ཐའེ་ཝན་བོད་ཀྱི་གྲོཌ་པོ་ཚོཌ་པའི་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༦ཉིན། ཐའེ་ཝན་དུ་རྟེན་གནས་བྱས་ཡོད་པའི་འདི་ག་གསར་ཁང་གི་གསར་འགོད་པས་གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། ཐའེ་ཝན་བོད་ཀྱི་གྲོགས་པོ་ཚོགས་པས་རྒྱ་ནག་སྐམ་ས་ཆེན་པོ་ནས་ཐའེ་ཝན་ལ་ཡུལ་སྐོར་སྤྲོ་འཆམ་དུ་ཡོང་མཁན་རྒྱ་རིགས་ཡུལ་སྐོར་བ་ཚོར་བོད་དོན་ཐད་ཀྱི་གོ་རྟོགས་སྤེལ་བའི་ལས་འགུལ་ཞིག་སྤེལ་འགོ་ཚུགས་ཡོད་འདུག

དེ་ཡང་ལས་འགུལ་སྤེལ་མཁན་རྣམས་ཀྱིས་ལག་ཏུ་༼ཏཱ་ལའི་བླ་མ་ཕ་ཡུལ་ལ་ལོག་ཕེབས་འཇུག་དགོས༽་༼བོད་ནང་གི་རིག་གཞུང་རྩ་གཏོར་སྲིད་ཇུས་མཚམས་འཇོག་དགོས༽་ཞེས་བཀོད་པའི་འཕྲེད་དར་བཟུང་སྟེ། ཉིན་གཉིས་རིང་གི་ལས་འགུལ་དེི་རིང་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་ནང་དངོས་སུ་སྤེལ་འགོ་བརྩམས་ཡོད་པ་དང༌། འཛམ་གླིང་ཐོག་གི་ཁང་བརྩེགས་མཐོ་ཤོས་ཐའེ་པེ་༡༠༡མདུན་ཐང་དུ་བོད་ནང་གི་ཛ་དྲག་པའི་གནས་ཚུལ་དང་རྒྱ་གཞུང་ལ་འཁྱོག་བཤད་ལ་རྒོལ་བའི་དྲིལ་བསྒྲགས་ཡིག་ཆ་ཁག་འགྲེམས་སྤེལ་བྱས་ཡོད་འདུག

ཐའེ་ཝན་བོད་ཀྱི་གྲོགས་པོ་ཚོགས་པའི་ཚོགས་གཙོ་ལྕམ་མའེ་ལུས་ཆོའུ་ལགས་ཀྱིས་འགྲེལ་བརྗོད་བྱས་པ་ལྟར་ན། རྒྱ་རིགས་ཡུལ་སྐོར་བ་མང་ཤོས་ཤིག་གིས་བོད་དོན་དང་འབྲེལ་བའི་དྲིལ་བསྒྲགས་ཡིག་ཆ་ཁག་ལེན་པར་ཞེ་སྣང་སྐྱེས་ཀྱིན་འདུག་ལ། འགའ་ཤས་ཤིག་གིས་སྡང་སྡུག་ཀྱང་སྟོན་གྱི་འདུག འོན་ཀྱང་ང་ཚོས་རྒྱ་ནག་སྐམ་ས་ཆེན་པོའི་མི་རྣམས་ལ་བསམ་ཤེས་ཐུབ། གང་ཡིན་ཞེ་ན། རྒྱ་ནག་དམར་ཤོག་གཞུང་གིས་ཁོ་ཚོར་དུས་ཡུན་རིང་པོ་ཞིག་ལ་སྟངས་འཛིན་དམ་དྲག་བྱས་ཡོད་ཁར། གནས་ཚུལ་རྫུན་མ་རྐྱང་མཁོ་སྤྲོད་བྱས་ཡོད་པ་རེད། ཅེས་བརྗོད་ཡོད་འདུག

ཁོ་མོས་མུ་མཐུད་དུ། ང་ཚོས་རྒྱ་རིགས་ཡུལ་སྐོར་བ་རྣམས་ཀྱིས་དྲིལ་བསྒྲགས་ཡིག་ཆ་ལེན་པར་རེ་བ་བཅིངས་མེད་ཀྱང༌། ཁོ་ཚོས་ཐའེ་ཝན་ནང་གི་མང་གཙོ་དང་རང་དབང་ལས་འགུལ་དངོས་སུ་མིག་མཐོང་བྱུང་དུ་འཇུག་འདོད་ཡོད། ཅེས་ཟེར།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་གཡང་བྱམས་ཀྱིས་ཕབ་བསྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།