བོད་རང་བཙན་པའི་རེ་ངན་འགྲུབ་ཐུབ་མེད་ཟེར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ལོའི་ཟླ་༣པའི་ཚེས་༡༥ཉིན། རྒྱ་ནག་གི་གཞུང་འབྲེལ་གསར་གནས་ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ཟེར་བས་གནས་ཚུལ་བཀོད་པ་ལྟར་ན། རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་ཆིན་ཀང་གིས་ཕྱི་རྒྱལ་གྱི་༼བོད་རང་བཙན༽་པའི་རྒྱ་ནག་ཁ་བྲལ་གཏོང་འདོད་ཀྱི་རེ་ངན་དེ་འགྲུབ་ཐུབ་མེད། ད་ལྟ་འགྲུབ་མི་སྲིད་ལ་མ་འོངས་པར་ཡང་འགྲུབ་མི་སྲིད་ཅེས་བཤད་ཡོད་འདུག

ཆིན་ཀང་གིས་གསར་འགོད་པའི་རྒྱུན་ སྲོལ་སྣེ་ལེན་ཚོགས་འདུའི་སྟེང་འབྲེལ་ཡོད་ཀྱི་དྲི་བར།  ད་ལོའི་ཟླ་༣ཚེས་༡༠ཉིན་གྱི་སྔ་གཞུག་ཏུ་རྒྱ་གར་སོགས་རྒྱལ་ཁབ་འགའ་ཤས་ཀྱི་༼བོད་རང་བཙན་པ༽་འབྲེལ་ཡོད་རྒྱལ་ཁབ་ཏུ་སྡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་དུ་ཧོལ་འཛུལ་བྱས་པའི་གནས་ཚུལ་གྱི་ཐོག་ནས་༼བོད་རང་བཙན༽་སྟོབས་ཤུགས་ཀྱི་ཁ་བྲལ་ངོ་བོ་དང་དྲག་སྤྱོད་ཁ་ཕྱོགས་གང་ཡིན་ཡང་བསྐྱར་བདེན་དཔང་བྱས་སོང༌། ཞེས་ལན་འདེབས་བྱས་ཡོད་འདུག

ཆིན་ཀང་གིས་མུ་མཐུད་དུ། རྒྱལ་སྤྱིའི་འབྲེལ་བའི་ཚད་གཞི་གལ་ཆེན་ཞིག་ནི་ཕན་ཚུན་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་བརྩི་སྲུང་བྱེད་རྒྱུ་དེ་ཡིན་ཞིང༌། འཛམ་གླིང་ཐོག་རྒྱལ་ཁབ་གང་ཞིག་གིས་ཀྱང་༼བཙན་བྱོལ་བོད་གཞུང་༽དང་༼བོད་རང་བཙན༽་ཁས་ལེན་གྱི་མེད་པ་དང༌། རྒྱལ་ཁབ་མང་པོ་ཞིག་གིས་ཧ་ཅང་ཁ་གསལ་བོའི་ངང་༼བོད་རང་བཙན༽་པས་ཁོ་ཚོའི་མངའ་ཁོངས་ནས་རྒྱ་ནག་ལ་རྒོལ་ཞིང་རྒྱ་ནག་ཁ་བྲལ་གཏོང་བའི་ཆབ་སྲིད་བྱ་འགུལ་སྤེལ་བར་ངོ་རྒོལ་བྱེད་རྒྱུ་ཡིན་ཚུལ་བསྟན་ཡོད་པས། དེར་ང་ཚོས་བསྟོད་བསྔགས་བྱེད་རྒྱུ་ཡིན། ཞེས་བཤད་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།