གསར་འགྱུར་གསར་པ།:
  • ཕྱི་ཚེས་༨ཉིན་པཱ་ཀི་སི་ཐན་ཁུལ་དུ་ཡོད་པའི་པཱ་ཇབ་གྱི་མངའ་སྡེ་ལ་ཧོ་རིས་ནང་རླངས་འཁོར་ཞིག་ནས་རང་སྲོག་བློས་བཏང་གི་གཏོར་རྒོལ་འོག་མི་༡༢བསད་ཡོད་པ་རེད།
    ༠༩༠༣༡༠
  • རྒྱལ་སྤྱིའི་བེུད་ཉིན་མོར་ལྕམ་ཧེ་ལ་རུ་ཁི་ལི་ཊོན་གྱིས་བེུད་ཀྱི་ཐོབ་ཐང་ནི་འགྲོ་བ་མིའི་ཐོབ་ཐང་དང་འགྲོ་བ་མིའི་ཐོབ་ཐང་ནི་བུད་མེད་ཀྱི་ཐོབ་ཐང་ཡིན་ཞེས་གསུངས་ཡོད་པ་རེད།
    ༠༩༠༣༡༠
  • ཡོང་ལ་ཉེ་བའི་གསུམ་བཅུའི་དུས་དྲན་ལ་དམིགས་ནས་རྒྱ་གཞུང་གིས་བོད་ནང་དུ་དམ་དྲག་བྱེད་བཞིན་ཡོད་པ་རེད།
    ༡༨༠༢༡༠
  • རྒྱ་གར་བྱང་ཕྱོགས་ཨུ་ཊར་མངའ་སྡེའི་ནང་ཧིན་དྷུའི་ལྷ་ཁང་ཞིག་གི་སྒོ་ཆེན་བརྡིབས་སྐྱོན་གྱིས་མི་༦༠འཆི་སྐྱོན་བྱུང་ཡོད་འདུག
    ༡༡༠༡༡༠
  • ཨ་རིས་དབྱི་རན་གྱི་རྡུལ་ཕྲན་གནད་དོན་ཐད་དམག་གི་སྟོབས་ཤུགས་སྤེལ་རྒྱུ་མིན་ཟེར།
    ༡༡༠༡༡༠
  • ཐའེ་ལན་ཌིའི་གཞུང་ཚབ་ཀྱིས་ཨ་མ་རྗེ་བཙུན་པདྨ་མཆོག་ལ་ཐོངས་ཆེན་སྤྲད་ཡོད་མི་འདུག
    ༢༩༡༠༠༩

ཉེ་དུས་གསར་འགྱུར།

༢༠༡༡ལོའི་བཀའ་ཁྲི།?

མི་མང་གི་ཆེད་དུ། མི་མང་ནས་བསྐོས། མི་མང་གི་རང་དབང༌། མང་གཙོ།













གྲུབ་འབྲས།

ཞལ་འདེབས་གནང་ས།

བྷི་ཧར་བློན་ཆེན་གྱིས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་པ།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༢ཚེས་༨ཉིན། དེ་རིང་ཞོགས་པ་བཞུགས་སྒར་དྷ་རམ་ས་ལ་རུ་རྒྱ་གར་བྱང་ཕྱོགས་བྷི་ཧར་མངའ་སྡེའི་བློན་ཆེན་སྐུ་ཞབས་ནིད་ཐིད་ཤེ་ཀུ་མར་མཆོག་གིས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་ཡོད་པ་རེད། གཟའ་ཟླ་བ་ཉིན་རྒྱ་གར་གྱི་དུས་བབ་ཅེས་པའི་གསར་ཤོག་དེའི་ནང་གནས་ཚུལ་སྤེལ་གསལ་ལྟར་ན། སྐུ་ཞབས་ནིད་ཐིད་ཤེ་མཆོག་ལ་༧གོང་ས་མཆོག་དང་བཞུགས་སྒར་དྷ་རམ་ས་ལར་མཇལ་འཕྲད་ཞུ་རྒྱུའི་དུས་ཆད་ཞིག་ཡོད་འདུག་པ་དང༌། ཕྱོགས་གཞན་ཞིག་ནི་དེང་སང་བྷི་ཧར་མངའ་སྡེའི་རྒྱལ་ས་པ་ཊི་ཎ་ནང་འཛུགས་སྐྲུན་བྱེད་བཞིན་པའི་སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་དྲན་སྐྱེད་ཚལ་དེ་འདི་ལོ་སྤྱི་ཟླ་བཞི་པ་དང་ལྔའི་ནང་ལེགས་འགྲུབ་ཡོང་རྒྱུའི་འཆར་གཞི་ཡོད་འདུག་པ་དང༌། སྐབས་དེར་༧གོང་ས་མཆོག་དབུ་འབྱེད་མཛད་སྒོ་ཐོག་གདན་འདྲེན་ཞུ་རྒྱུའི་རེ་བ་ཡང་ཡོད་འདུག

གྲོང་ཁྱེར་པ་ཊི་ཎའི་འགྲམ་དུ་འཛུགས་སྐྲུན་བྱེད་བཞིན་པའི་རྗེས་དྲན་གྱི་སྐྱེད་ཚལ་དེ་ནི་ཧ་ཅང་གི་རྒྱ་ཆེན་པོ་ཡོད་པ་གང་ཞིག་ལ་དེའི་ནང་སྒོམ་རྒྱག་ས་སོགས་ཀྱང་ཡོད་འདུག རྗེས་དྲན་སྐྱེད་ཚལ་དེའི་འཛུགས་སྐྲུན་ཆེད་ཁྱོན་ཧིན་སྒོར་དུང་ཕྱུར་༡༢༥ཙམ་འགྲོ་གྲོན་བཏང་ཡོད་འདུག་པ་དང༌། སྐྱེད་ཚལ་དེ་ནི་ཐོན་ལ་ཉེ་བའི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདས་ནས་མི་ལོ་༢༥༥༠འཁོར་བའི་དུས་དྲན་ཆེད་བསྐྲུན་པ་ཞིག་རེད་འདུག

