ཨོ་བྷ་མས་༧གོང་ས་མཆོག་ལ་མཇལ་འཕྲད་ཞུ་རྒྱུར་འགྱུར་བ་མེད་ཟེར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༢ཚེས་༣ཉིན། ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ནས་ཕྱི་ལོ་༢༠༡༠ཟླ་༢ཚེས་༣ཉིན་གསལ་ཚུལ་སྤེལ་གསལ་ལྟར་ ན། རྒྱ་ནག་པེ་ཅིང་གཞུང་གིས་གལ་སྲིད་ཨ་རིའི་སྲིད་འཛིན་ཨོ་བྷ་མས་༧གོང་ས་མཆོག་ལ་ མཇལ་འཕྲད་ཞུས་ཚེ། བཙན་བྱོལ་བོད་མིའི་ནང་ཆོས་དེས་ཨ་རྒྱ་གཉིས་དབར་གྱི་འབྲེལ་ལམ་ལ་དོགས་ཕོག་བཏང་ གི་ཡོད་ལུགས་ཀྱིས་ཉེན་བརྡ་གཏོང་བཞིན་ཡོད་ཀྱང༌། སྲིད་འཛིན་ཨོ་བྷ་མས་༧གོང་ས་མཆོག་ལ་འཇལ་འཕྲད་ཞུ་རྒྱུར་འགྱུར་བ་ཡོད་པ་མ་རེད་ ཅེས་ཨ་རི་ཕོ་བྲང་དཀར་པོས་འགྲེལ་བརྗོད་གནང་པ་རེད།

ཨ་རིའི་སྲིད་འཛིན་ཨོ་བྷ་མ་ན་ནིང་རྒྱ་ནག་དུ་གཟིགས་སྐོར་ཕེབས་སྐབས། ཁོང་གིས་རྗེས་ཕྱོགས་སུ་ཏཱ་ལའི་བླ་མ་དང་མཇལ་འཕྲད་ཞུ་རྒྱུ་ཡིན་སྐོར། རྒྱ་ནག་གི་དབང་འཛིན་པ་ཚོར་བཤད་ཡོད་པ་རེད་ཅེས། ཁ་སང་རེས་གཟའ་མིག་དམར་ཉིན་ཨ་རིའི་ཕོ་བྲང་དཀར་པོའི་གསར་འགོད་དྲུང་ཆེ་ལས་རོགས་རྦིལ་བྷུར་ཊོན་ལགས་ཀྱིས་ཨ་རིའི་བྱང་ཤར་མཚམས་སུ་ཡོད་པའི་ནེའུ་ཧམ་ཤ་རི་ཞེས་པའི་མངའ་སྡེ་དེའི་ནང་ཕྱི་རྒྱལ་གྱི་གསར་འགོད་པ་རྣམས་ལ་འགྲེལ་བརྗོད་བྱས་ཡོད་འདུག

ཡང་ཁོང་གིས་༧གོང་ས་ཏཱ་ལའི་བླ་མ་ནི་འཛམ་གླིང་མི་མང་ཚོས་གུས་ཞབས་བྱ་ཡུལ་གྱི་ཆོས་ལུགས་དང་རིག་གཞུང་གི་དབུ་ཁྲིད་ཅིག་རེད། གང་ཉིད་ལ་དེ་འདྲའི་ཁོག་རྒྱ་དང༌། ནུས་པ། འཇོན་ཐང་བཅས་ཡོད་དུས། སྲིད་འཛིན་ཨོ་བྷ་མས་མཇལ་འཕྲད་ཞུ་རྒྱུ་རེད་ཅེས་གསུངས་འདུག

སྐབས་དེར་རྦིལ་བྷུར་ཊོན་ལགས་ཀྱིས།ང་ཚོས་གསལ་པོ་བཟོ་རྒྱུ་ཞིག་ནི། ཨ་རིས་བོད་ནི་རྒྱ་ནག་གི་ཆ་ཤས་ཞིག་ཏུ་ངོས་འཛིན་དང་བོད་མི་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་ཡང་དོ་སྣང་བྱེད་བཞིན་ཡོད་པ་རེད། རྒྱ་ནག་གཞུང་གིས་རིན་ཐང་འགྲན་ཟླ་བྲལ་བའི་བོད་ཀྱི་ཆོས་དང་སྲོལ་རྒྱུན་རིག་གཞུང་ལ་སྲུང་སྐྱོབས་བྱེད་དགོས་པ་རེད་ཅེས་བརྗོད་འདུག

འོན་ཀྱང་མཇལ་འཕྲད་ག་དུས་གནང་མིན་སྐོར་དུས་ཚོད་སོགས་དེ་སྔ་ཕྱི་བསྒྲགས་གང་ཡང་བྱས་མེད་པ་དང༌། རྦིལ་བྷུར་ཊོན་ལགས་ཀྱིས་རྒྱ་ནག་གཞུང་གིས་༧གོང་ས་མཆོག་དང་མཇལ་འཕྲད་ཞུ་རྒྱུར་དེར་ངོ་རྒོལ་བྱེད་བཞིན་ཡོད་ཀྱང༌། ཨ་རིའི་ཕོ་བྲང་དཀར་པོའི་ངོས་ནས་ད་དུང་མུ་མཐུད་ནས་རྒྱ་ནག་དང་བཟང་ཕྱོགས་ཀྱི་འབྲེལ་བ་རྒྱུན་གནས་ཐུབ་པའི་རེ་བ་བྱེད་བཞིན་ཡོད་ཅེས་ནན་བཤད་བྱས་ཡོད་འདུག

