ཨ་རིའི་གྲོས་ཚོཌ་འོག་མའི་ཚོཌ་གཙོས་བོད་དོན་འཐབ་རྩོད་རྗེས་དྲན་མཛད་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ལཟླ་༣ཚེས་༡༡ཉིན། ཁ་སང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སིས་པེ་ལོ་སིས་མཆོག་གིས་བོད་མིའི་གསུམ་བཅུ་དུས་དྲན་ཐེངས་ལྔ་བཅུ་ང་གཅིག་པའི་ཉིན་མོ་དང་སྟབས་བསྟུན་ཏེ། རང་དབང་ཆེད་གཅེས་སྲོག་བློས་གཏོང་མཁན་བོད་རིགས་མི་མང་གི་དཔའ་ངར་དང༌། དེ་བཞིན་བོད་མིའི་ཞི་བདེའི་མངོན་འདོད་ལ་བསྔགས་པའི་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཡོད་འདུག

དེ་ཡང་ཡོངས་ཁྱབ་གསལ་བསྒྲགས་ནང་འདི་ལྟར་བསྟན་དོན། དེ་རིང་ནི་བོད་མིའི་རང་དབང་སྒེར་ལངས་ཀྱི་དུས་དྲན་ཐེངས་ལྔ་བཅུ་ང་གཅིག་པ་རེད། ང་ཚོས་རང་དབང་ཆེད་གཅེས་སྲོག་བློས་གཏོང་མཁན་བོད་རིགས་མི་མང་གི་དཔའ་ངར་དང༌། དེ་བཞིན་བོད་མིའི་ཞི་བདེའི་མངོན་འདོད་ལ་བསྟོད་ར་བཏང་བ་ཡིན།

མི་ལོ་༥༡ཡར་སྔོན་གྱི་དེ་རིང་གི་ཉིན་མོར། ལྷ་སའི་བོད་རིགས་མང་ཚོགས་ཀྱིས་རྒྱ་དམར་གྱི་བཙན་གནོན་དབང་བསྒྱུར་མ་གཟོད་པར་ཞི་བའི་ངོ་རྒོལ་བྱས་པར། རྒྱ་ཕྱོགས་ནས་ཡ་ང་སྡུག་རྩུབ་ཅན་གྱི་དྲག་པོའི་ཡ་ལན་སྤྲད་ཅིང༌། ྋགོང་ས་ཏཱ་ལའི་བླ་མ་མཆོག་ཀྱང་བཙན་བྱོལ་ལ་ཕེབས་དགོས་པའི་གནས་སུ་བསྐྱལ་བ་རེད།

འདས་པའི་ལོ་ལྔ་བཅུའི་རིང་ལ། བོད་རིགས་མི་མང་གིས་བོད་རྒྱ་གཉིས་ཀྱི་འབྱུང་འགྱུར་ལ་སྨན་པའི་ཞི་བདེའི་འཕོ་འགྱུར་དང་མང་གཙོའི་བཅོས་བསྒྱུར་ཞིག་ཡོང་བར་རེ་སྒུག་བྱས་ཤིང༌། བོད་རྒྱ་གཉིས་ཀྱི་སྐུ་ཚབ་དབར་ལ་འབྲེལ་མོལ་ཡང་ཐེངས་ཁ་ཤས་བྱུང་བ་རེད། འོན་ཏེ་དངོས་འབྲེལ་གྱི་གྲུབ་འབྲས་ཅི་གང་ཡང་སོན་ཡོད་པ་མ་རེད། བོད་ནང་དུ་ཞི་བདེ་བརྟན་ལྷིང་ཡོང་བ་དང་རྒྱལ་སྤྱིའི་སྡིངས་ཆའི་ཐོག་རྒྱ་ནག་གི་མཚན་མཐོང་ཇེ་ཆེར་འགྲོ་བར་བོད་རྒྱ་གཉིས་དབར་གྲོས་མཐུན་ཞིག་འབྱུང་རྒྱུ་ཤིན་ཏུ་གལ་ཆེན་རེད།

བོད་རིགས་མང་ཚོགས་ཀྱིས་རྒྱ་གཞུང་ལ་ཁ་ཞེ་གཉིས་མེད་སྒོས་ཡིད་རྟོན་བྱེད་ཀྱིན་མེད་ཅིང༌། བོད་མི་རིགས་དང་ྋགོང་ས་ཏཱ་ལའི་བླ་མ་གཉིས་དབར་དབྱེན་སྦྱོར་གྱི་ཕུར་པ་འདེབས་པའི་རྒྱ་གཞུང་གི་བྱ་ཐབས་དེར་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་པ་བཞིན་འདུག་ལ། བོད་མི་རྣམས་ཀྱིས་ྋགོང་ས་མཆོག་ལ་བཅིངས་པའི་ཡིད་ཆས་དད་པ་སྔར་བཞིན་སྲ་བརྟན་འགྱུར་མེད་རེད།

རྒྱ་ནག་པེ་ཅིན་གཞུང་གིས་དངོས་གནས་བོད་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་ལྡན་པའི་ཐོག་ནས་བོད་ཀྱི་གནད་དོན་སེལ་རྒྱུའི་དུས་ཚོད་རན་ཐག་ཆོད་འདུག

སྲིད་འཛིན་ཨོ་བྷ་མ་མཆོག་གིས་ཟླ་སྔོན་མའི་ནང་ྋགོང་ས་མཆོག་ལ་མཇལ་འཕྲད་གནང་བར་བསྟོད་བསྔགས་བྱས་པ་ཡིན་ལ། ཁོང་རྣམ་གཉིས་ཀྱི་མཇལ་འཕྲད་དེས་ཨ་རི་དང་བོད་མི་མང་དབར་གྱི་མཛའ་བརྩེ་ཡུན་གནས་ལྡན་པའི་ལོ་རྒྱུས་ཀྱི་ལེའུ་གསར་བ་ཞིག་དབུ་བརྙེས་པ་གསལ་སྟོན་བྱས་ཡོད་པ་རེད། ང་ཚོས་མུ་མཐུད་དུ་ྋགོང་ས་མཆོག་ལ་རྒྱབ་སྐྱོར་གྱིས་འཛམ་གླིང་མི་མང་གི་རང་དབང་སྲུང་སྐྱོབ་དང་གོང་སྤེལ་གཏོང་རྒྱུ་ཡིན། ང་ཚོས་ྋགོང་ས་མཆོག་གི་ཞི་བདེའི་གསུང་འཕྲིན་ལ་དོ་ཁུར་ཆེན་པོ་བྱེད་ཀྱིན་ཡོད་ཅིང༌། བོད་མིའི་འཐབ་རྩོད་ཀྱང་དྲན་ཡུལ་ནས་དོར་གྱིན་མེད། ཅེས་བཀོད་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་གཡང་བྱམས་ཀྱིས་ཕབ་བསྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།