གསར་འགྱུར་གསར་པ།:
  • ཕྱི་ཚེས་༨ཉིན་པཱ་ཀི་སི་ཐན་ཁུལ་དུ་ཡོད་པའི་པཱ་ཇབ་གྱི་མངའ་སྡེ་ལ་ཧོ་རིས་ནང་རླངས་འཁོར་ཞིག་ནས་རང་སྲོག་བློས་བཏང་གི་གཏོར་རྒོལ་འོག་མི་༡༢བསད་ཡོད་པ་རེད།
    ༠༩༠༣༡༠
  • རྒྱལ་སྤྱིའི་བེུད་ཉིན་མོར་ལྕམ་ཧེ་ལ་རུ་ཁི་ལི་ཊོན་གྱིས་བེུད་ཀྱི་ཐོབ་ཐང་ནི་འགྲོ་བ་མིའི་ཐོབ་ཐང་དང་འགྲོ་བ་མིའི་ཐོབ་ཐང་ནི་བུད་མེད་ཀྱི་ཐོབ་ཐང་ཡིན་ཞེས་གསུངས་ཡོད་པ་རེད།
    ༠༩༠༣༡༠
  • ཡོང་ལ་ཉེ་བའི་གསུམ་བཅུའི་དུས་དྲན་ལ་དམིགས་ནས་རྒྱ་གཞུང་གིས་བོད་ནང་དུ་དམ་དྲག་བྱེད་བཞིན་ཡོད་པ་རེད།
    ༡༨༠༢༡༠
  • རྒྱ་གར་བྱང་ཕྱོགས་ཨུ་ཊར་མངའ་སྡེའི་ནང་ཧིན་དྷུའི་ལྷ་ཁང་ཞིག་གི་སྒོ་ཆེན་བརྡིབས་སྐྱོན་གྱིས་མི་༦༠འཆི་སྐྱོན་བྱུང་ཡོད་འདུག
    ༡༡༠༡༡༠
  • ཨ་རིས་དབྱི་རན་གྱི་རྡུལ་ཕྲན་གནད་དོན་ཐད་དམག་གི་སྟོབས་ཤུགས་སྤེལ་རྒྱུ་མིན་ཟེར།
    ༡༡༠༡༡༠
  • ཐའེ་ལན་ཌིའི་གཞུང་ཚབ་ཀྱིས་ཨ་མ་རྗེ་བཙུན་པདྨ་མཆོག་ལ་ཐོངས་ཆེན་སྤྲད་ཡོད་མི་འདུག
    ༢༩༡༠༠༩

ཉེ་དུས་གསར་འགྱུར།

༢༠༡༡ལོའི་བཀའ་ཁྲི།?

མི་མང་གི་ཆེད་དུ། མི་མང་ནས་བསྐོས། མི་མང་གི་རང་དབང༌། མང་གཙོ།













གྲུབ་འབྲས།

ཞལ་འདེབས་གནང་ས།

ཕི་རན་སིའི་སྲིད་འཛིན་རྒྱ་ནག་ཏུ་ཕེབས་རྒྱུར་དགའ་བསུ་ཡོད་ཟེར།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ལོའི་ཟླ་༢པའི་ཚེས་༨ཉིན། ཟླ་འདིའི་ཚེས་༤ཉིན་རྒྱ་ནག་གཞུང་གིས་ཕི་རན་སིའི་སྲིད་འཛིན་ནི་ཀོ་ལ་སར་ཀོ་ཟི་ལགས་ད་ལོའི་དཔྱིད་དུས་སུ་རྒྱ་ནག་ལ་འཚམས་གཟིགས་སུ་ཕེབས་རྒྱུ་ཡིན་པར་དགའ་བསུ་བྱས་ཡོད་འདུག

