བལ་ཡུལ་ཉེན་རྟོག་པས་༧གོང་ས་མཆོག་གི་བལ་ཡུལ་སྐུ་ཚབ་འཛིན་བཟུང་།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ།  ཕྱི་ལོ་༢༠༡༠ཟླ་༣ཚེས་༨ཉིན། རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན། འཛམ་གླིང་ཡུལ་གྲུ་ཀུན་ཏུ་ཐོན་ལ་ཉེ་བའི་སུམ་བཅུ་དུས་དྲན་ཐེངས་ལྔ་བཅུ་ང་གཅིག་པ་སྲུང་བརྩི་བྱེད་པར་ཚ་ཚ་འུར་འུར་གྱི་མཐོ་རླབས་ཤིག་འཕྱུར་བཞིན་པའི་དུས་སྐབས་འདིར། བལ་ཡུལ་གྱི་ཉེན་རྟོག་དམག་མིས་ཁ་སང་ཡུལ་དེ་གར་རྟེན་གཞི་བྱས་ཡོད་པའི་ྋགོང་ས་མཆོག་གི་སྐུ་ཚབ་འཕྲིན་ལས་རྒྱ་མཚོ་ལགས་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག

བལ་ཡུལ་ཉེན་རྟོག་དམག་མིས་འགྲེལ་བརྗོད་བྱས་པ་ལྟར་ན། འཕྲིན་ལས་རྒྱ་མཚོ་ལགས་འཛིན་བཟུང་བཀག་ཉར་བྱེད་དོན་ནི་སུམ་བཅུ་དུས་དྲན་ཉིན་བལ་ཡུལ་དུ་རྒྱ་རྒོལ་གྱི་ལས་འགུལ་རིགས་སྔོན་འགོག་དང་བཀག་སྡོམ་ཡོང་སླད་ཡིན་ཟེར་ལ། ཁོང་ཉིད་ག་དུས་མར་གློད་བཀྲོལ་བྱེད་མིན་ཐད་གསལ་ཁ་ཅི་ཡང་གཏོད་ཡོད་མི་འདུག 

ཕྱི་ལོ་༡༩༥༩ལོར་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་དམར་གྱི་བཙན་གནོན་ལ་མ་བཟོད་པར་བོད་མིས་ཞི་བའི་ངོ་རྒོལ་བྱས་ནས་ད་ལྟ་མི་ལོ་ཧྲིལ་པོ་ལྔ་བཅུ་ང་གཅིག་འཁོར་ལ་ཉེ་བའི་སྐབས་འདིར། བལ་ཡུལ་ཉེན་རྟོག་དམག་མིས་བོད་མི་སྐྱབས་བཅོལ་བ་༢༠༠༠༠ལྷག་འཚོ་སྡོད་བྱེད་ས་བལ་ཡུལ་གྱི་༧གོང་ས་མཆོག་གི་སྐུ་ཚབ་འཕྲིན་ལས་རྒྱ་མཚོ་ལགས་འཛིན་བཟུང་བཀག་ཉར་བྱས་པ་འདིས་བལ་ཡུལ་གཞུང་རྒྱ་ནག་གི་ལག་ཆར་གྱུར་ཡོད་པ་གསལ་མཚོན་བྱས་ཡོད་འདུག

དེ་ཡང་ཕྱི་ལོ་༢༠༥ལོར་བལ་ཡུལ་གཞུང་གིས་རྒྱ་ནག་གི་མངོན་ལྐོག་གང་རུང་གི་གནོན་ཤུགས་མ་ཐེགས་པར་ཡུལ་དེའི་རྒྱལ་ས་ཀ་ཐི་མན་ཊུར་རྟེན་གནས་བྱས་ཡོད་པའི་བཙན་བྱོལ་བོད་གཞུང་སྐུ་ཚབ་དོན་གཅོད་ཁང་དང་བོད་མིའི་བདེ་དོན་ལས་ཁུངས་གཉིས་ཀྱི་སྒོ་བཙན་རྒྱག་བྱས་ཡོད་པ་མ་ཟད། ད་ལོའི་ཕྱི་ཟླ་༡པོ་ནས་ད་ལྟའི་བར་བལ་བོད་ཀྱི་ས་མཚམས་རྡོ་ལ་ཁ་བརྒྱུད་བོད་ནས་ཚུར་བྲོས་བྱོལ་དུ་ཡོང་མཁན་བོད་རིགས་སྐྱབས་བཅོལ་སྐོར་ཁག་འགའ་འཛིན་བཟུང་བཙོན་འཇུག་བྱས་ཡོད་འདུག

ཤམ་བྷ་ལའི་ཕོ་ཉའི་གསར་འགོད་པ་གཡང་བྱམས་ཀྱིས་ཕབ་བསྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།