གསར་འགྱུར་གསར་པ།:
  • རྒྱ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་ཐེངས་༡༥པ་དེ་ཟླ་འདིའི་ཚེས་༡༥ཉིན་ཁེ་ན་ཌ་རུ་འགོ་འཛུགས་བྱས་པ།
    ༠༨༠༤༡༠
  • རོང་རྒྱས་ཨ་གྲགས་ཀྱི་འབོད་སྒྲའི་གཟུགས་མཐོང་བརྙན་པར་འགྲེམས་སྤེལ་བྱས་འདུག
    ༠༩༠༣༡༠
  • ཟླ་འདིའི་ཚེས་༦ཉིན་གནས་ཚུལ་སྤེལ་གསལ་ལྟར་ན་ལ་དྭགས་ལི་ཁུལ་དུ་ཆུ་ལོག་གིས་རྐྱེན་པས་མི་༨༠ཤི་རྨས་བྱུང་ཡོད་འདུག
    ༠༩༠༣༡༠
  • འདི་ལོ་ཕྱི་ཟླ་དྲུག་པའི་ཟླ་མཇུག་བར་རྒྱ་ནག་ནང་དྲ་རྒྱ་བེད་སྤྱོད་བྱེད་མཁན་མི་གྲངས་ས་ཡ་༤༢༠ཟིན་འདུག་ཟེར།
    ༡༨༠༢༡༠
  • ཟླ་འདིའི་ཚེས་༦ཉིན་ལྷ་ས་རུ་རྒྱ་ནག་གི་ཐང་ཀ་རི་མོ་བ་རྩེ་སོན་མི་གྲངས་༢༡འདེམས་སྒྲུབ་བྱས་ཡོད་ཟེར།
    ༡༡༠༡༡༠
  • ཉེ་ཆར་ཆར་ཞོད་ཀྱིས་རྐྱེན་པས་ལྷ་ས་ནས་ཧྲང་ཧེ་རུ་བསྐྱོད་འཆར་ཡོད་པའི་མེ་འཁོར་ཞིག་ཕྱི་འཐེན་བྱས་ཡོད་འདུག
    ༡༡༠༡༡༠
  • ལྡི་ལི་རུ་མྱུར་ཚད་ཆེ་བའི་རླངས་འཁོར་ཞིག་གིས་ལམ་ཟུར་དུ་ལས་བཟོ་བ་བཞི་བསད་ནས་བཞི་ལ་རྨས་སྐྱོན་བཏང་ཡོད་འདུག
    ༢༩༡༠༠༩

༧གོང་ས་མཆོག་ལ་རྒྱུད་འཛིན་བསྐོ་བཞག་བྱ་རྒྱུར་ཐོབ་ཐང་མེད་ཟེར།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༨ཉིན། རྒྱ་ནག་ཤིན་ཧྭ་གསར་ཁང་གི་གསན་ཚུལ་སྤེལ་གསལ་ལྟར་ན། བོད་རང་སྐྱོང་ལྗོངས་ཟེར་བ་དེའི་གསར་དུ་བསྐོ་བཞག་བྱས་པའི་གཙོ་འཛིན་པདྨ་འཕྲིན་ལས་ཀྱིས། བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གང་ཉིད་ཀྱི་རྒྱུད་འཛིན་བསྐོ་བཞག་གནང་རྒྱུའི་ཐད་ཐོབ་ཐང་མེད་ཚུལ་བཤད་ཡོད་འདུག

ཡང་ཁོང་གིས་ཡང་སྲིད་དེ་ནི་ངེས་པར་དུ་རྒྱ་ནག་དབུས་གཞུང་གི་བཀའ་ཁྲོལ་ངོས་ལེན་ནམ་ཆོག་མཆན་ཡོད་པ་ཞིག་དགོས་ཀྱི་ཡོད་པ་རེད་མ་གཏོགས། གལ་སྲིད་དེ་ལྟར་མེད་ཚེ་གནད་དོན་དེ་ནི་ཁྲིམས་འགལ་དང༌། ཕན་ཐོག་མེད་པ་ཞིག་ཏུ་ཆགས་ངེས་རེད་ཅེས་རྒྱ་ནག་ཏུ་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་གྱི་སྐབས་སུ་ཟུར་དུ་གསར་འགོད་པ་ཚོར་བཤད་ཡོད་འདུག