བྷི་ཧར་བློན་ཆེན་མཆོག་ནི་ཐོག་མར་ཁ་སང་རེས་གཟའ་ཉི་མ་ཉིན། རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ནང་སྲིད་བདེ་འཇགས་སྐོར་ལྷན་ཚོགས་ཞིག་འཚོགས་ཡོད་འདུག་པ་དེར་ཚོགས་ཞུགས་གནང་ཡོད་འདུག་པ་དང༌། དེ་རྗེས་མཁའ་ལམ་བརྒྱུད་ལྡི་ལི་ནས་བཞུགས་སྒར་དྷ་རལ་ས་ལར་༧གོང་ས་མཆོག་ལ་མཇལ་ཁ་ཞུ་བར་ཕེབས་པ་ཞིག་རེད་འདུག ཐེངས་འདིར་བྷི་ཧར་གྱི་བློན་ཆེན་མཆོག་བཞུགས་སྒར་དྷ་རམ་ས་ལར་༧གོང་ས་མཆོག་ལ་མཇལ་བཅར་དུ་ཕེབས་དོན་ནི། རྗེས་དྲན་གྱི་སྐྱེད་ཚལ་དེའི་ལེགས་གྲུབ་གྱི་དབུ་འབྱེད་མཛད་སྒོ་ཐོག་༧གོང་ས་མཆོག་ཕེབས་རྒྱུའི་དུས་ཚིགས་གཏན་ཁེལ་ཆེད། ཕན་ཚུན་གྲོས་བསྡུར་བྱེད་པར་ཡིན་ཚུལ་མི་རྣམས་ཀྱིས་ཚོད་དཔག་བྱེད་བཞིན་ཡོད་པ་རེད་ཅེས་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་འདུག

བྷི་ཧར་མངའ་སྡེའི་གྲོང་ཁྱེར་པ་ཊི་ཎའི་འགྲེམས་སྟོན་ཁང་དུ་ཡོད་པའི་རིང་བསྲེལ་དེ་ནི་ལོ་ངོ་༦༠ཙམ་གྱི་ཡར་སྔོན་དུ་ཝ་ཤའ་ལི་ཞེས་པའི་ས་གནས་དེར་ས་རྡོ་རྐོ་འདོན་བྱས་སྐབས་རྙེད་སོན་བྱུང་ཡོད་འདུག་ལ། རྩ་ཆེན་གྱི་རིང་བསྲེལ་དེ་རྗེས་སུ་ད་ལྟ་འཛུགས་སྐྲུན་བྱེད་བཞིན་པའི་གྲོང་ཁྱེར་པ་ཊི་ཎའི་ཉེ་འགྲམ་རྗེས་དྲན་གྱི་སྐྱེད་ཚལ་དེའི་ནང་བཞུགས་སུ་བཅུག་རྒྱུའི་འཆར་གཞི་ཡོད་འདུག སྤྱིར་རྩ་ཆེན་གྱི་རིང་བསྲེལ་དེ་ནི་ཆབ་སྲིད་ཀྱི་གནད་དོན་ཞིག་ཏུའང་འགྱུར་ནས། མི་ཁག་ཅིག་གིས་རིང་བསྲེལ་དེ་ནི་ཐོག་མར་རྙེད་སོན་བྱུང་ཡུལ་ཝ་ཤའ་ལི་རུ་རང་འཇགས་འཇོག་དགོས་ཚུལ་གྱིས་བློན་ཆེན་མཆོག་ལ་ངོ་རྒོལ་ཡང་བྱེད་བཞིན་ཡོད་འདུག

དབྱེ་ཞིབ་པ་ཁག་ཅིག་གིས་རྩ་ཆེན་གྱི་རིང་བསྲེལ་དེ་རང་འཇགས་པ་ཊི་ཎ་རུ་ཉར་ཚེ་དེ་རུང་དམིགས་བསལ་གྱི་གནས་སྐོར་བ་སོགས་སླེབས་ཐུབ་ཀྱི་མེད་པ་དང༌། གལ་སྲིད་རྗེས་དྲན་གྱི་སྐྱེད་ཚལ་དེ་རུ་གནས་སྤོ་ཚེ་གནས་མཆོག་རྡོ་རྗེ་གདན་དང་རྒྱལ་པོ་ཁབ། དེ་བཞིན་ན་ལན་ཌ་སོགས་སུ་ཡོང་མཁན་གྱི་གནས་སྐོར་བ་ཚོར་སྟབས་བདེ་པོ་ཡོང་རྒྱུའི་ཆེད་དུ་ཡིན་འདུག་པ་དང༌། ༧གོང་ས་མཆོག་གིས་རིང་བསྲེལ་དེ་རྗེས་དྲན་གྱི་སྐྱེད་ཚལ་དེའི་ནང་བཞུགས་སུ་བཅུག་ཚེ། སུས་ཀྱང་དེ་ལ་ངོ་རྒོལ་བྱེད་མི་སྲིད་པའི་ཚོད་དཔག་བྱེད་བཞིན་ཡོད་པ་རེད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།: