གསར་འགྱུར་གསར་པ།:
  • ཕྱི་ཚེས་༨ཉིན་པཱ་ཀི་སི་ཐན་ཁུལ་དུ་ཡོད་པའི་པཱ་ཇབ་གྱི་མངའ་སྡེ་ལ་ཧོ་རིས་ནང་རླངས་འཁོར་ཞིག་ནས་རང་སྲོག་བློས་བཏང་གི་གཏོར་རྒོལ་འོག་མི་༡༢བསད་ཡོད་པ་རེད།
    ༠༩༠༣༡༠
  • རྒྱལ་སྤྱིའི་བེུད་ཉིན་མོར་ལྕམ་ཧེ་ལ་རུ་ཁི་ལི་ཊོན་གྱིས་བེུད་ཀྱི་ཐོབ་ཐང་ནི་འགྲོ་བ་མིའི་ཐོབ་ཐང་དང་འགྲོ་བ་མིའི་ཐོབ་ཐང་ནི་བུད་མེད་ཀྱི་ཐོབ་ཐང་ཡིན་ཞེས་གསུངས་ཡོད་པ་རེད།
    ༠༩༠༣༡༠
  • ཡོང་ལ་ཉེ་བའི་གསུམ་བཅུའི་དུས་དྲན་ལ་དམིགས་ནས་རྒྱ་གཞུང་གིས་བོད་ནང་དུ་དམ་དྲག་བྱེད་བཞིན་ཡོད་པ་རེད།
    ༡༨༠༢༡༠
  • རྒྱ་གར་བྱང་ཕྱོགས་ཨུ་ཊར་མངའ་སྡེའི་ནང་ཧིན་དྷུའི་ལྷ་ཁང་ཞིག་གི་སྒོ་ཆེན་བརྡིབས་སྐྱོན་གྱིས་མི་༦༠འཆི་སྐྱོན་བྱུང་ཡོད་འདུག
    ༡༡༠༡༡༠
  • ཨ་རིས་དབྱི་རན་གྱི་རྡུལ་ཕྲན་གནད་དོན་ཐད་དམག་གི་སྟོབས་ཤུགས་སྤེལ་རྒྱུ་མིན་ཟེར།
    ༡༡༠༡༡༠
  • ཐའེ་ལན་ཌིའི་གཞུང་ཚབ་ཀྱིས་ཨ་མ་རྗེ་བཙུན་པདྨ་མཆོག་ལ་ཐོངས་ཆེན་སྤྲད་ཡོད་མི་འདུག
    ༢༩༡༠༠༩

ཉེ་དུས་གསར་འགྱུར།

༢༠༡༡ལོའི་བཀའ་ཁྲི།?

མི་མང་གི་ཆེད་དུ། མི་མང་ནས་བསྐོས། མི་མང་གི་རང་དབང༌། མང་གཙོ།













གྲུབ་འབྲས།

ཞལ་འདེབས་གནང་ས།

ཌན་མག་གཞུང་གིས་འབྲེལ་མོལ་བསྐྱར་མཐུད་ལ་བསྔགས་བརྗོད།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༡ཚེས་༢༨ཉིན། ༧གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་དབར་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞི་ནང་། བོད་མི་རྣམས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབས་སྐོར་འབྲེལ་མོལ་བསྐྱར་མཐུད་བྱས་པ་དེར། ཁ་སང་ཌན་མག་གཞུང་གིས་བསྟོད་བསྔགས་དང་། ཁོང་ཚོས་རྒྱ་བོད་ཕྱོགས་གཉིས་ཀ་ནས་རྒྱ་ནག་གི་རྩ་ཁྲིམས་ནང་བོད་མི་རྣམས་ལ་རང་སྲིད་རང་སྐྱོང་གི་གནས་བབས་ཡོང་བར་ངེས་བརྟན་ཞིག་བཟོ་དགོས་ཞེས་བཤད་ཡོད་འདུག

༧གོང་ས་མཆོག་གི་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་ལགས་དང་སྐལ་བཟང་རྒྱལ་མཚན་རྣམ་གཉིས་ཀྱིས་གཙོས་བོད་ཀྱི་སྐུ་ཚབ་རྣམས་རེས་གཟའ་མིག་དམར་ཉིན་པེ་ཅིང་དུ་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོ་དང་གྲོས་མོལ་བྱེད་པར་འབྱོར་ཡོད་པ་དང༌། དེ་ནི་༢༠༠༨ལོར་གྲོས་མོལ་ཐེངས་ཁ་ཤས་དང་དེ་རྗེས་ཕན་ཚུན་གཉིས་ཕྱོགས་ནས་སྐྱོན་འཛུགས་ཉེས་འགེགས་བྱས་པ་ནས་བཟུང་སླར་ཡང་གྲོས་མོལ་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་པ་རེད།

