ྋགོང་ས་མཆོག་ནས་ཨ་ཕི་རི་ཀའི་ནའེ་ཇེ་རི་ཡར་མཛད་འཕྲིན་ལེཌ་གྲུབ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

 28november20086བོད་མིའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ཨ་ཕི་རི་ཀའི་གླིང་ཕྲན་ནང་གི་རྒྱལ་ཁབ་ནའེ་ཇེ་རི་ཡའི་ཨ་ནིཡེམ་ཨོ་སིག་ལྦེ་ཞེས་པའི་ཐེབས་རྩ་ཁང་གིས་འདས་པའི་ལོ་མང་རིང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་མཐར་དེང་སྐབས་ནའེ་ཇེ་རི་ཡའི་རྒྱལ་ས་ལ་གྷོ་སི་ནང་ཆོས་ཕྱོགས་ཀྱི་མཛད་འཕྲིན་བསྐྱངས་གནང་ཡོད་པ་རེད། དེ་ཡང་ཟླ་བ་འདིའི་ཚེས་ཉི་ཤུ་བདུན་ཉིན་ཆོས་ཚོགས་དེའི་ཐེངས་བཅུ་པའི་མཛད་སྒོའི་ཐོག་གསུང་བཤད་གནང་སྐབས་ཆོས་ལུགས་ཡོངས་རྫོགས་འདྲ་མཉམ་གཅིག་མཚུངས་ཡིན་པའི་བརྗོད་གཞིའི་ཐོག་གསུང་བཤད་བསྩལ་གནང་མཛད་སྐབས་གསུངས་དོན། ནའེ་ཇེ་རི་ཡའི་ནང་ཁ་ཆེ་དང་ཡེ་ཤུའི་ཆོས་ལུགས་གཉིས་ཉམས་ལེན་བྱེད་མཁན་ཁྱོན་ཆེན་པོ་ཡོད་པ་མ་ཟད། ཆོས་ལུགས་དེ་གཉིས་ཉམས་ལེན་བྱེད་མཁན་ཚོའི་དབར་གཞི་རྩའི་ཆ་ནས་འཆམ་འཐུན་ལྡན་པ་ཡོད་པ་ཧ་ཅང་གལ་ཆེན་ཡིན་པ་དང༌། དེ་ནི་ངོ་མཚར་ཆེན་པོ་རེད་ལ་འཛམ་གླིང་གི་རྒྱལ་ཁབ་གཞན་དག་ཚོ་དང་རྒྱལ་ཁབ་དེ་ཚོའི་ནང་གི་ཆོས་ལུགས་འདྲ་མིན་ཉམས་ལེན་བྱེད་མཁན་ཚོས་ནའེ་རེ་ཇི་ཡའ་ནང་གི་ཆོས་ལུགས་ཕན་ཚུན་དབར་གྱི་བཟོད་བསྲན་ཅན་གྱི་གོམས་གཤིས་བཟང་པོ་དེ་ནས་དཔེ་མཚོན་ལེན་འོས་པ་ཞིག་རེད་ཅེས་དང༌། ཆོས་ལུགས་ཕན་ཚུན་དབར་འཆམ་མཐུན་ཅན་གྱི་འབྲེལ་བ་འདི་འདྲ་བ་ཡོད་པ་དེ་ཁྱེད་ཚོ་རྒྱུན་འཁྱོངས་བྱ་རོགས་བྱེད་ཅེས་དེར་འདུས་པའི་ཡུལ་མི་རྣམས་ལ་ྋགོང་ས་མཆོག་གིས་རེ་སྐུལ་ཞུས་ཡོད་པ་རེད།

ྋགོང་ས་མཆོག་ཨ་ཕི་རི་ཀའི་ཡུལ་གྲུ་ནའེ་ཇེ་རི་ཡར་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ནས་ཨ་ཕི་རི་ཀའི་རྒྱལ་ཁབ་ནའེ་ཇེ་རི་ཡར་ཆོས་ལུགས་ཕན་ཚུན་འཆམ་མཐུན་ཡོང་ཐབས་བྱེད་དགོས་པ་དང་འཛམ་གླིང་ཞི་བདེི་ཡོང་ཐབས་ཆོས་ལུགས་ཡོངས་ལ་འགན་འཁྲི་ཆེན་པོ་ཡོད་ལུགས་བཀའ་སློབ་བསྩལ་གནང་ཡོད་པ་རེད།

ནའེ་ཇེ་རི་ཡའི་ནང་གི་ཆོས་ཚོགས་ཁག་གིས་ཡུལ་དེའི་ནང་ཆོས་ལུགས་ཕན་ཚུན་འཆམ་མཐུན་ཡོང་ཐབས་བྱེད་བཞིན་པ་ནང་བཞིན་ྋགོང་ས་མཆོག་གིས་ཀྱང་ད་ཕན་དགོངས་གཞི་དེ་གའི་ཐོག་ལ་འབད་བརྩོན་གནང་བ་ཡིན་ཞེས་བཀའ་གནང་ཡོད་པ་རེད།

མགོན་པོ་གང་ཉིད་ནས་ཁུལ་དེར་མཛད་འཕྲིན་ཁག་ལེགས་གྲུབ་བྱུང་སྟེ་ཡོ་རོབ་མཉམ་འབྲེལ་གྲོས་ཚོགས་སུ་གདན་ཞུས་ལྟར་ཟླ་༡༢ཚེས་༤ཉིན་གྲོས་ཚོགས་དེར་བོད་དོན་དང་འབྲེལ་བའི་གསུང་བཤད་གནང་རྒྱུ་དང༌། རྒྱ་ནག་གིས་ཇི་ཙམ་སྐྱོན་བརྗོད་བྱས་དང་བྱེད་བཞིན་པར་མ་ལྟོས་པར་ཚེས་༦ཉིན་ཕི་རན་སིའི་སྲིད་འཛིན་ནི་ཀོ་ལ་སི་སར་ཀོ་ཟི་མཆོག་དང་མཇལ་འཕྲད་ཀྱིས་བོད་དོན་དང་འཛམ་གླིང་ཞི་བདེ་བཅས་ཀྱི་ཐོག་བཀའ་མོལ་གནང་གཏན་ཁེལ་ཡོད་པ་དང༌། གནད་དོན་དེ་དག་ལ་བརྟེན་ནས་ཡོ་རོབ་མཉམ་འབྲེལ་དང་རྒྱ་ནག་དབར་གྱི་ལྷན་ཚོགས་ཤིག་འཚོག་གཏན་ཁེལ་ཡོད་པ་དེ་རྒྱ་ནག་གིས་ཕྱིར་འཐེན་བྱས་ཡོད་པ་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།