༧གོང་ས་མཆོག་ཨ་རིར་ཞབས་སོ་བདེ་བར་འཁོད་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༢ཚེས་༡༨ཉིན། བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག ཨ་རིའི་སྲིད་འཛིན་མཆོག་དང་མཇལ་འཕྲད་ཆེད་ཟླ་འདིའི་ཚེས་༡༦ཉིན། མགོན་པོ་གང་ཉིད་རྡ་རམ་ས་ལ་ནས་ཕེབས་ཐོན་གྱིས་ཕྱི་ཚེས་༡༧ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཁྲོན་དུ་ཞབས་སོ་བདེ་བར་འཁོད་ཡོད་པ་རེད། སྐབས་དེར་ཨ་རིར་གནས་བཞུགས་༧གོང་ས་མཆོག་གི་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་དང༌། ཨ་རིའི་བོད་གཞུང་གི་སྐུ་ཚབ་དོན་གཅོད་བཀའ་ཟུར་བློ་བཟང་སྙན་གྲགས་མཆོག་རྣམ་གཉིས་ཀྱིས་གཙོས། ཨ་རིའི་གཞུང་འབྲེལ་སྣེ་ལེན་པ་དང་དེ་བཞིན་རྒྱ་གར་གཞུང་གི་སྐུ་ཚབ་བཅས་གནམ་ཐང་དུ་ཕེབས་སུ་ཞུ་བར་བཅར་ཡོད་འདུག

དེ་རྗེས་གང་ཉིད་བཞུགས་གནས་མགྲོན་ཁང་དུ་ཆིབས་བསྒྱུར་སྐབས་ས་གནས་བོད་རིགས་ཚོགས་པ་སོགས་ཀྱིས་བོད་པའི་སྲོལ་རྒྱུན་གྱི་ལུགས་ལྟར་གྲོ་སོ་ཕྱེར་མར་འདེབས་འབུལ་ཞུས་པ་དང་ཆབས་ཅིག་བོད་པའི་རིག་གཞུང་སྟེ་གཞས་དང་ཞབས་བྲོ་འཁྲབ་སྟོན་ཡང་བྱས་ཡོད་འདུག

ཕྱི་ཚེས་༡༨ཉིན་གྱི་ཞོགས་པར་༧གོང་ས་མཆོག་དང་སྲིད་འཛིན་ཨོ་བྷ་མ་རྣམ་གཉིས་མཇལ་འཕྲད་གནང་གཏན་ཁེལ་བ་དང༌། ཉིན་དེ་གའི་ཕྱི་དྲོ་ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧེ་ལ་རུ་ཁེ་ལི་ཊོན་མཆོག་དང་མཇལ་འཕྲད་གནང་རྒྱུ་ཡིན་འདུག གཞན་ཡང་ཐེངས་འདིར་ཨ་རིའི་དམིགས་བསལ་བོད་དོན་འབྲེལ་མཐུད་པ་ལྕམ་མའ་རོ་ཨོ་ཊི་རོ་མཆོག་དང༌། དེ་བཞིན་རྒྱ་གར་གྱི་གཞུང་ཚབ་མི་སྣ་མེ་རཱ་ཤན་ཀར་སོགས་ལའང་མཇལ་འཕྲད་གནང་འཆར་ཡོད་འདུག

༧གོང་ས་མཆོག་ཨ་རིར་ཕེབས་ཐོན་གྱིས་རེས་གཟའ་ཕུར་བུ་ཉིན་ཨ་རིའི་ཕོ་བྲང་དཀར་པོའི་ནང་སྲིད་འཛིན་ཨོ་བྷ་མ་དང་ལྷན་དུ་མཇལ་འཕྲད་གནང་རྒྱུའི་ཐད། རྒྱ་ནག་ནས་ངོ་རྒོལ་དང་སྐྱོན་བརྗོད་ཤུགས་ཇེ་ཆེ་རུ་འགྲོ་བཞིན་ཡོད་པ་རེད།

