རྒྱ་ཡིག་ཐོག་ཏུ་༧གོང་ས་མཆོག་གི་མཛད་རྣམ་ཐོག་མ་དབུ་འབྱེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༡༠ཉིན། དེ་རིང་ཐའེ་ཝན་བོད་ཀྱི་གྲོགས་པོ་ཚོགས་པས་གསུམ་བཅུའི་དུས་དྲན་ཐེངས་ལྔ་བཅུ་ང་གཅིག་པ་དང་སྟབས་བསྟུན་ཏེ། རྒྱའི་སྐད་ཡིག་ལམ་ཏུ་ཕབ་བསྒྱུར་ལེགས་འགྲུབ་བྱས་ཚར་བའི་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་མཛད་རྣམ་༼ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་༽ཞེས་པའི་དཔེ་དེབ་ཐོག་མ་དེ་དབུ་འབྱེད་ཞུས་ཡོད་འདུག

དེ་ཡང་ྋགོང་ས་མཆོག་གི་མཛད་རྣམ་༼ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་༽ཞེས་པ་མགོན་པོ་གང་ཉིད་ཀྱིས་ཕྱི་ལོ་༡༩༦༢ལོར་བརྩམས་མཛད་ཅིང༌། མཛད་རྣམ་དཔེ་དེབ་ནང་ཁོང་རིག་གིས་བོད་མི་རིགས་ཀྱི་འཚོ་བ་སྐྱེལ་སྟངས་དང༌། ནང་བ་སངས་རྒྱས་པའི་ཆོས་ཀྱི་ལྟ་བའི་ནུས་པ། དེ་བཞིན་ཁོང་ཉིད་གྲྭ་བ་དཀྱུས་མ་ཞིག་ནས་འཛམ་གླིང་ཆོས་ལུགས་ཀྱི་དབུ་ཁྲིད་དུ་ཇི་ལྟར་འགྱུར་ཚུལ་གྱི་བྱུང་བ་གསལ་སྟོན་མཛད་ཡོད་པ་རེད།

ཐའེ་ཝན་དུ་རྟེན་གནས་བྱས་ཡོད་པའི་འདི་ག་གསར་ཁང་གི་གསར་འགོད་པས་གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། ཐའེ་ཝན་བོད་ཀྱི་གྲོགས་པོ་ཚོགས་པས་བོད་ཀྱི་མི་རབས་གསར་བར་ཆོས་རིག་རྒྱུད་འཛིན་གྱི་ཚོར་ཤུགས་རྣོན་པོ་ཞིག་སྤྲོད་སླད་དཔེ་དེབ་དབུ་འབྱེད་ཀྱི་ལས་འགུལ་འདི་སྤེལ་བ་རེད་འདུག

གཞན་ཡང་ཐའེ་ཝན་བོད་ཀྱི་གྲོགས་པོ་ཚོགས་པས་དོ་དགོང་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེའི་རང་དབང་ཐང་ཆེན་དུ། བོད་རང་དབང་རང་བཙན་ཆེད་གཅེས་སྲོག་བློས་གཏོང་མཁན་བོད་རིགས་དཔའ་བོ་དཔའ་མོ་རྣམས་ཀྱི་བླ་མེད་ཀྱི་བྱས་རྗེས་རྗེས་དྲན་ཡོང་དོན་དུ་མར་མེ་ཁྲོམ་སྐོར་ཞིག་ཀྱང་བཀོད་སྒྲིག་ཞུ་རྒྱུ་རེད་འདུག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་གཡང་བྱམས་ཀྱིས་ཕབ་བསྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
2 ༡༢༢༠༡༠༡༠༠༨
གོང་དུ་བོད་ཕྱི་ནང་གཉིས་ལ་༼གནིས་དང་༽ དེ་བཞིན་བཀྲིན་ལ་༼དཀྲིན་༽ ཞེས་བྲིས་ནོར་ཐེབས་པ་དགོངས་སེལ་ཞུ།
1 ༡༢༢༠༡༠༡༠༠༥
ཉེ་ཆར་༸གོང་ས་མཆོག་གི་མཛད་རྣམ་རྒྱ་ཡིག་ཐོག་བྲིས་པ་མ་ཚད། བོད་ཡིག་ཐོག་བོད་ཕྱི་ནང་གནིས་ཀྱིས་བཀོལ་སྤྱོད་བྱེད་ཐུབ་པའི་བོད་ཡིག་དྲ་རྒྱ་གསར་པ་ཞིག་དབུ་འབྱེད་གནང་ཐུབ་པར་དཀྲིན་ཆེ་ཞུ་རྒྱུ་ཡིན།



བརྗོད་གཞི་གཞན་ཁག་ལ་གཟིགས།