ཆེས་མཐོའི་རང་སྲིད་རང་སྐྱོང་གིས་རྩ་ཁྲིམས་ལ་གཏོར་བཤིགས་བཏང་སོང་ཟེར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༢ཚེས་༡ཉིན། དེ་རིང་ཞོགས་པ་རྒྱ་ནག་དམར་ཤོག་གཞུང་གི་མཐོ་རིམ་དཔོན་རིགས་ཚོས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང༌། ཏྭ་ལའི་བླ་མ་དང་ལྷན་དུ་འབྲེལ་བ་དང་གྲོས་མོལ་བྱ་རྒྱུར་ག་དུས་ཡིན་རུང་སྒོ་ཕྱེས་ཡོད་པ་རེད། འོན་ཀྱང་རྒྱལ་ཁབ་ཀྱི་བདག་དབང་དུ་ཡོད་པའི་གནས་དོན་ཁག་ལ་གྲོས་མོལ་བྱ་རྒྱུ་གང་ཡང་མེད་ཅེས་བཤད་ཡོད་འདུག

གསར་བསྒྲགས་དེའི་ནང་གནས་ཚུལ་སྤེལ་གསལ་ལྟར་ན། ཐེངས་འདི་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་དང༌། སྐལ་བཟང་རྒྱལ་མཚན་གཉིས་ཀྱིས་གཙོས་པའི་བོད་པའི་སྐུ་ཚབ་ཚོས། བོད་རྒྱ་འབྲེལ་མོལ་ཐེངས་༩པ་དེ་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་གྱི་འགན་འཛིན་ཏུའུ་ཆིང་ལིང་དང༌། འགན་འཛིན་གཞོན་པ་ཀྲུའུ་ཝིད་ཀྲུའུ་དབྱིན། དེ་བཞིན་འཐབ་ཕྱོགས་གཅིག་གྱུར་གྱི་བློན་ཆེན་གཞོན་པ་སྲི་ཐར་དང༌། བོད་རང་སྐྱོང་ལྗོངས་མི་མང་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཚོགས་ཆུང་གི་ཚོགས་གཙོ་གཞོན་པ་ཉི་མ་ཚེ་རིང་བཅས་ཡིན་འདུག

རེས་གཟའ་ཟླ་བ་ཉིན་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་གྱི་འགན་འཛིན་ཏུའུ་ཆིང་ལིང་གིས། ཐེངས་འདིའི་༧གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་པེ་ཅིང་དུ་ཐུགས་འཕྲད་བྱས་ལུགས་སྐོར། རྒྱ་ནག་གཞུང་གིས་སྟངས་འཛིན་འོག་ཡོད་པའི་ཤིན་ཧྭ་གསར་ཁང་ནས་གསལ་བསྒྲགས་སྤེལ་ཡོད་འདུག

ཏུའུ་ཆིང་ལིང་གིས་༼བོད་ཆེན་པོ་༽དང་༼ཆེས་མཐོའི་རང་སྲིད་རང་སྐྱོང་༽ཞེས་པའི་སྐད་ཆ་དེས་རྒྱ་ནག་གཞུང་གི་རྩ་ཁྲིམས་ལ་གཏོར་བཤིགས་གཏོང་གི་འདུག གལ་སྲིད་ཏཱ་ལའི་བླ་མས་སྐད་ཆ་དེ་ཚོ་ཡོངས་སུ་དོར་བ་ཡིན་ན། ཕན་ཚུན་དབར་འབྲེལ་བ་དང་སྐད་ཆ་བྱ་རྒྱུའི་རྨང་གཞི་ཞིག་ཆགས་ངེས་རེད་ཅེས་གྲོས་མོལ་སྐབས་སུ་བཤད་ཡོད་འདུག དོན་སྙིང་ཁོང་གིས་རྒྱ་ནག་གི་བདག་དབང་དུ་ཡོད་པའི་གནད་དོན་ཁག་ལ་གྲོས་མོལ་གང་ཡང་བྱེད་རྒྱུ་མེད་པའི་སྐོར་བཤད་ཡོད་པ་རེད།

ཡང་ཁོང་གིས་དབུས་གཞུང་གིས་ཏཱ་ལའི་བླ་མ་ཕྱོགས་སུ་འཛིན་པའི་སྲིད་ཇུས་དེ་ནི་ཚད་ལྡན་དང་གཙང་མ་ཞིག་ཡིན་པ་རེད་ཅེས་བསྐྱར་ཟློས་དང༌། རྒྱ་ནག་གིས་གཞི་རྩའི་གུས་ཞབས་དང་ལྷག་བསམ་རྣམ་དག་བྱེད་བཞིན་ཡོད་པ་དེ་ལ་ད་དུང་ཏཱ་ལའི་བླ་མས་ཕྱོགས་ནས་ཁས་ལེན་མེད་པའི་ཐོག་མུ་མཐུད་ཁ་གཏད་བྱས་པ་ཡིན་ན། འབྲེལ་མོལ་ལ་ནམ་ཡང་ཡར་རྒྱས་འགྲོ་ཡི་མ་རེད་ཅེས་བཤད་ཡོད་འདུག