ང་ནི་ཏཱ་ལའི་བླ་མའི་སྐུ་ཚབ་དང་རྒྱ་ནག་གཞུང་དབར་ཟླ་བ་༡༥རིང་འབྲེལ་མོལ་མཚམས་ཆད་པ་དེ་སླར་ཡང་བསྐྱར་མཐུད་ཀྱིས་གྲོས་མོལ་དེ་ལ་འདོད་བློ་ཁེངས་སོང་ཞེས། ཌན་མག་གི་ཕྱི་སྲིད་བློན་ཆེན་ཕིར་སི་ཊི་ཁི་མོ་ལིར་ལགས་ཀྱིས་འགྲེལ་བརྗོད་དེ་ཁ་སང་བཙན་བྱོལ་བོད་གཞུང་གི་དྲ་ཚིགས་སུ་བཀོད་པ་རེད།

དེ་འདྲ་ཡིན་དུས་ངས་ཕྱོགས་གཉིས་ཀར་འབོད་སྐུལ་ཞུ་རྒྱུ་ཞིག་ནི་ཕན་ཚུན་འབྲེལ་མོལ་སྐབས། བོད་མི་རྣམས་ལ་རང་སྲིད་རང་སྐྱོང་གི་གནས་བབས་ཏེ། རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་རིག་གཞུང་སྲུང་སྐྱོབས་དང་ཆོས་དད་རང་མོས་སྐོར་གྲུབ་འབྲས་ཞིག་ཐོན་ཐུབ་པ་བྱ་རྒྱུ་དེ་ཡིན་ཅེས་དང༌། ཡང་ཁོང་གིས་གྲོས་མོལ་ནི་བོད་ཀྱི་གནད་དོན་དེ་ཞི་བའི་ལམ་ནས་དཀའ་ངལ་སེལ་རྒྱུའི་ཐབས་ལམ་ཁོ་ན་དེ་ཡིན་པ་རེད་ཅེས། སྐུ་ཞབས་མོ་ལིར་ལགས་ཀྱིས་འགྲེལ་བརྗོད་གནང་ཡོད་འདུག

སྤྱི་ལོ་༢༠༠༢ནས་བཟུང་བོད་ཀྱི་གནད་དོན་དེ་དཀའ་ངལ་སེལ་ཆེད་བོད་རྒྱ་གཉིས་དབར་འབྲེལ་མོལ་ཐེངས་༨ཙམ་བྱས་པ་དང༌། ཐེངས་འདིར་ཨ་རི་དང༌། ཁེ་ན་ཌ། དབྱིན་ཇི་བཅས་ནས་ཀྱང་བོད་རྒྱ་ཞི་མོལ་ལ་བསྔགས་བརྗོད་དང༌། མ་འོངས་པའི་འབྲེལ་མོལ་ཐད་ཀྱི་རྨང་གཞི། དེ་བཞིན་ཐེངས་འདིར་བཟང་ཕྱོགས་ཀྱི་གྲུབ་འབྲས་ཤིག་ཐོན་རྒྱུའི་རེ་བ་དང་ཡིད་ཆེས་བྱེད་བཞིན་ཡོད་པ་རེད།

དེ་སྔོན་འབྲེལ་མོལ་ཐེངས་བརྒྱད་པ་སྐབས། བཙན་བྱོལ་བོད་གཞུང་གི་རང་སྲིད་རང་སྐྱོང་སྐོར་གྱི་དགོས་འདུན་དེར། ཕན་ཚུན་དབར་བསམ་ཚུལ་མི་མཐུན་པ་ཤུགས་ཆེན་པོ་བྱུང་བ་དང༌། རྒྱ་ནག་གཞུང་གིས་དེ་ལ་ངོས་ལེན་མེད་པའི་ཐོག་དགོངས་འཆར་དེ་ནི་རྒྱ་ནག་དུམ་བུ་བགོ་རྒྱུའི་དམིགས་ཡུལ་ཞིག་རེད་ཅེས་སྐྱོན་བརྗོད་བྱས་ཡོད་པ་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བའི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་ཞུས།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།: