རྒྱ་ནག་གཞུང་གིས་བོད་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ལ་དགག་ལེན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

 ཤམ་བྷ་ལའི་ཕོ་ཉའི་དྲ་བས་ཟླ་༡༡ཚེས་༢༦ཉིན་སྤེལ། རྒྱ་ནག་གཞུང་གིས་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་སླར་ཡང་སྐྱོན་བརྗོད་དྲག་པོ་བྱས་ཡོད་པ་དང་ཆབས་ཅིག་ཉེ་དུས་སྐུ་ཚབ་རྣམ་པས་ཕུལ་བའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཞེས་པར་དགག་པ་རྒྱག་ཁུལ་བྱས་ཡོད་པའི་གནས་གཤམ་དུ་བཀོད་ཡོད་པས་གཟིགས་ཞིབ་འཚལ།

26november20081༄༅།། ཞིན་ཧྭ་དྲ་བས་ཏཱ་ལའི་རུ་ཚོགས་ཀྱི་“དྲན་ཐོའི”སྐོར་གྱི་བསམ་ཚུལ་ཞེས་པའི་རྩོམ་ཡིག་ཅིག་སྤེལ་བ།

ཚེས་༢༢ཉིན། ཞིན་ཧྭ་དྲ་བའི་སྟེང་དུ་ཏཱ་ལའི་རུ་ཚོགས་ཀྱི་དྲན་ཐོའིསྐོར་གྱི་བསམ་ཚུལཞེས་པའི་རྩོམ་ཡིག་ཅིག་སྤེལ་ཡོད་ཅིང་། རྩོམ་ཡིག་དེའི་ནང་དོན་མདོར་བསྡུས་གཤམ་གསལ་ལྟར །

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཟླ༡༡ཚེས་༡༠ཉིན་འཚོགས་པའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་སྟེང་དུ། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཀྲུའུ་ཝེ་ཆུན་དང་། པུའུ་ཀྲང་གཞོན་པ་སྲི་ཐར། བོད་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་པད་མ་འཕྲིན་ལས་སོགས་ཀྱིས་ཟླ་༡༠བའི་ཚེས་༣༠ཉིན་ནས་ཟླ་༡༡པའི་ཚེས་༥ཉིན་བར་ཁོང་ཚོས་ཏཱ་ལའི་བླ་མ་སྒེར་གྱི་འཐུས་ཚབ་ལ་ཐུག་འཕྲད་དང་གྲོས་མོལ་གནང་བའི་སྐོར་གྱི་གནས་ཚུལ་ངོ་སྤྲོད་གནང་བ་མ་ཟད། གསར་འགོད་པས་དྲིས་པའི་འབྲེལ་ཡོད་དྲི་བར་ལན་བསྐྱོན་པ་རེད། ཀྲུའུ་ཝེ་ཆུན་གྱིས་གནས་ཚུལ་ངོ་སྤྲོད་གནང་སྐབས་བསྟན་པར། ཏཱ་ལའི་བླ་མ་སྒེར་གྱི་འཐུས་ཚབ་པས་བོད་མི་ཡོངས་ལ་རང་སྐྱོང་གཙང་མ་ཐོབ་པའི་དྲན་ཐོ་ཞེས་པ་ཞིག་ཕུལ་ཞིང་། དེར་མི་རྣམས་ཀྱིས་དོ་སྣང་ཆེན་པོ་ཐོབ་པ་རེད།

 ཟླ་༡༡ཚེས་༡༦ཉིན། ཏཱ་ལའི་བླ་མའི་ཕྱོགས་ཀྱིས་རྒྱ་གར་དུ་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་འཚོགས་ནས་དྲན་ཐོ་དེ་བཀྲམས་པ་མ་ཟད། ད་དུང་དྲན་ཐོ་དེས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་གཞིར་བཟུང་ཡོད་པ་དང་། གལ་སྲིད་དེ་དངོས་གནས་ལག་བསྟར་བྱེད་ཐུབ་ན། བོད་འབངས་ཀྱི་དམིགས་བསལ་ཁེ་ཕན་མངོན་འགྱུར་ཡོང་ཐུབ་པའི་སྐོར་བརྗོད་ཡོད་པ་རེད། ངས་ཏཱ་ལའི་ཕྱོགས་ཀྱིས་བསྒྲགས་པའི་དྲན་ཐོ་དེ་ཞིབ་མོར་བཀླགས་ཤིང་།  དེ་དང་ཀྲུང་གོའི་འབྲེལ་ཡོད་བཅའ་ཁྲིམས་གཉིས་ཞིབ་བསྡུར་བྱས་པ་ན། དོན་དངོས་ནི་དེ་འདྲ་ཞིག་མ་ཡིན་པ་གཞི་ནས་རྟོགས་སོང་། དྲན་ཐོ་དེའི་ནང་དུ་ཀྲུང་གོའི་རྩ་ཁྲིམས་དང་བཅའ་ཁྲིམས་གཉིས་དང་འགལ་བའི་ཆ་མང་པོ་ཞིག་ཡོད་པ་ནི། དཔེར་ན་དྲན་ཐོ་དེས་ཀྲུང་གོའི་མི་རིགས་ས་ཁོངས་རང་སྐྱོང་གི་ལམ་ལུགས་ཁས་མ་བླངས་ཤིང་། ལོ་རྒྱུས་དང་དངོས་ཡོད་གནས་ཚུལ། བཅའ་ཁྲིམས་བཅས་ཀྱི་གཞི་འཛིན་ས་ཅི་ཡང་མེད་པའི་བོད་ཆེན་མོའི་ལྟ་བ་བཏོན་པ། སྲིད་གཞུང་གིས་ཆོས་ལུགས་ལ་ཁྲིམས་ལྟར་དོ་དམ་བྱས་པར་དགག་པ་དྲག་པོ་བརྒྱབ་པ། བོད་ལྗོངས་ནི་གནའ་ནས་ད་བར་ཀྲུང་གོའི་ཆ་ཤས་ཤིག་ཡིན་པའི་གནས་ཚུལ་གླེང་མེད་དུ་འཇོག་པ་སོགས་ལྟ་བུའོ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
རྒྱ་རྒན་ཚོ་ད་སྙིང་རྗེ་རྒྱུ་འབྲས་མེད་པའི་སྐད་ཆ། ཉིན་ཞིག་དཀོན་མཆོག་མཁྱེན། 51?'f²i¤u



བརྗོད་གཞི་གཞན་ཁག་ལ་གཟིགས།