འོན་ཀྱང་༧གོང་ས་མཆོག་གིས་རྒྱལ་བ་རིན་པོ་ཆེའི་རྒྱུད་འཛིན་ནི་གང་ཉིད་ཞིང་དུ་མ་ཕེབས་པའི་སྔོན་དུ་བསྐོ་བཞག་བྱ་རྒྱུ་དང༌། ཡང་ན་མང་གཙོའི་ལམ་ནས་འོས་འདེམས་བྱ་རྒྱུ། དེ་མིན་གང་ཉིད་ཀྱི་ཡང་སྲིད་དེ་རྒྱ་ནག་པེ་ཅིང་གཞུང་གི་དབང་སྒྱུར་གྱི་ཕྱི་ལོགས་ཏེ། བཙོན་བྱོལ་དུ་ཕེབས་ངེས་ཡིན་པ་གསལ་པོ་གསུངས་གནང་ཡོད་པ་རེད།

གཞན་ཡང་༧གོང་ས་མཆོག་གིས་ད་ལྟའི་ལམ་ལུགས་འདི་མུ་མཐུད་ནས་གནས་དགོས་མིན་ནི་མཐར་ཐུག་བོད་མི་མང་ལ་རག་ལུས་ཡོད་པ་རེད། ཅེས་ངས་གསལ་པོ་བཟོས་པ་ཡིན་ཞེས་ཨ་རིའི་གྲོང་ཁྱེར་ལོ་སི་ཨན་གྷལ་ནང་༼རྒྱལ་ཡོངས་མི་མང་རླུང་འཕྲིན་ཁང་༽ཞེས་པའི་གསར་འགོད་པར་འགྲེལ་བརྗོད་གནང་ཡོད་འདུག་པ་དང༌།

ཡང་གང་ཉིད་ཀྱིས་གལ་སྲིད་བོད་རྒྱ་ཆེ་མི་མང་གི་སེམས་ངོས་སུ་ཏཱ་ལའི་བླ་མའི་ལམ་ལུགས་འདི་མུ་མཐུད་ནས་ཡུན་རིང་གནས་དགོས་པའི་བབས་འོས་ཞིག་མ་མཐོང་ན། ལམ་ལུགས་འདི་མཚམས་འཇོགས་བྱེད་དགོས་པ་རེད། དེ་ལ་གནད་འགག་གང་ཡང་ཡོད་པ་མ་རེད། དེའི་གནད་དོན་ཐོག་རྒྱ་ནག་གཞུང་གི་དོ་སྣང་ང་ལས་མང་བ་བྱེད་བཞིན་ཡོད་པ་རེད་ཅེས་བཞད་མོ་བཞད་ཞོལ་དུ་དེ་ལྟར་གསུངས་ཡོད་འདུག 

ཡང་བོད་རང་སྐྱོང་ལྗོངས་ཀྱི་གཙོ་འཛིན་པདྨ་འཕྲིན་ལས་ཀྱིས། ད་ལྟ་སྐབས་སུ་ཡང་སྲིད་ཀྱི་གནད་དོན་དེའི་སྐོར་དེ་ལྟ་བུའི་གྲོས་སྡུར་མང་པོ་བྱེད་དགོས་ཀྱི་ཡོད་པ་མ་རེད། ད་ལྟ་ཏཱ་ལའི་བླ་མ་བཞུགས་ཡོད་པ་རེད། གལ་སྲིད་ཁོང་མེད་མ་བཞུགས་པའི་སྐབས་དེར་ང་ཚོ་སྐད་ཆ་བྱེད་ཆོགས་ཀྱི་རེད་ཅེས་གསར་འགོད་པ་ཚོར་འགྲེལ་བརྗོད་བྱས་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།