༧གོང་ས་མཆོག་གིས་ཆིས་ལེ་ས་ཡོམ་གྱི་གོད་ཆཌ་ལ་ཐུཌ་གསོའི་འཚམས་འཕྲིན།
ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ལོའི་ཟླ་༣པའི་ཚེས་༡ཉིན། ཉེ་ཆར་ལྷོ་ཨ་མེ་རི་ཀའི་ཆིས་ལེ་སྤྱི་མཐུན་རྒྱལ་ཁབ་ལ་བྱུང་བའི་ས་ཡོམ་གོད་ཆགས་ཁྲོད་ཀྱི་གནོད་སྐྱོན་ཕོག་མི་རྣམས་ལ་ྋགོང་ས་མཆོག་གིས་རྒྱ་ཁབ་དེ་གའི་སྲིད་འཛྀན་ལྕམ་སྐུ་མའེ་ཆའ་ལེས་བྷེ་ཆའ་ལེ་ཌི་བརྒྱུད་ཐུགས་གསོའི་འཚམས་འདྲི་མཛད་ཡོད་འདུག
ཟླ་སྔོན་མའི་ཚེས་༢༧ཉིན་ལྷོ་ཨ་མེ་རི་ཀའི་ཆིས་ལེ་སྤྱི་མཐུན་རྒྱལ་ཁབ་ལ་ཚད་རིམ་༨.༨ཅན་གྱི་ས་ཡོམ་དྲག་པོ་ཞིག་བརྒྱབས་ཏེ་ཉུང་མཐར་ཡང་མི་༧༡༡ལྷག་གི་རྐྱེན་ལམ་དང༌། མི་གྲངས་ས་ཡ་༢བརྒལ་བའི་འཚོ་གནས་ལ་གནོད་སྐྱོན་ཚབས་ཆེན་བཏང་ཡོད་པ་མ་ཟད། སྡོད་ཁང་དང་ཟམ་པ། དེ་བཞིན་ལམ་ཁ་སོགས་ལ་གཏོར་བཤིག་ཚད་མེད་བཏང་ཡོད་འདུག་ལ། བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ྋགོང་ས་མཆོག་གིས་ཟླ་སྔོན་མའི་ཚེས་༢༨ཉིན། ཆིས་ལེའི་སྲིད་འཛིན་ལྕམ་སྐུ་མའེ་ཆའ་ལེས་བྷེ་ཆའ་ལེ་ཌི་མཆོག་གི་མཚན་ཐོག་ཏུ་གནོད་སྐྱོན་ཕོག་མི་རྣམས་ལ་ཐུགས་གསོའི་འཚམས་འཕྲིན་ཞིག་བསྩལ་ཡོད་འདུག
དེ་ཡང་ཐུགས་གསོའི་འཚམས་འཕྲིན་ནང༌། སྲིད་འཛིན་ལྕམ་སྐུ་མཆོག་བརྒྱུད་ས་ཡོམ་གྱི་གོད་ཆག་ཕོག་པའི་ཁྱིམ་མི་ཚོར་ཐུགས་བརྩེ་ཆེན་པོས་གདུང་སེམས་མཉམ་སྐྱེ་དང་མྱ་ངན་སྨོན་ལམ་མཛད་བཞིན་ཡོད། ཅེས་བཀོད་ཡོད་འདུག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་གཡང་བྱམས་ཀྱིས་ཕབ་བསྒྱུར་བྱས།