གསར་འགྱུར་གསར་པ།:

༧གོང་ས་མཆོག་གི་ལའོ་སི་ཨན་གྷལ་ནང་མཛད་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༢ཚེས་༢༤ཉིན། རེས་གཟའ་ཉི་མ་ཉིན་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་གྲོང་ཁྱེར་ལའོ་སི་ཨན་གྷལ་ནང་མི་མང་ལ་གསུང་བཤད་དང་བཀའ་སློབ་ཞིག་གནང་ཡོད་པ་རེད་འདུག དེར་བརྟེན་གྷིབ་སུན་ཞེས་པའི་ཚོགས་ཁང་དེའི་ནང་མི་མང་སྟོང་ཕྲག་མང་པོ་འདུ་འཛོམས་དང༌། སྐབས་དེར་གང་ཉིད་ཀྱི་བཀའ་སློབ་དང་གསུང་བཤད་གནང་བ་ཁོ་ན་ཙམ་མ་ཟད། དྲི་བ་དྲིས་ལན་ཡང་གནང་ཡོད་འདུག མཛད་སྒོའི་མཇུག་ཏུ་ཆུ་ཚོད་༢དང་ཕྱེད་ཀ་ཙམ་གྱི་རིང་༧གོང་ས་མཆོག་གིས་མི་མང་རྣམས་ལ་ནང་སེམས་ཀྱི་ཞི་བདེའི་སྐོར་གཙོ་བཟུང་གི་བཀའ་སློབ་ཡང་གནང་ཡོད་པ་རེད་འདུག

བཀའ་སློབ་དང་གསུང་བཤད་དེ་གོ་སྒྲིག་བྱེད་མཁན་ནི་ཨ་རིའི་གྲོང་ཁྱེར་ལའོ་སི་ཨན་གྷལ་ནང་བརྟེན་གཞི་བྱས་ཡོད་པའི་རྒྱལ་སྤྱིའི་བྱིས་པའི་གཅེས་སྐྱོང་ཁང་ཡིན་འདུག་ལ། ༧གོང་ས་མཆོག་གིས་འཛམ་གླིང་ཀུན་ཁྱབ་ཀྱི་གསུང་འཕྲིན་ཏེ། གལ་སྲིད་ཞི་བདེ་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་བསྐྲུན་དགོས་ཚེ། མི་རྣམས་ལ་ཆུང་དུས་ནས་བྱམས་སྙིང་རྗེའི་ས་བོན་འདེབས་དགོས་ཀྱི་ཡོད་པ་རེད་ཅེས་བཀའ་གནང་འདུག

སྐུ་ཞབས་ཇི་ཧྥོ་གྷལ་མན་ལགས་ཀྱིས། ༧གོང་ས་མཆོག་ནི་བྱམས་བརྩེ་དང་འཚེ་བ་མེད་པར་ཡིད་ཆེས་དང་བཀའ་སློབ་གནང་མཁན་ཞིག་ཡིན་པ་དང༌། དེར་བརྟེན་གང་ཉིད་ནི་དེ་ལྟ་བུའི་མི་སྣ་གྲགས་ཅན་ཞིག་ཡིན་པ་རེད། དེ་འདྲ་ཡིན་དུས་ངའི་བསམས་པར་གང་ཉིད་ཀྱི་གསུང་འཕྲིན་དེས་མི་རྣམས་ཀྱི་བསམ་བློ་གོང་མཐོར་དུ་གཏོང་ཐུབ་ངེས་རེད་ཅེས་འབྲེལ་བརྗོད་གནང་འདུག

ལའོ་སི་ཨན་གྷལ་ནང་༧གོང་ས་མཆོག་གིས་ཉེར་ཆར་རེས་གཟའ་ཕུར་བུ་ཉིན་སྲིད་འཛིན་ཨོ་བྷ་མ་དང་མཇལ་འཕྲད་སྐོར་གསུངས་དོན། སྐབས་དེར་ང་ལ་མཇལ་འཕྲད་གནང་སྟངས་དང་སྣེ་ལེན་སོགས་ཚད་གཞི་དམའ་མོ་ཡིན་པའི་ཚོར་སྣང་གང་ཡང་མེད། གང་ཡིན་ཟེར་ན་ངོས་ནས་སྲིད་འཛིན་མཆོག་རྒྱ་ནག་དང་འབྲེལ་ལམ་དབང་གི་རྒྱ་ནག་ཕྱོགས་ལ་སྟུན་ཤེས་བྱེད་དགོས་ཀྱི་ཡོད་པའི་བསམ་ཤེས་བྱེད་ཀྱི་ཡོད།

དོན་དངོས་ཀྱི་ཆ་ནས་ཨོ་བྷ་མས་འཛམ་གླིང་ཁྱོན་དུ་འགྲོ་བ་མིའི་ཐོབ་ཐང་ལ་དོ་སྣང་དང་ཕྱག་ལས་གནང་གི་འདུ་ལ། ང་ལ་ཆབ་སྲིད་ཀྱི་རྣམ་འགྱུར་དེར་བསམ་ཚུལ་གང་ཡང་མེད། གལ་ཆེ་ཤོས་དེ་གདོང་དང་གདོང་གཏུག་ནས་སྐད་ཆ་བྱེད་རྒྱུ་དེ་རེད་ཅེས་བཀའ་གནང་འདུག

ཐེངས་འདིར་༧གོང་ས་མཆོག་ལ་ཨ་རིར་ཉིན་༡༠རིང་མཛད་འཕྲིན་ཡོད་འདུག་པ་དང༌། དེའི་ནང་ནས་ཨ་རིའི་ཤར་ལྷོ་མཚམས་སུ་ཡོད་པའི་པི་ལོ་རི་ཌ་མངའ་སྡེ་ནང་ཕེབས་ནས་༼བྱམས་བརྩེ་དང་ཀུན་སྤྱོད་ལྡན་པའི་ཤེས་ཡོན་༽ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་རྒྱུ་ཡིན་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
ཨ་རོགས་ཁམས་པ།
1 ༢༤༢༠༡༠༡༥༡༩
འབའ་པ་སྐལ་བཟང་འཕྲིན་ལས། ་ ་
གོ་སོང་། བསྐྱབས་སུ་འཆིའོ། ཁོང་སྐུ་ཚེ་བརྟན་པ་ཤོག



བརྗོད་གཞི་གཞན་ཁག་ལ་གཟིགས།