གསར་འགྱུར་གསར་པ།:

དགོངས་ཚུལ།

རྒྱ་ནག་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོཌ་པེ་ཅིན་དུ་ཚུཌ་པ།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༥ཉིན། རྒྱ་གཞུང་གི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་དེ་ཟླ་འདིའི་ཚེས་༣ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་འགོ་ཚུགས་ཡོད་འདུག

དེ་ཡང་ཉིན་བཅུའི་རིང་གི་གྲོས་ཚོགས་ཐོག་རྒྱ་ནག་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་ཀྱིས་རྒྱ་ནག་གི་སྲིད་ཇུས་དང་དམངས་ཀྱི་འཚོ་བར་འབྲེལ་བའི་གནད་དོན་རིགས་ལ་གོ་བསྡུར་བྱས་ཏེ་བློ་འདོན་ཇུས་འབུལ་བྱེད་རྒྱུ་ཡིན་ཚུལ་རྒྱ་གཞུང་གསར་གནས་ཁག་གིས་ཚ་ཚ་འུར་འུར་ངང་ཁྱབ་བསྒྲགས་བྱེད་ཀྱིན་འདུག་ལ། རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་དང་བུའུ་པང་གོ བུན་ཅ་པའོ། ལིས་ཁྲང་ཁྲུང༌། ཞི་ཅིན་ཕེན། ལིས་ཁི་ཆང༌། ཧི་གོ་ཆང༌། ཀྲིག་ཡུང་སོགས་སྲིད་གྲོས་ཨུ་ཡོན་རྣམས་དང་མཉམ་དུ་ཚོགས་བཅར་བྱས་ཡོད་འདུག

ཚོགས་ཐོག་ཏུ་ཧུའུ་ཅིན་ཐའོ་ཡིས་མཐུན་སྒྲིལ་དང་དམངས་གཙོ་བརྗོད་སྙིང་བྱས་པའི་གཏམ་བཤད་དང༌། ཅ་ཆིན་ལིན་གྱིས་རྒྱ་ནག་གིས་རྒྱལ་སྤྱིའི་དངུལ་ལོར་ཉམས་ཉེན་གྱི་བར་ཆད་ལ་ཁ་གཏད་འཇལ་ནས་དཔལ་འབྱོར་བརྟན་བརླིང་བསྐྲུན་ཡོད་པའི་གཏམ་བཤད་བྱས་ཚུལ་གྱི་གནས་ཚུལ་ཡང་རྒྱའི་གཞུང་འབྲེལ་གསར་གནས་ཁག་ཏུ་ཐོན་འདུག

རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་པས་ཚོགས་ཆེན་ལ་ཟུར་ཞུགས་དང༌། རྒྱ་ནག་ཏུ་སྡོད་པའི་རྒྱལ་ཁབ་སོ་སོའི་གཞུང་ཚབ་པས་ཟུར་ཉན་བྱས་ཡོད་ཟེར།

ཤམ་བྷ་ལའི་ཕོ་ཉའི་གསར་འགོད་པ་གཡང་བྱམས་ཀྱིས་འཚོལ་བསྡུ་བྱས།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།