དགོངས་ཚུལ།

ཐའེ་ཝན་དུ་གསུམ་བཅུའི་དུས་དྲན་རྗེས་དྲན་གྱི་གོམ་བགྲོད་ལས་འགུལ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༡༥ཉིན། ཁ་སང་ཉིན་གུང་བོད་དོན་རྒྱབ་སྐྱོར་བ་༡༢༠༠ལྷག་གིས་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེའི་ཀྲང་ཞའོ་ཕུའུ་ཞིན་ས་འོག་མེ་འཁོར་འབབ་ཚུགས་ནས་ཡུལ་སྐོར་སྤྲོ་འཆམ་ལྟེ་གནས་ཐའེ་པེའི་ཁང་བརྩེགས་༡༠༡བར་གོམ་བགྲོད་ཀྱིས་ངོ་རྒོལ་སྐད་འབོད་བྱས་ཏེ་གསུམ་བཅུ་དུས་དྲན་ཐེངས་ང་གཅིག་པ་དང༌། ས་བྱི་ལའི་འོས་རྒོལ་ལངས་ནས་ལོ་གཉིས་འཁོར་བའི་དུས་དྲན་སྲུང་བརྩི་བྱས་ཡོད་འདུག

གོམ་བགྲོད་ནང་མཉམ་ཞུགས་གནང་མཁན་ཐའེ་ཝན་མི་མང་དང༌། བོད་རིགས། དེ་མིན་རྒྱ་རིགས་སོགས་ཀྱིས་གཙོས་པའི་མི་རིགས་དྲུག་ལྷག་ཚུད་ཅིང༌། ཁ་ཚོས་ལག་ཏུ་༼བོད་ལ་རང་ཐག་རང་གཅོད་བྱེད་དབང་དགོས༽། ༼བོད་ནང་གི་རིག་གཞུང་རྩ་གཏོར་མཚམས་ཞོག༽། ༼བོད་ནང་གི་དམར་གསོད་མཚམས་ཞོག༽་སོགས་བྲིས་པའི་འཕྲེད་དར་འཁྱེར་འདུག་པ་མ་ཟད། ཁ་ནས་༼མཉམ་འབྲེལ་རྒྱལ་ཚོགས། ང་ཚོར་དྲང་བདེན་དགོས༽། ༼ཧའོ་ཅིན་ཐའོ། མི་གསོད་གཤེད་མ་རེད༽་ཅེས་པའི་སྐད་འབོད་བརྒྱབ་ཡོད་འདུག

ཐེངས་འདིའི་གོམ་བགྲོད་ལས་འགུལ་འདི་བཀོད་སྒྲིག་བྱེད་མཁན་ཐའེ་ཝན་བོད་ཀྱི་གྲོགས་པོ་ཚོགས་པའི་ཚོགས་གཙོ་ཀྲུག་མེ་ལིས་ལགས་ཀྱིས་བརྗོད་དོན། ང་ཚོ་འདིར་འཛོམས་དོན་ནི་ཕྱི་ལོ་༡༩༥༩ལོའི་ཟླ་༣པའི་ཚེས་༡༠ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་༡༠༠༠༠༠ལྷག་གིས་རྒྱའི་བཙན་གནོན་དབང་བསྒྱུར་ལ་མ་བཟོད་དེ་ངོ་རྒོལ་བྱས་པར་རྒྱ་དམག་གིས་ཡ་ང་སྡུག་རྩུབ་ལྡན་པའི་སྒོ་ནས་དྲག་གནོན་བྱས་པ་རྗེས་དྲན་ཞུ་ཆེད་ཡིན། ཞེས་དང༌། ང་ཚོས་བོད་ཕྱི་ནང་གཉིས་སུ་རང་དབང་འཐབ་རྩོད་གནང་མཁན་ཚོར་ཐའེ་ཝན་མི་མང་གིས་ཁོ་ཚོར་རྒྱབ་སྐྱོར་གནང་གིན་ཡོད་པ་ཤེས་སུ་འཇུག་འདོད། ཞེས་བརྗོད་ཡོད་འདུག

ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དང༌། ཐའེ་ཝན་བོད་ས་གནས་གཞོན་ནུ་ལྷན་ཚོགས། ཐའེ་ཝན་ལྗང་གུ་ཚོགས་པ། དེ་བཞིན་ཐའེ་ཝན་རྒན་འཛིན་ཡི་ཤུའི་ལྷ་ཁང་སོགས་ཀྱིས་ཐེངས་འདིའི་ལས་འགུལ་ལ་རོགས་འདེགས་གནང་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་གཡང་བྱམས་ཀྱིས་ཕབ་བསྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།