ཨོ་བྷ་མས་ཕྱི་ཚེས་༡༨ཉིན་༧གོང་ས་མཆོག་ལ་མཇལ་འཕྲད་ཞུ་རྒྱུ་རེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ལོའི་ཟླ་༢པའི་ཚེས་༡༢ཉིན། ཁ་སང་ཨ་རིའི་ཕོ་བྲང་དཀར་པོས། ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་གིས་ྋགོང་ས་ཏཱ་ལའི་བླ་མ་མཆོག་ལ་ཟླ་འདིའི་ཚེས་༡༨ཉིན་མཇལ་འཕྲད་གནང་རྒྱུ་གཏན་འཁེལ་ཡོད་ཅེས་གསལ་ཁྱབ་ཅིག་སྤེལ་ཡོད་འདུག

དེ་ཡང་ཨ་རིའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པ་རའོ་བྷིར་ཌི་གྷེས་བྷི་སི་ལགས་ཀྱིས་བརྗོད་དོན། ྋགོང་ས་ཏཱ་ལའི་བླ་མ་ནི་རྒྱལ་སྤྱིའི་དགའ་གུས་ཐོབ་པའི་ཆོས་ལུགས་ཀྱི་འགོ་ཁྲིད་ཅིག་ཡིན་པ་མ་ཟད། བོད་མི་རིགས་ཀྱི་ངོ་ཚབ་མི་སྣ་རེད། དེ་བས་སྲིད་འཛིན་མཆོག་གིས་ཏཱ་ལའི་བླ་མ་མཆོག་དང་ལྷན་དུ་དོན་ཕན་ལྡན་པའི་གླེང་མོལ་ཞིག་ཡོང་བར་རེ་བལྟས་བྱས་ཡོད། ཅེས་གསར་འགོད་པར་བརྗོད་ཡོད་འདུག

ཁོང་གིས་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ཐད། ང་ཚོ་དང་རྒྱ་ནག་དབར་ལ་ཕན་ཚུན་གཉིས་མོས་ཀྱི་གནད་དོན་ཐད་གྲོས་འཆམ་ཡོང་བའི་འབྲེལ་ལམ་ཡོད་མོད། རྒྱལ་ཁབ་གཉིས་འཛམ་གླིང་ཐོག་གི་གནད་དོན་གང་ཅིའི་ཐད་མོས་མཐུན་ཡོང་བའི་ཁྱབ་པ་མེད་པར། མི་མཐུན་སའང་ཡོད་པ་རེད། ཅེས་བརྗོད་ཡོད་འདུག

ཟླ་འདིའི་ཚེས་༣ཉིན། རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་མཱ་ཁྲའོ་ཞུས་ཀྱིས་ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་ྋགོང་ས་ཏཱ་ལའི་བླ་མ་རྣམ་གཉིས་ཀྱི་མ་འོངས་མཇལ་འཕྲད་ཐད་ལ་སྐྱོན་བརྗོད་དང་ངོ་རྒོལ་བྱས་ཡོད་དོན། རྒྱ་ནག་ཕྱོགས་ཀྱིས་ཏཱ་ལའི་ཨ་རིར་འགྲོ་བར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་དང༌། ཨ་རིའི་འགོ་ཁྲིད་ཀྱིས་རྣམ་པ་གང་འདྲ་དང་མིང་ཅི་ཞིག་གི་སྟེང་ནས་ཏཱ་ལའི་ལ་ཐུག་འཕྲད་བྱེད་པར་ཡང་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་ཡིན། ལངས་ཕྱོགས་འདི་ལ་ཐོག་མཐའ་བར་གསུམ་དུ་འགྱུར་བ་མེད་ཅིང་ཁ་གསལ་བོ་ཡིན། ན་ནིང་ཕྱི་ཟླ་༡༡པར་སྲིད་འཛིན་ཨོ་བྷ་མས་མས་རྒྱ་ནག་ནང་འཚམས་འདྲི་བྱེད་སྐབས། ཕྱོགས་གཉིས་ཀྱིས་བོད་འབྲེལ་གནད་དོན་གླེང་སྐབས་རྒྱ་ནག་གི་འགོ་ཁྲིད་ཀྱིས་རྒྱལ་ཁབ་གང་ཞིག་གི་འགོ་ཁྲིད་དང་གཞུང་དོན་མི་སྣས་ཏཱ་ལའི་ལ་མཇལ་འཕྲད་བྱས་ཀྱང་དེ་ལ་རྒྱ་ནག་གིས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་ཡིན་པའི་གཟབ་ནན་ལུགས་མཐུན་གྱི་ལངས་ཕྱོགས་གསལ་བོར་བརྗོད་ཡོད་ཅིང༌། ཨ་རིའི་ཕྱོགས་ཀྱིས་༼བོད་རང་བཙན་པའི༽ཁ་བྲལ་སྟོབས་ཤུགས་ཀྱིས་ཨ་རིའི་ས་ཁོངས་ནས་རྒྱ་ནག་ཁ་བྲལ་གཏོང་བའི་བྱ་འགུལ་སྤེལ་མི་ཆོག་པ་བྱེད་དགོས་པའི་བླང་བྱ་བཏོན་མྱོང༌། ང་ཚོས་ཨ་རིས་བོད་འབྲེལ་གནད་དོན་གྱི་རྙོག་འཛིང་རང་བཞིན་ལ་ངོས་ཟིན་གང་ལེགས་བྱུང་ནས། འབྲེལ་ཡོད་གནད་དོན་གཟབ་ནན་ངང་ཐག་གཅོད་རྒྱུ་དང༌། ཨ་རྒྱའི་བར་གྱི་འབྲེལ་བར་གནོད་སྐྱོན་སྔར་བས་ཆེན་པོ་མི་བཟོ་བའི་སྐུལ་མ་བྱེད་རྒྱུ་ཡིན། ཞེས་བརྗོད་ཡོད་འདུག

ཉེ་བའི་ཆར་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་དེ་ཨ་རིས་ཐའེ་ཝན་ལ་གོ་མཚོན་བཙོང་འཆར། རྒྱ་ནག་ནང་གི་གྷི་གྷིལ་གྱི་རྩོད་རྙོག དེ་མིན་ཨོ་བྷ་མ་དང་ྋགོང་ས་མཆོག་རྣམ་གཉིས་ཀྱི་མཇལ་འཕྲད་སོགས་ལ་བརྟེན་ནས་རྣོ་ངར་ཅན་དུ་གྱུར་ཡོད་འདུག

མགོན་པོ་གང་ཉིད་ཟླ་འདིའི་ཚེས་༡༦ཉིན་བཞུགས་སྒར་ནས་ཆིབས་ཐོན་གྱིས་ཨ་རིར་ཕེབས་ཏེ་ཉིན་གྲངས་༡༠རིང་གི་ཆིབས་བསྒྱུར་མཛད་འཕྲིན་བསྐྱང་རྒྱུ་རེད་ཅིང༌། ཕྱི་ཚེས་༡༧ནས་༡༩བར་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་ཞབས་སོར་འཁོད་རྒྱུ་རེད་འདུག

ཤམ་བྷ་ལའི་ཕོ་ཉའི་གསར་འགོད་པ་གཡང་བྱམས་ཀྱིས་ཕབ་བསྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༡༣༢༠༡༠༡༢༡༦
འབའ་པ་སྐལ་བཟང་འཕྲིན་ལས། ་ ་
ད་ཡག་མོ་རེད། མཇལ་འཕྲད་དོན་ལྡན་ཡོང་པར་སྨོན།



བརྗོད་གཞི་གཞན་ཁག་ལ་གཟིགས།