ཁ་ན་ཌའི་བོད་རིཌ་མཐུན་ཚོགས་ཀྱི་འབོད་སྐུལ།

 པར་འདེབས།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༡༡ཉིན། ཁ་ན་ཌའི་བོད་རིགས་མཐུན་ཚོགས་ཀྱིས་གསུམ་བཅུའི་དུས་དྲན་ཐེངས་ལྔ་བཅུ་ང་གཅིག་པའི་ཉིན་མོ་དང་སྟབས་བསྟུན་ཏེ་ཁ་ན་ཌའི་སྲིད་བློན་སི་ཌེ་ཧྥིན་ཧར་ཕིར་མཆོག་ལ། ཡུལ་དེ་གར་ཚོགས་ལ་ཉེ་བའི་རྒྱལ་ཁབ་བརྒྱད་ཀྱི་ཆེས་མཐོའི་དཔོན་རིགས་ལྷན་ཚོགས་ཐོག་རྒྱ་ཁབ་གཞན་གྱི་འགོ་ཁྲིད་དག་གཅིག་ཏུ་བསྡུས་ཏེ་རྒྱ་ནག་གི་སྲིད་འཛིན་ཧའོ་ཅིན་ཐའོ་ལ་ྋགོང་ས་ཏཱ་ལའི་བླ་མ་མཆོག་དང་ལྷན་དུ་བོད་ཀྱི་དཀའ་རྙོག་ཞི་མཐུན་གྱི་སྒོ་ནས་སེལ་དགོས་པའི་འབོད་བརྡ་སྤྲོད་རོགས་ཀྱི་འབོད་སྐུལ་ཞུས་ཡོད་འདུག

ད་རེས་ཀྱི་གསུམ་བཅུ་དུས་དྲན་ཉིན་ཁ་ན་ཌའི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་མི་རྣམས་ཡུལ་དེའི་རྒྱལ་ས་ཨོ་ཌ་ཝར་འདུ་འཛོམས་ཀྱིས་བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོ་སྲུང་བརྩི་བྱས་ཡོད་པ་དང་སྦྲགས། སྲིད་བློན་སི་ཌི་ཧྥིན་ཧ་ར་ཕིར་མཆོག་ལ་རྒྱལ་ཁབ་བརྒྱད་ཀྱི་ཆེས་མཐོའི་དཔོན་རིགས་ལྷན་ཚོགས་ཐོག་ངོ་ཕེབས་གནང་རྒྱུའི་རྒྱལ་ཁབ་གཞན་གྱི་འགོ་ཁྲིད་རྣམས་གཅིག་ཏུ་བསྡུས་ཏེ་རྒྱ་ནག་གི་སྲིད་འཛིན་ཧའོ་ཅིན་ཐའོ་ལ། ྋགོང་ས་ཏཱ་ལའི་བླ་མ་མཆོག་དང་མཉམ་འབྲེལ་སྒོས་བོད་མིའི་རང་དབང་ཐོབ་ཐང་དང་འབྲེལ་བའི་བོད་ཀྱི་གནད་དོན་གཙང་སེལ་བྱེད་རོགས་ཀྱི་འབོད་བརྡ་སྤྲོད་དགོས་པའི་རེ་སྐུལ་ཞུས་ཡོད་འདུག

ཁ་ན་ཌའི་བོད་རིགས་མཐུན་ཚོགས་ཀྱི་འགན་འཛིན་ཌིར་མའོ་ཌི་ཌིར་ཝེ་སི་ལགས་ཀྱིས་བརྗོད་དོན། བོད་རིགས་མང་ཚོགས་ཀྱིས་ལོ་རབས་ཕྱེད་རིང་ལ་རྒྱ་གཞུང་གི་བཙན་གནོན་དབང་བསྒྱུར་ལ་ངོ་རྒོལ་རྒྱུན་སྲིང་བྱས་པ་འདིས་བོད་མིའི་ཞིམ་མེད་ཀྱི་དཔའ་ངར་གསལ་མཚོན་བྱས་འདུག ད་ལྟའི་དུས་འདིར་ཁ་ན་ཌར་རྒྱ་གཞུང་ལ་བོད་མིའི་རང་དབང་དང་ཐོབ་ཐང་བསྐྱར་གསོ་བྱེད་དགོས་ལུགས་ཀྱི་རེ་སྐུལ་བཏོན་ཏེ་བོད་མིའི་གསུམ་བཅུ་དུས་དྲན་སྲུང་བརྩི་བྱེད་པའི་དུས་ཚོད་ལེགས་ཤོས་དེ་རག་ཡོད་པ་རེད། ཟེར།

