ཡོ་རོབ་དཔལ་འབྱོར་དང་སྤྱི་ཚོཌ་ལྷན་ཁང་གི་གསར་འགོད་གསལ་བསྒྲཌ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༡༡ཉིན། དེ་རིང་ཞོགས་པར་བཞུགས་སྒར་དྷ་སར་རྟེན་གཞི་བྱས་ཡོད་པའི་བཙན་བྱོལ་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་ལྷག་པ་ཚེ་རིང་ཚོགས་ཁང་ནང༌། ཡོ་རོབ་དཔལ་འབྱོར་དང་སྤྱི་ཚོགས་ལྷན་ཁང་གི་སྐུ་ཚབ་ཚོགས་ཆུང་ཞིག་གིས་འབྱུང་འགྱུར་ནང་བཙན་བྱོལ་བོད་མིའི་སྤྱི་ཚོགས་དཔལ་འབྱོར་དང་ཤེས་ཡོན་མཐོར་འདེགས་ཀྱི་ལས་འཆར་སྤེལ་རྒྱུ་ཡིན་ལུགས་ཀྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང༌།

དེ་ཡང་ཡོ་རོབ་དཔལ་འབྱོར་དང་སྤྱི་ཚོགས་ལྷན་ཁང་གི་ཡན་ལག་རྒྱ་གར་ཡོ་རོབ་ལས་ཁུངས་ཀྱི་འགན་འཛིན་ལྕམ་ཨེ་ནེས་མེ་རའུ་ལགས་ཀྱིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་ཞིག་བོད་མིའི་གསུམ་བཅུ་དུས་དྲན་དང་སྟབས་བསྟུན་ཏེ། བཞུགས་སྒར་དྷ་སར་ཉིན་གསུམ་རིང་གི་འཚམས་གཟིགས་སུ་ཕེབས་ཡོད་པ་དང༌། སྐུ་ཚབ་ཚོགས་ཆུང་དེས་ྋགོང་ས་ཏཱ་ལའི་བླ་མ་དང་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གཉིས་དང་མཇལ་འཕྲད་ཀྱིས་ཡོ་རོབ་དཔལ་འབྱོར་དང་སྤྱི་ཚོགས་ལྷན་ཚོགས་ཀྱི་ཡོ་སྒོར་ས་ཡ་༣༦གི་འཆར་དངུལ་གྱིས་བོད་མི་མང་ལ་ཕན་འབྲས་ལྡན་པའི་རོགས་སྐྱོར་ཇི་ལྟར་གནང་ཐུབ་མིན་སྐོར་གོ་བསྡུར་བྱས་ཡོད་འདུག

ལྕམ་ཨེ་ནེས་མེ་རའུ་ལགས་ཀྱིས་གསར་འགོད་གསལ་བསྒྲགས་ཐོག་ཡོ་རོབ་དཔལ་འབྱོར་དང་སྤྱི་ཚོགས་ལྷན་ཁང་གི་ཚོགས་མི་དང་ལས་གཞི། དེ་བཞིན་དེ་རེས་ཀྱི་འཚམས་གཟིགས་འདི་དགོས་དམིགས་སྐོར་ངོ་སྤྲོད་མདོར་བསྡུས་ཤིག་གནང་དོན། ང་ཚོའི་ཚོགས་པའི་ནང་རྒྱལ་ཁབ་འདྲ་མིན་ ༢༧ ནས་འཐུས་མི་གྲངས་ ༣༤༤ ཙམ་ཡོད། ཚོགས་པ་དེ་དུམ་བུ་གསུམ་དུ་ཆ་བགོས་བྱས་ཡོད། ང་ཚོ་འདིར་དངོས་ཡོད་གནས་ཚུལ་ཇི་ཡིན་འཚོལ་ཞིབ་ཆེད་ཡོང་བ་ཡིན། སྔ་ལོའི་ཕྱི་ཟླ་ ༩ ནང་ཡོ་རོབ་དཔལ་འབྱོར་དང་སྤྱི་ཚོགས་ལྷན་ཁང་གི་ཚོགས་གཙོ་སྐུ་ཞབས་མཱ་རི་ཡོ་སེ་པི་ལགས་ཀྱིས་གཙོས་འཐུས་མི་ཁག་གཅིག་རྒྱ་ནག་གཞུང་གིས་བོད་ནང་གི་གནས་སྟངས་དེ་སྐུ་ཚབ་འཐུས་མི་ཚོས་མིག་མཐོང་ལག་ཟིན་དགོས་ཚུལ་གྱི་བསམ་ཚུལ་བཏོན་པ་ལྟར་བོད་དུ་ཕེབས་པ་རེད། ཚོགས་གཙོ་མཱ་རི་ཡོ་སེ་པི་ལགས་ཀྱིས་ཡོ་རོབ་དཔལ་འབྱོར་དང་སྤྱི་ཚོགས་ལྷན་ཁང་གི་བོད་ཀྱི་གནད་དོན་དང་འབྲེལ་བའི་ལས་གཞི་དེ་མཇུག་སྡོམ་མ་གནང་གོང་ང་ཚོ་དྷ་སར་འགྲོ་དགོས་པའི་བཀའ་མངགས་གནང་བྱུང༌། ཞེས་བརྗོད་བྱུང༌།  དེ་རྗེས་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་ལྕམ་མ་ཌི་ས་ཞའར་མ་ལགས་ཀྱིས་མ་འོངས་བོད་ཀྱི་སྤྱི་ཚོགས་ནང་གཞོན་སྐྱེས་ཚོར་ཚོང་ལས་དང་འབྲེལ་བའི་ཤེས་ཡོན་སློབ་གསོ་མཁོ་འདོན་དང༌། བཙན་བྱོལ་བོད་ཀྱི་སྤྱི་ཚོགས་ནང་གཞི་རྒྱ་ཆུང་བའི་བཟོ་གྲྭ་གསར་འཛུགས། དེ་བཞིན་ཡོ་རོབ་དང་བོད་མའི་ཚོང་དོན་འབྲེལ་ལམ་གོང་སྤེལ། ལྷག་པར་བོད་ཀྱི་བུད་མེད་ཚོར་སྤྱི་ཚོགས་ནང་འགན་ཁྲིད་ཡོད་པའི་མི་རབས་གསར་པ་ཞིག་བསྐྲུན་སླད་ལས་རིགས་འདྲ་མིན་ཐོག་སྦྱོང་བརྡར་སྤྲོད་རྒྱུའི་འཆར་གཞི་ཡོད་པ་རྣམས་གསལ་བཤད་གནང་སོང༌།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་གཡང་བྱམས་ཀྱིས་ཕབ་བསྒྱུར་བྱས།
Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།