༧གོང་ས་མཆོག་གིས་ཨ་རིའི་ཕི་ལོ་རི་ཊོ་མངའ་སྡེའི་ནང་མཛད་འཕྲིན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ལོའི་ཟླ་༢པའི་ཚེས་༢༥ཉིན། ཟླ་འདིའི་ཚེས་༢༣ཉིན་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་ཨ་རིའི་ཕི་ལོ་རི་ཊོ་མངའ་སྡེའི་ནའོ་ཝ་ལྷོ་ཤར་གཙུག་ལག་སློབ་གྲྭ་ཆེན་མོའི་ནང༌། གོ་ལའི་སྤྱི་ཚོགས་ནང་བྱམས་བརྩེའི་ནུས་པ་ཞེས་པའི་བརྗོད་གཞིའི་ཐོག་ལ་མང་ཚོགས་༣༥༠༠ལྷག་ལ་བཀའ་སློབ་བསྩལ་ཡོད་འདུག 
མགོན་པོ་གང་ཉིད་ཀྱིས་ཚོགས་བཅར་རྣམས་ལ་ཁོང་ཉིད་བཙན་བྱོལ་དུ་ལོ་༥༠ཙམ་བཞུགས་རིང་འཛམ་གླིང་གི་མི་སྣ་འདྲ་མིན་དང་ཐུག་རྒྱུའི་གོ་སྐབས་གསར་པ་ཞིག་ཐོག་ཡོད་པ་དང༌། དཀའ་ངལ་གྱི་དུས་སྐབས་དེས་གོ་སྐབས་གསར་པ་ཞིག་བསྐྲུན་ཡོད་སྐོར་བཀའ་ཕེབས་ཡོད་འདུག སྐབས་དེར་ྋགོང་ས་མཆོག་གིས་རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ནང༌། གལ་ཏེ་བཅོས་སུ་ཡོད་ན་ནི་དེ་ལ་མི་དགའ་སུ་ཞིག་ཡོད། ཅི་སྟེ་བཅོས་སུ་མེད་ན་ནི་དེ་ལ་མི་དགའ་བྱེད་ཅི་ཕན། ཞེས་པའི་ཚིག་བཅད་དེ་ལུང་འདྲེན་མཛད། དེ་བཞིན་དཀའ་ངལ་མང་པོ་ཞིག་ང་ཚོ་རང་གིས་བཟོས་པ་ཞིག་ཡིན་པ་དང༌། དཀའ་ངལ་དེ་དག་གི་གཉེན་པོ་དེ་ཡང་བྱམས་བརྩེའི་བསམ་པ་བཟང་པོས་བསྟེན་ཐུབ་ཀྱི་ཡོད་ལུགས་སྐོར་བཀའ་བསྩལ་པ་དང༌། དེ་བཞིན་ྋགོང་ས་མཅོག་གིས་གོ་མཚོན་ཕྱིར་བསྡུ་བྱེད་རྒྱུ་དེ་གལ་ཆེ་ཡིན་པ་དང༌། ཕྱིའི་གོ་མཚོན་གོ་མཚོན་ཕྱིར་བསྡུ་བྱེད་པར་དང་པོ་ནང་གི་གོ་མཚོན་ཕྱིར་བསྡུ་དགོས་སྐོར་བཀའ་ཕེབས་འདུག དེ་མཚུངས་ྋགོང་ས་མཆོག་གིས་དངོས་ཡོད་གནས་ཚུལ་གང་ཡིན་གསལ་པོ་ཤེས་རྒྱུར་སེམས་ཉོན་མོངས་ཀྱིས་གཞན་དབང་དུ་མ་སོང་བར་ཞི་བདེ་བག་ཕེབས་ཀྱི་བསམ་བློ་དགོས་པ་དེ་གལ་ཆེན་ཡིན་སྐོར་བཀའ་སློབ་གནང་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།