ྋགོང་ས་མཆོག་གིས་ཅེག་སྤྟི་མཐུན་རྒྱལ་ཁབ་ཀྱི་སྲིད་བློན་དང་མཇལ་འཕྲད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

 ཤམ་བྷ་ལའི་ཕོ་ཉའི་དྲ་བས་ཟླ་༡༢ཚེས་༢ཉིན་སྤེལ། བོད་མིའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་སྔ་དྲོ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བློན་མིའི་རེཀ་ཀྲོ་པོ་ལ་ནེཀ་མཆོག་དང་ལྷན་དུ་སྲིད་བློན་མཆོག་གི་ཕོ་བྲང་ནང་མཇལ་འཛོམས་གནང་ཐོག་དུས་ཡུན་ཕྱག་ཚོད་གཅིག་ལྷག་གི་རིང་ཕན་ཚུན་བཀའ་མོལ་གནང་ཡོད་པ་རེད། དབུ་ཁྲིད་རྣམ་གཉིས་དབར་གནད་དོན་སྣ་ཚོགས་ཐོག་བཀའ་མོལ་གནང་བའི་ཁོངས་སུ་ད་ལྟའི་བོད་ནང་གི་གནས་སྟངས་ཐད་ྋགོང་ས་མཆོག་གིས་ཞིབ་ཕྲའི་གནས་ཚུལ་ངོ་སྤྲོད་གནང་ཡོད་པ་དང༌། ཅེག་སྤྱི་མཐུན་གྱི་སྲིད་བློན་མཆོག་དང་ལྷན་མཇལ་མ་གནང་གོང་དེར་ྋགོང་ས་མཆོག་གིས་ཡུལ་དེའི་མི་མང་སུམ་སྟོང་བརྒལ་བར་བྱམས་བརྩེ་ནི་བདེ་སྐྱིད་ཀྱི་གཞི་རྩ་ཞེས་པའི་གླེང་གཞིའི་ཐོག་ལ་བཀའ་སློབ་སྩལ་གནང་མཛད་ཡོད་པ་རེད། བཀའ་སློབ་ཀྱི་སྙིང་དོན་དུ་བྱམས་བརྩེ་དང་སེམས་ཆུང་འདོད་ཕྱོགས་དང་བྲལ་བའི་གཞན་ཕན་གྱི་ཀུན་སློང་བཟང་པོ་སོ་སོའི་རང་རྒྱུད་ལ་འཇགས་པ་བྱ་རྒྱུ་ནི་ནང་སེམས་ཀྱི་བདེ་སྐྱིད་འབྱུང་སའི་ཐབས་ལམ་གལ་ཆེ་ཅན་ཞིག་རེད་ཅེས་དང་གཞན་ཕན་དང་བྱམས་བརྩེའི་ཀུན་སློང་གིས་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་ཐེ་བས་འཛམ་གླིང་ནང་གི་དཀའ་རྙོགས་སྣ་ཚོགས་སེལ་ཐབས་ལའང་ལས་འགན་ཆེན་པོ་གྲུབ་ཐུབ་ཀྱི་རེད་ཅེས་དེར་འདུས་པའི་མི་མང་ཚོར་ྋགོང་ས་མཆོག་གིས་བཀའ་སྩལ་ཡོད་པ་རེད།

02december20084འཛམ་གླིང་གི་ཁྱོན་ལ་སྙན་གྲགས་ལྡན་པའི་སུད་སིའི་དཔར་པ་མིའི་ཤེལ་ཁོམ་ཀྲི་ཡིས་དེ་རིང་ྋགོང་ས་མཆོག་མཇལ་འཕྲད་ཞུས་པ་དང་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་གཞུང་སྨན་རྩིས་ཁང་གི་སྐར་དཔྱད་རྩིས་རིག་སྡེ་ཚན་གྱིས་རྡ་རམ་ས་ལའི་ཉེ་འཁྲིས་སུ་གསོ་རིག་དང་རྩིས་རིག་སློབ་གཉེར་ཁང་ཞིག་གསར་འཛུགས་བྱ་རྒྱུའི་ལས་འཆར་ལ་ཁོང་གི་ངོས་ནས་མཐུན་འགྱུར་རོགས་རམ་ཇི་འདྲ་ཞུ་ཐུབ་ཐབས་སྐོར་སྙན་སེང་ཞུས་ཡོད་པ་རེད།

སྐབས་དེར་ཧང་ག་རི་དང་ཨོ་སི་ཏྲི་ཡ་སོགས་ནང་གནས་བཞིན་པའི་བོད་མི་ཚོ་དང་རྒྱལ་ཁབ་དེ་དག་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཁག་གིས་ྋགོང་ས་མཆོག་མཇལ་འཕྲད་ཞུས་ཡོད་པ་དང་བོད་དོན་རྒྱབ་སྐྱོར་བ་ཚོས་བོད་ཀྱི་རྩ་དོན་ལ་ཕན་པའི་རྒྱབ་སྐྱོར་གནང་བར་ྋགོང་ས་མཆོག་གིས་ཐུགས་རྗེ་ཆེ་ཞེས་གསུངས་ཡོད་པ་རེད།