བྷུར་ཊོན་གྱིས། སྲིད་འཛིན་ཨོ་བྷ་མས་གསུངས་བ་ནང་བཞིན། ཨ་རིས་རྒྱ་ནག་དང་ལྷན་དུ་འབྲེལ་ལམ་བཟང་པོ་ཡོང་བའི་རེ་བ་དང༌། དེ་བཞིན་གནམ་གཤིས་དང་འཛམ་གླིང་དཔལ་འབྱོར་ཐད་ཨ་རི་དང་རྒྱ་ནག་ཕྱོགས་གཉིས་དབར་མི་མཐུན་པའི་གནད་དོན་གང་ཞིག་མཆིས་ཀྱང༌། གནད་དོན་དེ་ཚོ་ཕན་ཚུན་ཁ་གསལ་དང་ཕྱོགས་ལྷུང་མེད་པའི་ཐོག་ནས་གྲོས་མོལ་བྱེད་དགོས་པ་རེད་ཟེར།

དེ་བཞིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་འགྲིན་ཚབ་པ་ཁུ་རོའོ་ལིད་མཆོག་གིས། ཕོ་བྲང་དཀར་པོའི་གསལ་འདེབས་ལ་འགྲེལ་བརྗོད་གནང་དོན། རྒྱ་ནག་གི་ངོས་ནས་༧གོང་ས་མཆོག་ལ་མཇལ་འཕྲད་དང་ཐའེ་ཝན་ལ་གོ་མཚོན་ཚོང་བསྒྱུར་སྐོར་ཞིབ་ལྟ་བྱེད་བཞིན་ཡོད་པ་རེད། ངས་བསམས་པར་དེས་ང་ཚོར་བརྡ་མཚོན་གསལ་པོ་ཞིག་ག་རེ་ཡོང་བཞིན་ཡོད་པ་རེད་ཟེར་ན། །ང་ཚོས་རྒྱ་ནག་དེ་རྒྱལ་འབངས་དེའི་འདོད་མོས་བཞིན་བྱ་རྒྱུའི་རེ་བ་བཞིན། ང་ཚོས་ཀྱང་མ་འོངས་པར་མུ་མཐུད་ནས་ང་ཚོའི་རྒྱལ་འབངས་ཚོའི་འདོད་མོས་ཇི་བཞིན་བྱེད་དགོས་པ་རེད། ད་ལྟ་ང་ཚོ་མུ་མཐུད་ནས་རྒྱ་ནག་དང་ལྷན་དུ་འབྲེལ་བ་རྒྱ་ཆེན་པོ་དང་གཏིང་ཟབ་མོ་ཡོད་པ་རེད། འཛམ་གླིང་འདིའི་ཐོག་སྟོབས་ཆེན་གྱི་རྒྱལ་ཁབ་དེ་གཉིས་པོ་ལ་གནད་དོན་མང་པོ་ཞིག་གི་ཐད་མཐུན་པའི་ཕྱོགས་མང་པོ་ཞིག་ཡོད་པ་དང༌། སྐབས་རེ་སྐབས་རེ་དེ་འདྲ་གནད་དོན་ཆུང་ཆུང་ཁག་ལ་རྩོད་པ་ཡང་ཤོར་གྱི་ཡོད་པ་རེད་ཟེར།

ཨོ་བྷ་མའི་འཛིན་སྐྱོང་དེ་གཞུང་ལས་ཁང་དུ་སླེབས་པ་ནས་བཟུང༌། རྒྱ་ནག་གཞུང་དང་གྲོས་མོལ་གྱི་ཁྱད་ཆོས་ཐོག་ནས་ཕན་ཚུན་ལྟོས་རེས་ཀྱིས་ལས་ཀ་བྱས་ཡོད་པ་རེད་ལ། མ་འོངས་པ་ཡང་ང་ཚོས་མུ་མཐུད་ནས་ལས་ཀ་དེ་བཞིན་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རེད།

ཤམ་བྷ་ལའི་ཕོ་ཉ་དྲ་བའི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
གོང་ས་མཆོག་དང་ཨོ་བྷ་མའི་མཇལ་འཕྲད་བྱེད་མིན་ལས། མཇལ་འཕྲད་བྱས་ནས་མ་འོངས་པའི་བོད་ཀྱི་ལས་དབང་ལ་ཕན་ཐོག་ཡོད་མེད་བཤད་དགོས། གལ་ཏེ་་མཇལ་འཕྲད་བྱེད་ནའང་བོད་ཀྱི་མ་འོངས་པའི་ལས་དབང་ལ་ཐོག་གང་ཡང་མེད་ན་་དེ་ཡང་དགོས་པ་ཆུང་།
1 ༠༤༢༠༡༠༡༠༥༤
ཨོ་བྷ་མད་ང་ཚོ་བོད་མིའི་འགྲོ་བའི་མའི་ཐོབ་ཐང་དང་རིག་གཞུང་ལ་དོ་སྣང་བྱ་གི་ཡོད་པའི་ལངས་ཕྱོགས་དེ་བདེན་པ་ཞིག་ཡིན་ནོ།
བོད་མི་ང་ཚོས་ད་གང་བྱ་དགོས་ངེས་ཡིན་པ་ཤེས་སམ།
མི་སུ་འདྲ་ཞིག་ཡིན་རུང་དྲང་བདེན་གྱི་ཕྱོགས་ལ་ལངས་དགོས་པ་ཡིན།



བརྗོད་གཞི་གཞན་ཁག་ལ་གཟིགས།