ཁ་ན་ཌའི་ཕྱི་དོན་ལས་ཁུངས་ཀྱིས་ཕྱི་ལོ་༡༩༤༤ལོར་བོད་ཀྱི་ཆབ་སྲིད་ཀྱི་གནས་བབས་དང༌། བཙན་འཛུལ། དེ་བཞིན་གནས་སྟངས་སྐོར་ལ་རྟོགས་ཞིབ་བྱས་པའི་ལོ་རྒྱུས་ཡིག་ཆ་ཞིག་སྤེལ་འདུག་པ་ཁ་ན་ཌའི་བོད་རིགས་མཐུན་ཚོགས་ཀྱིས་སྔར་ལོར་གསར་རྙེད་བྱུང་སྟེ་འགྲེམས་སྤེལ་བྱས་ཡོད་འདུག་ཅིང༌། ལོ་རྒྱུས་ཡིག་ཆ་དེའི་ནང་ཕྱི་ལོ་༡༩༥༠་ལོར་ཁ་ན་ཌའི་ཕྱི་དོན་ལས་ཁུངས་ཀྱི་ཁུངས་སྐྱེལ་ཞིབ་འཇུག་དང་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་གཞི་རྩའི་འོག་བོད་དེ་རང་བཙན་གྱི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བྱས་ཆོག་པའི་ལུགས་མཐུན་གྱི་ལྟ་ཚུལ་ཞིག་དར་ཁྱབ་བྱུང་ཡོད་འདུག

མའོ་ཌི་ཌིར་ཝེ་སི་ལགས་ཀྱིས་གོང་གསལ་གྱི་ལོ་རྒྱུས་ཡིག་ཆ་འདིའི་ཐད་ལ། རྒྱ་གཞུང་གིས་ལོ་རྒྱུས་ཀྱི་དཔྱད་གཞི་ཡིག་ཆ་འདི་ལྟ་བུ་བསྐྱར་འབྲི་བྱེད་ཐབས་བྲལ་བ་རེད་ལ། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་དྲུག་བཞིའི་དོན་རྐྱེན་དེའང་བསུབ་ཐབས་ཡོད་པ་མ་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་གཡང་བྱམས་ཀྱིས་ཕབ་བསྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།
བསམ་ཚུལ། (3)
གྲོགས་པོ་ལགས་བཀྲ་ཤིས་བདེ་ལེགས་ཞུ། ཁྱོད་ཀྱིས་དྲ་རྒྱ་འདིར་ལྟ་བཞིན་པ་ང་ཚོས་དགའ་བསུ་ཚད་མེད་ཡོད། མ་ཚད་དྲ་འདིའི་ཁ་བྱང་ངོ་ཤེས་དང་གྲོགས་ཕོ་མོ་ཀུན་ལ་སྤྲོད་རོགས།
2 ༡༢༢༠༡༠༡༢༥༥
ངས་ཁྲེན་ཏུའུ་ནས་ཁྱོད་ཚོའི་དྲ་བར་ལྟ་བཞིན་ཡོད། ཤུགས་བཟོ་རོགས། ད་ལྟ་སྲིད་གཞུང་གིས་བཀག་འགོག་བྱ་ཐུབ་མི་སྣང་།
1 ༡༢༢༠༡༠༡༢༡༢
གོང་དུ་གསུམ་བཅུའི་དུས་དྲན་ལ། སུམ་བཅུའི་དུས་དྲན་ཟེར་མང་པོ་བྲིས་འདུག །འདི་གསུམ་བཅུའི་དུས་དྲན་ཟེར་འབྲི་དགོས་རེད་ཟེར་གུས་པས་བསམ་འཆར་ཆུང་ཆུང་ཞིག་ཡིན།



བརྗོད་གཞི་གཞན་ཁག་ལ་གཟིགས།