དེ་ཡང་རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་ཡང་ཅེ་ཆིས་ཀྱིས་ཕི་རན་སིའི་སྲིད་འཛིན་ནི་ཀོ་ལ་སར་ཀོ་སི་ལགས་ད་ལོའི་ཕྱི་ཟླ་༤པའམ་༥པའི་ནང་རྒྱ་ནག་ནང་ལ་འཚམས་གཟིགས་སུ་ཕེབས་ཏེ། ཧྲང་ཧའེ་གྲོང་ཁྱེར་གྱི་འཇིག་རྟེན་འགྲེམས་སྟོན་ཐོག་ངོ་བཅར་བྱེད་རྒྱུ་ཡིན་པར་དགའ་བསུ་བྱས་ཡོད་དོན། ཁོང་གི་གཟིགས་སྐོར་ཐད་ལ་ང་ཚོ་དགའ་སྤྲོ་སྐྱེས་ཡོད། འདི་ནི་ཕ་རྒྱ་གཉིས་ཀྱི་འབྲེལ་ལམ་ལོ་རྒྱུས་ནང་གི་ཤོག་ངོས་གསར་པ་ཞིག་རེད། སྲིད་འཛིན་ནི་ཀོ་ལ་སར་ཀོ་ཟི་ལགས་ཀྱིས་ང་ལ། ཕི་རན་སིས་རྒྱ་ནག་དང་མཉམ་འབྲེལ་སྒོས་རྒྱལ་ཁབ་གཉིས་དབར་གྱི་གོ་ལའི་ཟླ་གྲོགས་འབྲེལ་ལམ་དང་འཐབ་བྱུས་ཡར་རྒྱས་གཏོང་བར་གྲ་སྒྲིག་ཡོད་ལ། དེ་བཞིན་དུ་རྒྱལ་སྤྱིའི་དཔལ་འབྱོར་ཉམས་ཉེས་དང་གོ་ལའི་གནམ་གཤིས་འགྱུར་ལྡོག་ཐད་ལ་མཉམ་ལས་གནང་རྒྱུ་ཡིན་ཞེས་བཤད་བྱུང༌། ཞེས་བརྗོད་ཡོད་འདུག

སྔར་ལོའི་ཕྱི་ཟླ་༡༢པའི་ནང་ཕི་རན་སིའི་སྲིད་བློན་ཕི་རན་ཁའོ་སི་ལགས་ཀྱིས་རྒྱ་ནག་ལ་གཟིགས་སྐོར་དུ་ཕེབས་སྐབས། ཕི་རན་སི་དང་རྒྱ་ནག་རྒྱལ་ཁབ་གཉིས་དབར་གྱི་གོ་ནོར་དེ་འདས་པའི་གནད་དོན་ཞིག་རེད། ཅེས་བརྗོད་ཡོད་འདུག་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་དེ་ཕྱི་ལོ་༢༠༠༨ལོའི་པེ་ཅིང་ཨོ་རྩེད་ཀྱི་དཔལ་འབར་སྐོར་བསྐྱོད་རུ་ཁག་དེ་ཕི་རན་སིའི་རྒྱལ་ས་ཕེ་རེས་སི་ནང་འབྱོར་སྐབས། བོད་དོན་རྒྱབ་སྐྱོར་བས་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་དང་གཅིག དེ་མིན་སྔར་ལོའི་ཕྱི་ཟླ་༡༢ནང་སྲིད་འཛིན་ནི་ཀོ་ལ་སར་ཀོ་ཟི་ལགས་ཀྱིས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ྋགོང་ས་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་གནང་བར་རྐྱེན་བྱས་ཏེ་སྡུག་ཏུ་ཕྱིན་ཡོད་པ་རེད་འདུག

རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་གྱིས་བརྗོད་པ་ལྟར་ན་རྒྱ་ནག་གི་སྲིད་འཛིན་ཧའོ་ཅིན་ཐའོ་ཡང་ད་ལོར་ཕི་རན་སིའི་ནང་ལ་འཚམས་འདྲི་གཟིགས་སྐོར་དུ་འགྲོ་རྒྱུ་རེད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་གཡང་བྱམས་ཀྱིས་ཕབ་བསྒྱུར་བྱས།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
སེམས་པའི་བབ་སྟངས།
1 ༡༠༢༠༡༠༡༤༢༡
འབའ་པ་སྐལ་བཟང་འཕྲིན་ལས།
གུང་ཁྲན་འདི་ངོ་མ་ཝ་མོ་ཞིག་དང་འདྲ། བོད་འདི་དངོས་གནས་ལུག་གུ་ཞིགག་དང་འདྲ།