གསར་འགྱུར་གསར་པ།:
  • རྒྱ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་ཐེངས་༡༥པ་དེ་ཟླ་འདིའི་ཚེས་༡༥ཉིན་ཁེ་ན་ཌ་རུ་འགོ་འཛུགས་བྱས་པ།
    ༠༨༠༤༡༠
  • རོང་རྒྱས་ཨ་གྲགས་ཀྱི་འབོད་སྒྲའི་གཟུགས་མཐོང་བརྙན་པར་འགྲེམས་སྤེལ་བྱས་འདུག
    ༠༩༠༣༡༠
  • ཟླ་འདིའི་ཚེས་༦ཉིན་གནས་ཚུལ་སྤེལ་གསལ་ལྟར་ན་ལ་དྭགས་ལི་ཁུལ་དུ་ཆུ་ལོག་གིས་རྐྱེན་པས་མི་༨༠ཤི་རྨས་བྱུང་ཡོད་འདུག
    ༠༩༠༣༡༠
  • འདི་ལོ་ཕྱི་ཟླ་དྲུག་པའི་ཟླ་མཇུག་བར་རྒྱ་ནག་ནང་དྲ་རྒྱ་བེད་སྤྱོད་བྱེད་མཁན་མི་གྲངས་ས་ཡ་༤༢༠ཟིན་འདུག་ཟེར།
    ༡༨༠༢༡༠
  • ཟླ་འདིའི་ཚེས་༦ཉིན་ལྷ་ས་རུ་རྒྱ་ནག་གི་ཐང་ཀ་རི་མོ་བ་རྩེ་སོན་མི་གྲངས་༢༡འདེམས་སྒྲུབ་བྱས་ཡོད་ཟེར།
    ༡༡༠༡༡༠
  • ཉེ་ཆར་ཆར་ཞོད་ཀྱིས་རྐྱེན་པས་ལྷ་ས་ནས་ཧྲང་ཧེ་རུ་བསྐྱོད་འཆར་ཡོད་པའི་མེ་འཁོར་ཞིག་ཕྱི་འཐེན་བྱས་ཡོད་འདུག
    ༡༡༠༡༡༠
  • ལྡི་ལི་རུ་མྱུར་ཚད་ཆེ་བའི་རླངས་འཁོར་ཞིག་གིས་ལམ་ཟུར་དུ་ལས་བཟོ་བ་བཞི་བསད་ནས་བཞི་ལ་རྨས་སྐྱོན་བཏང་ཡོད་འདུག
    ༢༩༡༠༠༩

ཐོར་ཁིས་རྒྱལ་ཁབ་ཏུ་ས་ཡོམ་ཁྲོད་མི་༥༡འཆི་སྐྱོན་བྱུང་ཡོད་འདུག

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༩ཉིན། དེ་རིང་ཞོགས་པར་ཨ་རིའི་ནེའུ་ཡོག་དུས་བབ་ཅེས་པའི་དྲ་ཚིགས་སུ་གནས་ཚུལ་སྤེལ་གསལ་ལྟར་ན། ཐོར་ཁིས་རྒྱལ་ཁབ་ཏུ་མི་འབོར་ས་ཡ་༡༢༌༨ཡོད་པའི་གྲོང་ཁྱེར་ཆེན་མོ་ཨི་སི་ཐན་བྷུལ་མངའ ཁུལ་དུ་ས་ཡོམ་རིམ་པ་༦ཅན་ཞིག་བརྒྱབ་ནས་ཁྱོན་མི་༥༡ཙམ་འཆི་སྐྱོན་དང་། གྲོང་སྡེ་༥ཡི་མི་མང་རྣམས་ཀྱི་སྡོད་གནས་མེད་པ་བཟོས་ཡོད་འདུག

དེ་ཡང་ས་གནས་ལས་བྱེད་པ་ཞིག་གིས་འགྲེལ་བརྗོད་བྱས་པ་ལྟར་ན། ཁ་སང་གཟའ་ཟླ་བ་ཉིན་གྱི་ཞོགས་པ་སྔ་མོར་ས་ཡོམ་སྔ་ཕྱི་ཐེངས་གཉིས་བརྒྱབ་ནས། དེ་གའི་གྲོང་སྡེ་ཞིག་ལ་གཏོར་སྐྱོན་ཚབ་ཆེན་དང༌། གཞན་གྲོང་སྡེ་ཁག་༤ཙམ་ལའང་གཏོར་སྐྱོན་གང་འཚམ་བཏང་ཡོད་འདུག

ས་ཡོམ་དང་པོ་དེ་རིམ་པ་༦ཅན་ཞིག་དང༌། འགུལ་ཚད་སའི་འོག་ཏུ་མཱ་ལི་༣ཙམ་ཕྱིན་ཡོད་འདུག་པ་དང༌། ས་ཡོམ་ཐེངས་གཉིས་པ་དེ་ཡང་ས་གནས་དེ་ག་རང་དུ་རིམ་པ་༥་༦ཅན་ཞིག་བརྒྱབ་ཡོད་འདུག ས་ཡོམ་བརྒྱབ་དུས་ཀྱི་དུས་ཚོད་ནི་ས་གནས་ཀྱི་ཞོགས་པ་ཆུ་ཚོད་༤དང་སྐར་མ་༣༢ཐོག་ཡིན་འདུག་པ་དང༌། སྔ་ཕྱི་ཐེངས་གཉིས་ཀྱི་ས་ཡོམ་དེ་ནི་ཐོའ་ཁེས་ཀྱི་གྲོང་ཁྱེར་ཨི་ལ་ཛིན་ནས་མཱ་ལེ་༦༡ཙམ་གྱི་མཚམས་སུ་བརྒྱབ་པ་ཞིག་རེད་འདུག

ཡང་ས་གནས་ལས་བྱེད་པ་ཞིག་གིས་ཐེངས་འདིའི་ས་ཡོམ་གྱི་གོད་ཆགས་ཆེན་པོ་ཐེབས་ནས་ཁྱོན་ས་གནས་ཁག་༥ཡི་ནང་མི་མང་ཚོའི་སྡོད་གནས་མེད་པ་བཟོས་ཡོད་པ་རེད་ཅེས། ཉི་ཧོང་དུ་བརྟེན་གཞི་བྱས་ཡོད་པའི་ནའེ་ཕུང་བརྙན་འཕྲིན་ཁང་ལ་འགྲེལ་བརྗོད་བྱས་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།