀྱི་སྲོལ་རྒྱུན་རིག་གཞུང་དང་ཆོས་ལུགས་ཀྱི་བྱེད་སྒོ་འགངས་ཆེན་མང་པོ་ཞིག་བཅོས་བསྒྱུར་ལས་རིམ་ཁྲོད་དེད་ཅིང༌། ཐ་ན་ཆོས་སྤྱོད་དང་དགེ་སྒྲུབ་གནང་སའི་དགོན་པ་ཞིག་ཡིན་ནའང་ཆོས་ལུགས་མི་གཙོ་བར། དམར་པོའི་རིང་ལུགས་གཙོ་འདོན་དང་དེར་དགའ་ཞེན་བྱས་ཏེ། སྐར་ལྔའི་དར་མམར་ནི་དགོན་པའི་གསེར་ཏོག་ལས་ཀྱང་མཐོ་བར་འཕྱར་བཅུག་པ་རེད།༽ ཞེས་དང་ཡར་རྒྱལ་སྤྱིའི་བོད་དོན་ཐད་བློ་ཁ་མ་ཁེངས་པའི་སྐྱོན་བརྗོད་བྱས་པར།༼སླར་ཡང་མདོར་བསྡུས་ནས་བཤད་ན། རྒྱལ་སྤྱིའི་བདེ་འཇགས་དང་འགྲོ་བ་མིའི་ཐོབ་ཐང་ལ་དམིགས་བསལ་འགན་ལེན་ཡོད་པའི་ཡོ་རོབ་མཉམ་འབྲེལ་སྲིད་གཞུང་དང༌། ཁྱད་པར་རྒྱ་ནག་དང་དཔལ་འབྱོར་མཉམ་འབྲེལ་བྱེད་མཁན་འཇར་མན་སྲིད་གཞུང་གིས། ཕུག་རྒྱང་རིང་པོའི་ཐུགས་ཞིབ་གནང་སྟེ་ཚོང་དོན་ཨང་གཉིས་པ་དང་འགྲོ་བ་མིའི་ཐོབ་ཐང་ཨང་དང་པོར་མ་བཞག་ཚེ། ནུབ་ཕྱོགས་སྟོབས་ལྡན་རྒྱལ་ཁབ་ཚོ་དཔལ་འབྱོར་སྟོབས་ལྡན་ཡིན་པ་ལས། རང་གི་མང་གཙོའི་ཁེ་དབང་དང་དེའི་རིན་ཐང་དེ་གཞན་ལ་ཕན་མེད་གནོད་འགལ་དུ་འགྱུར་སྲིད་ལ། རྒྱལ་ཁབ་དེ་དག་གིས་རྒྱ་ནག་ལྟ་བུའི་དབང་ཆ་སྒེར་གཅོད་བྱེད་མཁན་གྱི་སྲིད་གཞུང་དང་མཉམ་དུ་དཔལ་འབྱོར་མཉམ་ལས་གནང་བ་དེས། ཡུལ་དེའི་ནང་ཐོབ་ཐང་འདྲ་མཉམ་མེད་ཅིང་ཉེས་མེད་མི་སེར་མང་པོའི་རང་དབང་ལ་མུ་མཐུད་བརྩི་མེད་རྡོག་རོལ་གཏོང་བའི་བྱ་སྤྱོད་ནི་དེ་བས་ཀྱང་ཉེན་ཚབས་ཇེ་ཆེར་འགྲོ་གཞིར་འགྱུར་ཉེན་ཆེ་བས་བྱེད་སྟངས་དེ་དྲང་བདེན་དང་རང་དབང་རྩོད་ལེན་གནང་མཁན་གྱི་མི་དེ་ཚོ་ནི་སེམས་གཏིང་ནས་བློ་ཕམ་སྐྱེ་དགོས་པ་ཞིག་ཏུ་འགྱུར་སྲིད། ད་དུང་རང་སྟེང་ནས་བཤད་ན། ཨ་རིའི་གཙོས་ནུབ་ཕྱོགས་མནའ་མཐུན་རྒྱལ་ཁབ་འདི་ཚོའི་རྒྱུ་ཤུགས་དང་བློ་འགུགས་ཧུར་བརྩོན་ཆེན་པོའི་རང་བཞིན་ཅན་གྱི་བྱེད་སྟངས་དེ། ཁ་ཆེའི་རྒྱལ་ཁབ་རེ་ཟུང་ཁོ་ནའི་ཐོག་མ་བཟུང་བར། གཞི་རྩའི་སྤྱི་མཉམ་འགྲོ་བ་མིའི་ཐོབ་ཐང་དང༌། ཁྱད་པར་གཞན་གྱི་བཙན་འཛུལ་མྱོང་བཞིན་པའི་གྲངས་ཉུང་མི་རིགས་རྣམས་ཀྱི་བདེ་སྡུག་ལ་ཕན་ནུས་ངེས་ཅན་ཞིག་འདོན་ཐུབ་ཚེ། ཡ་ང་བའི་འགྲོ་བ་མིའི་ཐོབ་ཐང་གི་གནས་ཚུལ་མང་པོ་ཞིག་ལ་བཟང་ཕྱོགས་ནས་འགྱུར་བ་ཕྱིན་ཏེ། འཛམ་གླིང་ཐོག་གི་རྒྱ་ཆེའི་སྤྱི་འབངས་ཀྱི་ཐོབ་ཐང་དང་མང་གཙོའི་ཁེ་དབང་གི་མངོན་འགྱུར་ཡོང་བར་གོམ་གང་མདུན་སྤོས་ཀྱི་ཡར་རྒྱས་འགྲོ་ཐུབ་རྒྱུ་ཡིན་པར་ཁ་ཚོམ་བཅད་ནས་བཤད་ཐུབ་པ་ཞིག་རེད། དེས་ན་གནས་ཡུལ་རྒྱལ་ཁབ་རྗར་མན་གཞུང་གིས་མཚོན། ལོ་རྒྱུ་ནང་གཞན་གྱི་མནའ་གནོན་དང་བཙན་འཛུལ་གྱི་དཀའ་ངལ་མྱངས་མྱོང་བའི་རྒྱལ་ཁབ་ཚང་མས། འཛམ་གླིང་སྤྱི་ཡོངས་སུ་མང་གཙོ་དར་སྤེལ་དང་རང་དབང་གོང་འཐོར་གཏོང་བར་ཕྱག་ལས་ངེས་ཅན་གནང་འོས་པ་མ་ཟད། ལྷག་པར་ཁ་ཞེ་གཉིས་མེད་ཀྱིས་བོད་དོན་ལ་གྲུབ་འབྲས་ཐོིན་པའི་རྒྱལ་སྐྱོར་གནང་རོགས་ཞུ་རྒྱུ་དང་དམིགས་བསལ་ཁ་ནང་ལ་མཆི་བ་མེད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤོག་བུའི་སྟག་དེ། སྔར་བཞིན་རྒྱ་ནག་གི་སྒོ་སྲུང་གནང་ནས་མི་བཞུགས་པར། བོད་དོན་གྱིས་མཚོན་པས་འཛམ་གླིང་ཐོག་དཀའ་རྙོག་སྣ་མང་འཕྲད་བཞིན་པའི་འདི་རིགས། ད་ལོའམ་དེ་རིང་གི་དུས་སུ་ཆ་རྐྱེན་ཅི་མང་མེད་པར་དྲང་སྙོམ་གྱི་ཐག་གཅོད་ཡོང་བར། ང་ཚོ་བོད་མི་ས་ཡ་དྲུག་གིས་རེ་སྐུལ་ནན་ཏན་ཞུ་བཞིན་ཡོད།༽ ད་དུང་འཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པ་དང༌། བོད་རང་དབང་སློབ་ཕྲུག་ཚོགས་པས་འགོ་འཛིན་གྱིས་གཏམ་བཤད་དང་་དགུང་དྲོ་ཆུ་ཚོད་༦ཐོག་གསུམ་བཅུའི་དུས་དྲན་སྲུང་བརྩིའི་མཇུག་སྒྲིལ།
འཇར་མན་བོད་རིགས་ཚོགས་པས་གནས་ཚུལ་མཁོ་སྒྲུབ་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།