༼བོད་མི་ཚོ་ནི་ད་ལྟ་རྒྱ་ནག་གཞུང་གིས་གཅེས་སྐྱོང་འོག་ཞི་བདེ་དང་སྲ་བརྟན་རང་བཞིན་དུ་གནས་ཡོད་པ་རེད། ཁོང་ཚོའི་མ་འོངས་པའི་གནད་དོན་ཐོག་མགོ་སྐོར་དང་ཁ་གཏད་ནི་ཕན་ཐོགས་མེད་པ་ཞིག་རེད། སིམ་འཛུལ་དང་ཁོང་ཁྲོ་སློང་གཞིའི་ལས་འགུལ་དེ་དག་ནི་མ་འོངས་པར་ནག་ཉེས་དང་ཕམ་ཉེས་སུ་འགྲོ་རྒྱུ་རེད། དེས་མ་འོངས་པར་སྐད་ཆ་བྱ་རྒྱུ་འགོག་རྐྱེན་དང་ཏཱ་ལའི་བླ་མ་དང་ཁོང་གི་རྗེས་འབྲངས་པ་ཚོ་ཁེ་རྐྱང་ལྷག་པའི་གཞིར་གྱུར་ངེས་རེད་༽ཅེས་ཏུའུ་ཆིང་ལིང་གི་སྐད་ཆ་དེ་གསལ་བསྒྲགས་དེའི་ནང་ལུང་འདྲེན་བྱས་ཡོད་པ་རེད།

གཞན་ཡང་གསལ་བསྒྲགས་དེའི་ནང་ཕན་ཚུན་ཐུགས་འཕྲད་སྐབས། ཏུའུ་ཆིང་ལིང་གིས་འདས་པའི་དུས་ཡུན་ནང་རྒྱ་ནག་གཞུང་གིས་སྟངས་འཛིན་འོག་བོད་རང་སྐྱོང་ལྗོངས་ཟེར་བ་དེའི་ལས་དོན་ཁག་གི་གྲུབ་འབྲས་སྐོར་ངོ་སྤྲོད་དང༌། ཏཱ་ལའི་བླ་མའི་སྒེར་གྱི་སྐུ་ཚབ་ཚོས་ཀྱང་སྐབས་དོན་དེ་དང་འབྲེལ་བའི་ཏཱ་ལའི་བླ་མའི་གནད་དོན་སྐོར་བསམ་འཆར་འདོན་ཡོད་པ་རེད་ཅེས་བཀོད་ཡོད་འདུག

སྐབས་དེར་ཕན་ཚུན་ཐུགས་འཕྲད་སྐབས་སུ་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་གྱི་འགན་འཛིན་ཏུའུ་ཆིང་ལིང་གིས། ༧གོང་ས་མཆོག་གི་སྐུ་ཚབ་རྣམས་ལ། བཙན་བྱོལ་བོད་གཞུང་ཟེར་བ་དེ་ནི་ཁྲིམས་འགལ་ཞིག་རེད། དེས་བོད་དང་བོད་མི་མང་གི་ཚབ་བྱེད་ཐུབ་ཀྱི་མ་རེད། ཁྱེད་ཚོ་སྐུ་ཚབ་ཚོ་ནི་ཏཱ་ལའི་བླ་མའི་སྒེར་གྱི་སྐུ་ཚབ་ཞིག་རེད། ཁ་བྲལ་གྱི་སྐད་ཆ་ཕུད་པའི་གཞན་ག་རེའི་སྐོར་བཤད་འདོད་ཡོད་རུང་བཤད་ཆོག་གི་རེད། ང་ཚོས་རེ་བ་ལ་ཏཱ་ལའི་བླ་མས་དངོས་ཡོད་ཀྱི་གནས་ཚུལ་དེ་ཚོ་མོས་མཐུན་ཐོག ཕྱིར་རྒྱལ་ཞེན་ཅན་ཞིག་བྱེད་དགོས་ཀྱི་རེད། ལམ་ཁ་འདི་ཁོ་ནའི་ཐོག་ཏཱ་ལའི་བླ་མའི་མ་འོངས་པའི་མི་ཚེ་དེ་འོད་ཟེར་དང་ལྡན་པ་ཞིག་འབྱུང་ངེས་རེད་ཅེས་བཀོད་ཡོད་པ་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བའི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
རྒྱ་དམར་པོ་འདིས། སྤྱི་ལོ་༡༩༥༩ནས་བཟུང་སྟེ་བོད་ལ་སྡུག་རྩུབ་དང་གཉའ་གནོན་བྱས་པ་གྲངས་ཀ་མེད། ཕ་བསད་པའི་མི་ཚད་བྲོ་རྡུང་དང་། ཟོག་བསད་པའི་མི་ཚད་རྔ་མའི་དར་ཕྱར་ཟེར་བའི་དཔེ་ལྟར། བོད་ས་བཙན་བཟུང་བྱས་པས་མི་ཚད་བོད་མི་བསད། བོད་དབང་བཟུང་བྱས་པས་མི་ཚད་གཏེར་ཁ་སྔོག ༧གོང་ས་རྒྱལ་བའི་དབང་པོ་ཕྱི་ཡུལ་དུ་བཀྲད་པས་མི་ཚད་སྐུལ་འདེབས་དང་ངན་སྨྲས་བྱས། ངོ་ཚ་རྒྱུ་མེད་པའི་སྐྱག་རྫུན་དང་། ཞེ་ཁྲེལ་རྒྱུ་མེད་པའི་ཧམ་པ་དེ་ཚོད་གཅིག་ཀྱང་མི་འདུག བོད་དེ་རང་བཙན་གཙང་མ་ཡིན་མིན་ང་ཚོས་འགྲེལ་བརྫོད་བྱེད་དགོས་དོན་མེད། ནམ་ཡང་རང་བཙན་ཡིན། རང་བཙན་གཙང་མ་ཡིན།



བརྗོད་གཞི་གཞན་ཁག་ལ་གཟིགས།