སུམ་བཅུ་དུས་དྲན་བོད་ཀྱི་ཉིན་མོར་སྲུང་བརྩི་ཞུ་རྒྱུའི་གྲོས་ཆོད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༦ཉིན། བཙན་བྱོལ་བོད་གཞུང་གི་དྲ་གནས་སུ་གནས་ཚུལ་སྤེལ་གསལ་ལྟར་ན། །ཕྱི་ལོ་ ༢༠༡༠ཟླ་༣ཚེས་༤ཉིན་ཨ་རིའི་ཝི་སི་ཀོན་སིན་མངའ་སྡེའི་གྲོས་ཚོགས་གོང་འོག་གཉིས་ཀྱིས་ཟུང་འབྲེལ་ཐོག་ཕྱི་ཟླ་གསུམ་པའི་ཚེས་བཅུའི་དུས་དྲན་ཉིན་བོད་ཀྱི་ཉིན་མོར་སྲུང་བརྩི་ཞུ་རྒྱུའི་གྲོས་ཆོད་ཨང་༡༡༢ཅན་༼Assembly Joint Resolution ༡༡༢༽ཞེས་པ་ཞིག་གཏན་འབེབས་གནང་སྟེ་ཕྱི་ཟླ་ ༣ ཚེས་ ༡༠ཉིན་མོ་སྟེ་བོད་ཀྱི་ཉིན་མོ་སྲུང་བརྩི་ཞུ་རྒྱུའི་གསལ་བསྒྲགས་གནང་ཡོད་པ་རེད།

གྲོས་ཆོད་དེ་འཇོག་སྐབས་མངའ་སྡེའི་གྲོས་ཚོགས་ཁང་ནང་ཁུལ་དེར་ཡོད་པའི་བོད་ཀྱི་རིག་གཞུང་དང་སྐད་ཡིག་སྦྱོང་མཁན་གྱི་སློབ་མ་རྣམས་ཆེད་འབོད་ཀྱིས་སྨོན་ལམ་གསུང་མུར་གྲོས་ཚོགས་ཀྱི་ལས་རིམ་དབུ་འཛུགས་གནང་སྐབས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་ཨ་རིའི་རྒྱལ་གླུ་གཉིས་རིམ་བཞིན་སྐད་གསང་མཐོན་པོའི་སྒོ་ནས་བཏང་སྟེ་བོད་ཀྱི་དཔའ་བོ་དཔའ་མོ་འདས་གསོན་རྣམས་ལ་རྗེས་དྲན་གྱི་རྣམ་པ་གསལ་པོ་བཏོན་ཡོད།

དེ་ཡང་གྲོས་ཆོད་འདོན་མཁན་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཇའོ་ཕེ་རིས་སི་ལགས་ཀྱིས་བརྒྱུད་ལམ་ཁག་ལ་འགྲེལ་བརྗོད་གནང་བའི་ནང་འཁོད་དོན། གྲོས་ཆོད་དེ་ནི་བོད་རང་དབང་གི་འཐབ་རྩོད་ཆེད་སྐུ་སྲོག་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་དང་ཆེ་བསྟོད་ཞུ་རྒྱུའི་ཆེད་དུ་རེད། དེ་བཞིན་བོད་མིའི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ནི་ཝི་སི་ཀོན་སིན་དང་ཨ་རིའི་ནང་རང་དབང་ལ་དགའ་བའི་མི་མང་རྣམས་ནས་སེམས་ཁུར་བྱེད་སའི་གནད་དོན་ཞིག་ཡིན།

གྲོས་ཆོད་འདི་བཞག་པ་བརྒྱུད་བོད་རྒྱ་མི་རིགས་གཉིས་ཀྱི་མོས་མཐུན་བྱ་འོས་ཀྱི་འགྲིག་ཆགས་ཡོང་ཐབས་སུ་བོད་མིའི་འཐབ་རྩོད་སྐོར་ལ་གོ་རྟོགས་སྤེལ་གྱི་ཡོད། བོད་དོན་འགྲིག་ཆགས་ཡོང་རྒྱུའི་ནང་བོད་མི་ཚོར་རང་དབང་དང་ཞི་བདེ། ཆེ་མཐོང་གི་མི་ཚེ་ཞིག་ངེས་པར་དུ་ཚང་དགོས་ཀྱི་ཡོད། དེ་བཞིན་ཕྱི་ཟླ་༣ཚེས་༡༠ཉིན་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་རིགས་དང་དྲང་བདེན་ལ་དགའ་བའི་མི་མང་རྣམས་ནས་གསུམ་བཅུའི་སྒེར་ལངས་ཀྱི་ཉིན་མོ་སྲུང་བརྩི་བྱས་དང་བྱེད་མུས་ཡིན།

ཉིན་མོ་དེ་ནི་འདས་པའི་ལོ་རྒྱུས་ཀྱི་བྱུང་བའི་ནང་རྒྱ་ནག་གཞུང་ནས་བོད་མིར་གཞི་རྒྱ་ཆེ་བའི་འགོག་གནོན་དང་གདུག་རྩུབ་བྱས་པའི་མཇུག་འབྲས་ལ་བརྟེན། བོད་ནང་མུ་ནག་གི་ཉིན་མོ་སྡུག་ཤོས་ཤིག་ཡིན་པར་དྲན་བསྐུལ་བྱེད་བཞིན་ཡོད། ང་ཚོས་བོད་ཀྱི་སྤྱི་ཚོགས་ལ་ངོས་འཛིན་གྱིས་དྲང་བདེན་ལ་འཐབ་རྩོད་བྱེད་རྒྱུ་ནི་འོས་འཚམས་ཤིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད། ཅེས་འགྲེལ་བརྗོད་གནང་ཡོད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།