རྒྱ་གཞུང་གིས་ལྕམ་ནེན་སིས་པེ་ལོ་སི་མཆོག་ལ་སྐྱོན་བརྗོད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ལོའི་ཟླ་༣པའི་ཚེས་༡༥ཉིན། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སིས་པེ་ལོ་སི་མཆོག་གིས་གསུམ་བཅུའི་དུས་དྲན་ཐེངས་ང་གཅིག་པའི་ཉིན་མོ་དང་སྟབས་བསྟུན་ཏེ་རང་དབང་ཆེད་གཅེས་སྲོག་བློས་གཏོང་མཁན་བོད་རིགས་མི་མང་གི་དཔའ་ངར་དང༌། དེ་བཞིན་བོད་མིའི་ཞི་བདེའི་མངོན་འདོད་ལ་བསྔགས་པའི་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཡོད་པར་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱས་ཡོད་འདུག

རྒྱ་ནག་གི་གཞུང་འབྲེལ་གསར་གནས་ཁག་ཅིག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཚེས་༡༢ཉིན་གྱི་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་ཆིན་ཀང་ལ་གསར་འགོད་པ་ཞིག་གིས། ནེན་སིས་པེ་ལོ་སི་མཆོག་གིས་གསུམ་བཅུའི་དུས་དྲན་ཉིན་སྤེལ་བའི་ཡོངས་ཁྱབ་གསལ་བསྒྲགས་ཐད་རྒྱ་ནག་ཕྱོགས་ལ་ལྟ་ཚུལ་ཅི་ཞིག་ཡོད་ཅེས་དྲིས་པར།

 ཆིན་ཀང་གིས་དེའི་ལན་དུ། ཁྱེད་ཀྱིས་བཤད་པའི་༼གསལ་བསྒྲགས༽ཞེས་པ་དེས་དོན་དངོས་ཡོངས་སུ་བསྒྲིབ་པར་བྱས་ནས། རྒྱ་ནག་གི་ནང་སྲིད་ལ་མི་བཤད་དགུ་བཤད་བྱས་ཡོད་ཅིང༌། དེ་ནི་ཧ་ཅང་འགན་མི་ཁུར་བའི་བྱ་སྤྱོད་ཅིག་ཡིན་པས་རྒྱ་ནག་གིས་མཐའ་གཅིག་ཏུ་ངོ་ རྒོལ་བྱེད་རྒྱུ་ཡིན། ཞེས་བཤད་ཡོད་འདུག  

ཆིན་ཀང་གིས་མུ་མཐུད་དུ། བོད་ལྗོངས་སུ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་༥༡ཕྱིན་པའི་རིང༌། སྤྱི་ཚོགས་དང་དཔལ་འབྱོར་གོང་འཕེལ་དང༌། འགྲོ་བ་མིའི་ཐོབ་ཐང༌། ཆོས་ལུགས་དང་རིག་གནས་སྲུང་སྐྱོབ་སོགས་ཁྱབ་ཁོངས་མང་པོར་གྲུབ་འབྲས་ཆེན་པོ་ཐོབ་ཡོད་པ་ནི་མི་ཀུན་གྱིས་མཐོང་བཞིན་པ་འདི་རེད། ཅེས་དང༌།  ང་ཚོས་ཨ་རིའི་འབྲེལ་ཡོད་གྲོས་ཚོཌ་འཐུས་མིས་དོན་དངོས་ལ་བརྩི་འཇོག་དང་ཕྱོགས་རིས་ཀྱི་ལྟ་བ་རྒྱང་དུ་བོར་ནས། བོད་དོན་སྤྱད་དེ་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱེད་མཚམས་འཇོག་པའི་སྐུལ་མ་བཏང་བ་ཡིན། ཞེས་བཤད་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།