ཐེངས་འདིར་༧གོང་ས་མཆོག་ཨ་རིར་ཕེབས་ནས་ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་མཇལ་འཕྲད་གནང་རྒྱུ་མ་ཟད། ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧེ་ལ་རུ་ཁེ་ལིན་ཊོན་མཆོག་ལའང་མཇལ་འཕྲད་གནང་རྒྱུ་ཡིན་དུས་ངའི་སེམས་པ་དགའ་སྤྲོའི་ཁེངས་སོང་ཅེས་དང༌། གནད་དོན་དེ་ལྟ་བུ་ནི་ང་ཚོར་མཚོན་ན་ཧ་ཅང་གི་གལ་གནད་ཆེན་པོ་ཞིག་རེད་ཅེས། སྐུ་ཞབས་འབྱོར་ཁང་ལགས་ཀྱིས་རུའུ་ཊེར་ཅེས་པའི་གསར་ཁང་གི་གསར་འགོད་པར་འགྲེལ་བརྗོད་གནང་ཡོད་འདུག

རྒྱ་ནག་གཞུང་གིས་སྲིད་འཛིན་ཨོ་བྷ་མས་༧གོང་ས་མཆོག་ལ་མཇལ་འཕྲད་ཞུ་རྒྱུའི་ཐག་གཅོད་དེ་ནི་ནོང་འཁྲུལ་ཅན་ཞིག་ཡིན་ཚུལ་ངོ་རྒོལ་གྱིས། བོད་སྐད་ཀྱི་ལམ་ནས་གསར་འགྱུར་རྒྱང་སྒྲོག་བྱེད་བཞིན་ཡོད་འདུག་པ་དང༌། ཐུན་རིན་རྫོང་༼རྒྱ་གཞུང་གིས་གཞན་གསར་དུ་བཏགས་པའི་རེབ་གོང་གི་ས་མིང་༽ནི་མཚོ་སྔོན་ཞིང་ཆེན་གྱི་ནུབ་ཕྱོགས་སུ་ཡོད་པའི་བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཕྱི་ལོགས་སུ་ཡོད་པ་དང་། ས་ཆ་དེ་ནི་ཕྱི་ལོ་༡༩༣༥༧གོང་ས་མཆོག་འཁྲུངས་ཡུལ་གྱི་ཉེ་འཁྲིས་སུ་ཡོད་འདུག ཁ་སང་དགོང་མོར་དེར་ཡོད་བོད་མི་རྣམས་ཀྱིས་ལོ་གསར་སྐབས་དགའ་སྟོན་གྱིས་ཤོག་སྦག་སྤར་བ་སོགས་བྱས་ཡོད་འདུག འོན་ཀྱང་དགེ་འདུན་པ་མང་པོས་འགྲེལ་བརྗོད་བྱས་པ་ལྟར་ན། ཁོང་ཚོས་དེ་ལྟར་བྱེད་དགོས་དོན་ནི་ཕྱོགས་གཞན་ཞིག་ནི་ཐེངས་འདིར་༧གོང་ས་མཆོག་དང་ཨོ་བྷ་མ་རྣམ་གཉིས་མཇལ་འཕྲད་ཀྱིས་གྲུབ་འབྲས་བཟང་པོ་ཞིག་ཐོན་རྒྱུའི་རྟེན་འབྲེལ་བྱས་པ་ཡིན་འདུག་ལ། མ་ཚད་དགེ་འདུན་པ་ཚོས་བསང་གསོལ་དང༌། དུང་འབུད་པ་སོགས་རིམ་གྲོལ་ཡང་བྱས་ཡོད་འདུག

ཡང་ཉེ་ཆར་བོད་ལྗོངས་ཉིན་རེ་ཚགས་པ་ནས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ཚེས་༡༢ཉིན་པེ་ཅིང་ཤིན་ཧྭ་གསར་ཁང་གིས་རྒྱ་ནག་ཕྱི་འབྲེལ་གྱི་མགྲིན་ཚབ་པ་མཱ་ཀྲའོ་ཞུན་ལ་ཟླ་འདིའི་ཚེས་༡༨ཉིན་༧གོང་ས་མཆོག་དང་ཨོ་བྷ་མ་རྣམ་གཉིས་མཇལ་འཕྲད་བྱ་རྒྱུའི་སྐོར་བཅར་འདྲི་བྱས་པར། ཁོང་གིས་གནད་དོན་དེའི་ཐད་རྒྱ་ནག་ཕྱོགས་ནས་སྔ་ཕྱི་བར་གསུམ་དུ་ངོ་རྒོལ་ལ་འགྱུར་བ་གང་ཡང་མེད་ཅེས་བཤད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (3)
བཅུ་ཕྲག་གནས་ལ་རིག་རྩལ་སྐྱེན་པའི་ཆོས་གྲོགས་བློ་བཟང་དཔལ་ལྡན་ལགས།།
ཆུང་འདྲེས་གྲོགས་ཀྱི་ཕྱི་ཐག་བསམ་ནས་འཛུམ་ཆུང་མེ་ཏོག་གྲོལ་བཞིན་ཏུ།།
སྙན་སྙན་ངག་གི་གཞས་ཆུང་བླངས་པའི་ཐོས་འཛིན་བུ་གས་གསལ་ཐོས་པས།།
སྤྲོད་དགེའི་སེམས་ཀྱི་འདབ་སྟོང་གྲོལ་བཞིན་འཕྲིན་ལན་འདི་གོ་འབྲི་བར་བྲེལ།།

དགེ་བཅུའི་མཚན་མའི་རང་འདང་བཀྲ་བའི་མཐོ་སྒང་ཁ་བའི་འཇིན་རྟེན་དུ།།
ལྔ་རིག་སྦྲང་ཆང་མགྲིན་པར་འཁྱིལ་བའི་ཆུང་གྲོགས་ཁྱེད་ལ་ཚིག་འགའ་གསོལ།།
མཐའ་བྲལ་ཤེས་བྱའི་དབྱིངས་རིམ་ཆེན་མོར་རིག་པའི་གཤོག་རྩལ་སྒྱུར་བཞིན་ཏུ།།
ཕུགས་རེ་བའི་རི་མོ་བཞད་པར་ད་དུང་མི་མཐུད་བརྟན་པར་འཚལ།།

འཁོས་ཞན་གྲོགས་དམན་ཁོ་བོའི་ལུས་སེམས་དེང་ཆར་བདེ་སྐྱིད་དྲན་པོའི་ངང་།།
རང་འཁྲིའི་ལས་ཀྱི་བགྱི་བར་འབད་བཞིན་གཞེས་མུས་ལགས།།
མཛའ་བཅུག་པ་དྨའི་འཁྲི་ཤིང་ངོས་སུ་དུང་འདུད་འདབ་ལོ་སྨོན་བཞིན་ཏུ།།
སྙན་འཕྲིན་ངག་གིཕོ་ཉ་མོ་ཡང་ཡང་ནས་ཡང་དུ་མངགས་པར་འཚལ།།

གངས་དཀར་སྨན་རྫིའི་བརྟན་བརླུངས་བ
བརྩེ་འདུན་རེ་ཁཱ་མི་ཉམས་པར།།
མངོན་ཕྱོགས་ཤེས་པའི་དུས་ཆར་ལ།།
ཁྱེད་ཞལ་པད་མོར་མྱུར་མཇལ་སྨོན།།

སྤྱི་ལོའི་ཉིས་སྟོང་ལོར་ཝ་ར་ཎ་དཔེ་མཛོད་ཁང་ནས།།
གྲོགས་ཡག་པོ་ལགས། ཡག་པོ་ནི་ཡག་པོ་རང་རེད་འདུག ངེད་ཤམ་བྷ་ལའི་དྲ་རྒྱའི་ནང་གསར་འགྱུར་འབྲི་སྟངས་ལ་སོགས་པའི་ནོར་འཁྲུལ་ཅི་ཞིག་མཆིས་ཚེ་འདི་ལྟའི་བསམ་ཚུལ་དང་བཀའ་སློབ་གནང་བར་ཐུགས་རྗེ་ཆེ་ཞུ། རྗེས་མར་ཡང་མུ་མཐུད་ནས་ཡིན་ད།
རེ་གོང་ཞེས་པ་རྒྱུན་འབྱམས་སུ་རེབ་གོང་ཞེས་ཟེར་བཞིན་ཡོད། ཐུན་རིན་རྫོང་ཟེར་བ་ས་དེའི་རྒྱ་སྐད་ཀྱི་སྲིད་འཛིན་ས་མིང་རེད། གོང་སའི་འཁྲུངས་ཡུལ་ཨ་མདོ་ཡིན་པ་བདེན་ཡང་ཙོང་ཁ་བདེ་ཁམས་ཀྱི་ཆ་ཡིན་པ་ལས་རེབ་གོང་མ་རེད།



བརྗོད་གཞི་གཞན་ཁག་ལ་གཟིགས།