བོད་ཀྱི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ཉིས་སྟོང་དགུ་ལོའི་ནང་ཐའེ་ལྦན་དུ་ཆིབས་བསྒྱུར་བསྐྱངས་ཐུབ་པའི་ཐུགས་རེ་གནང་གི་ཡོད་པ་བཙན་བྱོལ་བོད་མི་མང་སྤྱི་འཐུས་མཁས་གྲུབ་དོན་གྲུབ་ལགས་ཀྱིས་གཟའ་ཟླ་བའི་ཉིན་རོའུ་ཀྲར་གསར་འགྱུར་བརྒྱུད་ལམ་ལ་འགྲེལ་བརྗོད་གནང་ཡོད་པ་རེད།

ྋགོང་ས་མཆོག་གི་སྐུའི་གཅེན་པོ་སྐུ་ངོ་རྒྱལ་ལོ་དོན་གྲུབ་ལགས་ཀྱི་སྲས་བོད་མི་མང་སྤྱི་འཐུས་མཁས་གྲུབ་དོན་གྲུབ་ལགས་ཀྱིས་གསུངས་པར་གཞིགས་ན་ཐའེ་ལྦན་ནང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་གྲོགས་པོ་མང་པོ་ཞིག་ཡོད་པ་དང་ཁོང་རྣམ་པས་ྋགོང་ས་མཆོག་མཇལ་འདོད་ཆེན་པོ་གནང་གི་ཡོད་པར་བརྟེན་ྋགོང་ས་མཆོག་ནས་གྲོགས་པོ་ཚོ་མཇལ་རྒྱུའི་ཐུགས་རེ་གནང་གི་ཡོད་པ་དང་ཁོང་རང་སྒེར་གྱི་དགོངས་པར་ྋགོང་ས་མཆོག་ཐའེ་ལྦན་ནང་ཆིབས་བསྒྱུར་བསྐྱངས་རྒྱུར་རྒྱ་ནག་གཞུང་ཕུད་པའི་དེ་མིན་གྱི་འབྲེལ་ཡོད་ཚང་མས་དགག་བྱ་གང་ཡང་མེད་པའི་རེ་བ་གནང་གི་ཡོད་ཅིང་ཐའེ་ལྦན་གཞུང་གིས་ྋགོང་ས་མཆོག་ཐའེ་ལྦན་ནང་ཆིབས་བསྒྱུར་བསྐྱང་རྒྱུར་ཐོངས་མཆན་འབུལ་རྒྱུའི་ཐོག་རྒྱ་ནག་དང་ཐའེ་ལྦན་དབར་གྱི་འབྲེལ་ལམ་དེང་སྐབས་སྲིད་འཛིན་མའ་དབྱིང་ཇའུ་ཡིས་དབུ་ཁྲིད་འོག་ཡར་རྒྱས་འགྲོ་བཞིན་པ་དེར་ངོས་ལེན་བྱེད་དགོས་པ་ཞིག་ཆགས་རྒྱུ་ཡིན་ལུགས་གསུངས་ཡོད་པ་དང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་༡༩༩༧ལོ་དང་ཕྱི་ལོ་༢༠༠༢ལོ་སོ་སོར་ཐའེ་ལྦན་ནང་ཆིབས་བསྒྱུར་བསྐྱངས་ནས་ཆོས་ལུགས་ཀྱི་མཛད་འཕྲིན་བསྐྱངས་ཡོད་པ་དང་ཡིན་ནའང་དེང་སྐབས་རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་དཔོན་རིགས་ཚོས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་རྒྱུར་ཡང་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་ཡིན་པ་མ་ཟད་ཐའེ་ལྦན་གྱི་གནད་དོན་དེ་རྒྱ་ནག་ལ་ག་དུས་ཡིན་ནའི་ཚོར་བ་རྣོ་བའི་གནད་དོན་ཞིག་ཡིན་པར་བརྟེན་ྋགོང་ས་མཆོག་ཐའེ་ལྦན་དུ་ཆིབས་བསྒྱུར་བསྐྱངས་རྒྱུར་རྒྱ་ནག་གཞུང་གིས་སྐྱོན་བརྗོད་ཤུགས་ཆེ་བྱེད་ཀྱི་ཡོད་པ་དང་འབྲེལ་ཐའེ་ལྦན་ཐོག་རྒྱུན་དུ་ནས་གནོན་ཤུགས་སྤྲོད་མུས་ཡིན་པ་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།