རྒྱལ་སྤྱིའི་སྤྱི་ཚོཌ་ཀྱི་འགོ་ཁྲིད་ཚོ་ྋགོང་ས་མཆོག་དང་མཇལ་འོས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ།  ཕྱི་ལོ་༢༠༡༠ལོའི་ཟླ་༣པའི་ཚེས་༡༣ཉིན། ཟླ་འདིའི་ཚེས་༡༡ཉིན་ྋགོང་ས་མཆོག་གི་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་འཛམ་གླིང་འགོ་ཁྲིད་དག་གིས་ཨ་རིའི་སྲིད་འཛིན་ཨོ་བྷ་མའི་མིག་དཔེའི་རྗེས་སུ་འབྲངས་ཏེ་ྋགོང་ས་མཆོག་ལ་མཇལ་འཕྲད་གནང་འོས་ལུགས་གསུངས་ཡོད་འདུག

སྐལ་བཟང་རྒྱལ་མཚན་ལགས་ཀྱིས་སི་ཕན་གྱི་རྒྱལ་ས་མའེ་ཌི་རིས་ཌི་ནང་ཡུལ་དེའི་ཁྲིམས་བཟོ་བ་ཚོ་དང་མཇལ་མོལ་གྲུབ་རྗེས་ཕི་རན་སིའི་གསར་ཁང་གི་གསར་འགོད་པར། སྲིད་འཛིན་ཨོ་བྷ་མས་རྒྱ་གཞུང་གི་གནོན་ཤུགས་ལ་མགོ་མ་སྒུར་བར་ྋགོང་ས་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་གནང་སྟེ་མིག་དཔེ་བསྐྲུན་པ་རེད། ངས་བསམ་ན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འགོ་ཁྲིད་གཞན་དག་ཚོས་ཀྱང་ཨོ་བྷ་མའི་མིག་དཔེའི་རྗེས་སུ་འབྲངས་ཏེ་ྋགོང་ས་མཆོག་ལ་མཇལ་རྒྱུ་ཤིན་ཏུ་གལ་ཆེན་རེད། ཅེས་དང༌། ལངས་ཕྱོགས་གཅིག་མཚུངས་འཛིན་མཁན་གྱི་རྒྱལ་སྤྱིའི་འགོ་ཁྲིད་ཅི་ཙམ་མང་དུ་ཕྱིན་པ་དེ་ཙམ་གྱིས་རྒྱའི་དཔོན་རིགས་ཚོའི་བསམ་པའི་འཁྱེར་སོ་ལ་ཤུགས་རྐྱེན་སྤྲོད་པའི་གོ་སྐབས་མང་དུ་འགྲོ་བ་རེད། ཅེས་འགྲེལ་བརྗོད་གནང་ཡོད་འདུག

དེ་ཡང་སྲིད་འཛིན་ཨོ་བྷ་མས་རྒྱ་གཞུང་གི་སྐྱོན་བརྗོད་དང་ངོ་རྒོལ་ལ་མ་འཛེམས་པར་ད་ལོའི་ཕྱི་ཟླ་༢པའི་ཚེས་༡༨ཉིན་ཨ་རིའི་ཕོ་བྲང་དཀར་པོའི་ནང་ྋགོང་ས་མཆོག་ལ་མཇལ་མོལ་གནང་ཡོད་ཅིང༌། སྐབས་དེར་སྲིད་འཛིན་མཆོག་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་རིག་སྐད་གསུམ་གྱི་ངོ་བོ་གཅེས་སྲུང་དང༌། དེ་བཞིན་བོད་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལ་རྒྱབ་སྐྱོར་ཤུགས་ཆེན་ཡོད་ལུགས་གསུངས་ཡོད་འདུག 

སྐལ་བཟང་རྒྱལ་མཚན་ལགས་ཀྱིས་བོད་རྒྱའི་གནད་དོན་སྐོར་ལ་འདི་ལྟར་གསུངས་ཡོད་དོན། ང་ཚོས་རྒྱ་གཞུང་ཕྱོགས་ལ་ྋགོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གིས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ནང་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ལས་ཁ་བྲལ་དང་རང་བཙན་བརྩོན་ལེན་གནང་གིན་མེད་པ་གསལ་བཀྲོལ་བྱས་ཡོད། བོད་རྒྱའི་གནད་དོན་སེལ་བར་ྋགོང་ས་མཆོག་གིས་འབད་རྩོལ་བླ་མེད་གནང་དང་གནང་གིན་ཡོད་ཀྱང༌། རྒྱ་གཞུང་གིས་སྔར་བཞིན་གནད་དོན་ཐད་ལངས་ཕྱོགས་གཅིག་མཁྲེགས་འཛིན་བྱ་བཞིན་ཡོད་པ་རེད། དེ་བས་རྒྱལ་སྤྱིའི་སྤྱི་ཚོགས་ལ་རོགས་འདེགས་ཀྱི་འབོད་སྐུལ་ཞུ་རྒྱུ་ནི་བོད་མིར་ལྷག་པའི་ཐབས་ལམ་ཉག་གཅིག་རེད། ཅེས་གསུངས་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་གཡང་བྱམས་ཀྱིས་ཕབ་བསྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།