བོད་རྒྱ་འབྲེལ་མོལ་ཐད་ཀྱི་ཐབས་བྱུས་བཅོས་བསྒྱུར་གྱི་རེ་སྐུལ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༡༡ཉིན། མདུན་ཕྲག་འདིར་ཚོགས་འགོ་ཚུགས་པའི་སི་ཊར་སི་བྷར་ཚང་འཛོམས་གྲོས་ཚོགས་ཀྱི་དབུ་འབྱེད་མཛད་སྒོའི་ཐོག ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་ཇིར་ཛེས་བྷི་ཛེ་ཁུ་ལགས་ཀྱིས་རྒྱ་གཞུང་གི་འགོ་ཁྲིད་ཚོར་རྒྱ་གཞུང་གིས་བོད་རྒྱ་འབྲེལ་མོལ་ཐད་བཟུང་བའི་ཐབས་བྱུས་བཅོས་བསྒྱུར་གྱིས་ྋགོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་འབྲེལ་མོལ་བསྐྱར་འཛུགས་བྱེད་དགོས་པའི་འབོད་སྐུལ་གནང་ཡོད་འདུག

ཇིར་ཛེས་བྷི་ཛེ་ཁུ་ལགས་ཀྱིས། ད་རེས་ཀྱི་ཟླ་གསུམ་པའི་ཚེས་༡༠ཉིན་ནི་བོད་མི་མང་གིས་རང་དབང་སྒེར་ལངས་བྱས་ཏེ་ལོ་ངོ་༥༡འཁོར་བའི་དུས་དྲན་རེད་ལ། ང་ཚོས་མུ་མཐུད་དུ་རྒྱ་གཞུང་གི་འགོ་ཁྲིད་ཚོར་བོད་རྒྱའི་འབྲེལ་མོལ་ཐད་ཀྱི་ཐབས་བྱུས་ལ་བཅོས་བསྒྱུར་གྱིས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་ལྷན་དུ་འབྲེལ་མོལ་བསྐྱར་འཛུགས་བྱེད་པའི་རེ་བ་དང་འབོད་སྐུལ་བྱས་པ་ཡིན། ཞེས་གསུངས་ཡོད་འདུག

གསུམ་བཅུ་དུས་དྲན་གྱི་ཉིན་མོར། སི་ཊར་སི་བྷར་ཚང་འཛོམས་གྲོས་ཚོགས་ཐོག་བཅར་བའི་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་མི་བརྒྱ་ཕྲག་ལྷག་གིས་བོད་ཀྱི་རྒྱལ་དར་སོ་སོའི་མདུན་ཅོག་སྟེང་སྒྲེང་འཛུགས་བྱས་འདུག་ལ།  ཡོ་རོབ་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོས་བོད་ནང་གི་ད་ལྟའི་གནས་བབས་ཐད་གསུང་བཤད་སྤེལ་བར་ཚང་མས་ཐལ་མོ་བརྡབས་ཡོད་འདུག

ཡོ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོའམ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ལས་འགུལ་གྱི་བཀོད་སྒྲིག་པ་ཐའོ་མ་སུ་མའན་ལགས་ཀྱིས་གསུངས་དོན། གསུམ་བཅུ་དུས་དྲན་ནི་མྱ་ངན་དང་གདུང་སེམས་མཉམ་སྐྱེལ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་ཆོས་རིག་རྩ་གཏོར་ལ་ངོ་རྒོལ་བྱེད་པའི་ཉིན་མོ་ཞིག་ཡིན། དེ་རིང་འཛམ་གླིང་ཡུལ་གྲུ་ཀུན་ཏུ་བོད་མིའི་རྒྱལ་དར་སྲིད་གཞུང་ཁག་གི་ཁང་བརྩེགས་ཐོག་སྒྲེང་འཛུགས་བྱས་ཡོད་ལ། ཡོ་རོབ་ཀྱི་གྲོང་ཁྱེར་དང་ཚོགས་སྡེ་སྟོང་ཕྲག་མང་པོས་ནམ་རྒྱུན་ལྟར་གསུམ་བཅུ་དུས་དྲན་སྲུང་བརྩི་གནང་གིན་ཡོད་པ་རེད། ཡོ་གྲོབ་གྲོས་ཚོགས་ཀྱི་ཚོགས་མི་རྣམས་ཀྱིས་ཀྱང་བོད་མི་མང་ལ་གདུང་སེམས་མཉམ་སྐྱེལ་གྱི་བརྡ་མཚོན་སྤྲད་སོང༌།  ཞེས་བརྗོད་ཡོད་འདུག

ཐའོ་མ་སུ་མའན་ལགས་ཀྱིས་མུ་མཐུད་དུ། ཡོ་རོབ་གྲོས་ཚོགས་ཀྱི་གྲོས་ཆོད་གང་མང་ཞིག་གི་ནང་རྒྱ་གཞུང་གི་འགོ་ཁྲིད་ཚོ་དང་ཏཱ་ལའི་བླ་མའི་དབར་ལ་ཆ་རྐྱེན་མེད་པའི་འབྲེལ་མོལ་ཡོང་དགོས་པའི་རེ་འདུན་བཏོན་ཡོད་ལུགས་དང༌། བོད་རྒྱ་འབྲེལ་མོལ་ཐེངས་དགུ་བ་དེ་གྲུབ་འབྲས་ཅི་ཡང་མ་ཐོན་པར་མཇུག་སྒྲིལ་ཡོད་ལུགས། དེ་མིན་ཡོ་རོབ་གྲོས་ཚོགས་ཀྱིས་བོད་ཀྱི་ཆོས་རིག་དང་མི་རིགས་ཀྱི་ངོ་བོ་སྲུང་སྐྱོང་གི་ལས་འཆར་ཐ་དག་ལ་རྒྱབ་སྐྱོར་གནང་གིན་ཡོད་ལུགས། གཞན་ཡང་སྲིད་འཛིན་ཨོ་བྷ་མས་ྋགོང་ས་མཆོག་གི་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་ཡོད་ལུགས་སྐོར་འགྲེལ་བརྗོད་བྱས་ཡོད་འདུག 

ཡོ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་ཕྱི་ལོ་༡༩༨༩ལོར་ཚུགས་ཤིང༌། ད་ལྟའི་ཆར་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་མི་༡༡༠ལྷག་ཚོགས་ཁུངས་ཞུགས་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་གཡང་བྱམས་ཀྱིས་ཕབ་བསྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
མི་སོ་སོར་འདོད་པ་མེད་ཚེ་ཧ་ལམ་ཁག་པོ་ཆགས་ཀྱི་ཡོད་པ་འདྲ།



བརྗོད་གཞི་གཞན་ཁག་ལ་གཟིགས།