༼སྤྲིན་རྒྱབ་ཀྱི་ཉི་མ༽ཞེས་པའི་གློག་བརྙན་ལ་གཟེངས་རྟཌ་ཐོབ་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༡༣ཉིན། རྒྱལ་སྤྱིའི་གསར་གནས་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། བོད་མིའི་རང་དབང་འཐབ་རྩོད་ཐད་ཀྱི་དངོས་བྱུང་གློག་བརྙན་གསར་བ་༼སྤྲིན་རྒྱབ་ཀྱི་ཉི་མ༽་ཞེས་པར་ཁ་སང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་གློག་བརྙན་གཟེངས་རྟགས་ཝེ་ཁུ་ལེ་ཝུ་ཧེ་ཝེལ་ཞེས་པ་ཐོབ་ཡོད་འདུག

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་དངོས་བྱུང་གློག་བརྙན་དུས་སྟོན་འཛམ་གླིང་གཅིག་ཅེས་པའི་ལོ་འཁོར་དུས་སྟོན་ཐེངས་༡༢པ་དེ་ཡོ་རོབ་དཀྱིལ་མའི་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ཕི་ར་གྷི་ནང་ཚོགས་འོག་ཚུགས་ཡོད་འདུག་ལ། ཐེངས་འདིའི་དུས་སྟོན་ཐོག་རུས་ཌུའུ་ས་རུན་དང་བསྟན་འཛིན་བསོད་ནམས་གཉིས་ཀྱིས་འཁྲབ་ཁྲིད་གནང་བའི་བོད་མིའི་རང་དབང་འཐབ་རྩོད་ཐད་ཀྱི་དངོས་བྱུང་གློག་བརྙན་༼སྤྲིན་རྒྱབ་ཀྱི་ཉི་མ༽་ཞེས་པར་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་གློག་བརྙན་གཟེགས་རྟགས་ཐོབ་ཡོད་པ་དང༌། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་བ་ཝེ་ཁུ་ལེ་ཝུ་ཧེ་ཝེལ་ལགས་ཀྱིས་འཁྲབ་ཁྲིད་པ་རྣམ་གཉིས་ལ་གཟེངས་རྟགས་དེ་སྩོལ་རྒྱུ་རེད་འདུག

དེ་ཡང་ད་ལོའི་ཕྱི་ཟླ་༡པའི་ནང་༼སྤྲིན་རྒྱབ་ཀྱི་ཉི་མ༽རྒྱལ་སྤྱིའི་ཕམ་སི་ཕུ་རུན་གློག་བརྙན་དུས་སྟོན་ཐོག་གཟིགས་འབུལ་བྱེད་པར་ངོ་རྒོལ་གྱི་རྣམ་པ་མཚོན་སླད། རྒྱ་གཞུང་གིས་རྒྱའི་གློག་བརྙན་༼ནན་ཅིན། ནན་ཅིན༽་ནམ་༼ཤི་གསོན་གྱི་གྲོང་ཁྱེར་༽དང༌། ༼མགྱོགས་མགྱོགས་དལ་མོ༽་ཞེས་པ་གཉིས་དུས་སྟོན་མཛད་རིམ་ནས་ཕྱིར་འཐེན་བྱེད་དུ་བཅུག་ཡོད་པ་རེད།

༼ཤི་གསོན་གྱི་གྲོང་ཁྱེར་༽ཞེས་པའི་གློག་བརྙན་ནི་དེ་སྔ་༡༩༣༧ལོར་ཉི་ཧོང་གིས་རྒྱ་ནག་སྐམ་ས་ཆེན་མོར་བཙན་འཛུལ་བྱེད་སྐབས་ནན་ཅིན་གྲོང་ཁྱེར་ནང་ཉེས་མེད་མི་སེར་སྡེབ་གསོད་བཏང་བའི་སྐོར་རེད་ལ། ༼མགྱོགས་མགྱོགས་དལ་མོ༽་ནི་རྒྱའི་མི་དམངས་དཀྱིས་མ་སྐོར་ཞིག་ཞབས་བྲོའི་འགྲན་བསྡུར་ཞིག་གི་ནང་མཉམ་ཞུགས་བྱས་པའི་སྐོར་གྱི་དགོད་བྲོའི་གློག་བརྙན་ཞིག་རེད་འདུག དེ་བཞིན་བོད་ཀྱི་༼སྤྲིན་རྒྱབ་ཀྱི་ཉི་མ༽་ཞེས་པའི་དངོས་བྱུང་གློག་བརྙན་དེ་ནི་བོད་ཀྱི་དབུ་ཁྲིད་ྋགོང་ས་མཆོག་གི་སྐུ་རྗེས་སུ་ལོ་གཅིག་ལ་འབྲངས་ཏེ་བཟོ་བསྐྲུན་བྱས་པ་ཞིག་རེད་ཅིང༌། གློག་བརྙན་དེའི་ནང་སྔར་ལོའི་བོད་ནང་གི་ཞི་རྒོལ་ཆེན་མོ་དང༌། རྒྱ་གར་ནང་གི་ཞི་བའི་གོམ་བགྲོད་ལས་འགུལ། ༢༠༠༨ལོའི་པེ་ཅིན་ཨོ་རྩེད་འགྲན་ཚོགས། བོད་རྒྱ་འབྲེལ་མོལ་ལ་འགག་འགྱང་བྱུང་སྟངས་སྐོར་གྱི་དངོས་བྱུང་གནས་ཚུལ་ཁག་ཅིག་ཕབ་བཀོད་བྱས་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་གཡང་བྱམས་ཀྱིས་བྲིས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།