ྋགོང་ས་མཆོག་དང་ཕི་རན་སིའི་སྲིད་འཛིན་དབར་མཇལ་འཕྲད་གནང་རྒྱུ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

23november20083ཤམ་བྷ་ལའི་ཕོ་ཉའི་དྲ་བས་ཟླ་༡༡ཚེས་༢༦ཉིན་སྤེལ། བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཚེས་༢༥ཉིན་གྱི་སྔ་དྲོར་བཞུགས་སྒར་ནས་ཆིབས་ཐོན་གྱིས་ནི་རྗི་རི་ཡ་དང་པོ་ལན་ཌི་ཡུལ་གྱིས་གཙོས་ཡོ་རོབ་ཡུལ་གྲུ་ཁག་གསུམ་དུ་གཟིགས་སྐོར་དང་པོ་ལན་ཌི་ཡུལ་དུ་ཕི་རན་སིའི་སྲིད་འཛིན་ནི་ཀོ་ལ་སི་སར་ཀོ་ཟི་མཆོག་རྣམ་གཉིས་དབར་མཇལ་མོལ་གནང་རྒྱུ་ཡིན་པ་རེད།

དེ་ཡང་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག༢༠༠༨ཕྱི་ཟླ་༡༡ཚེས་༢༥ཉིན་བཞུགས་སྒར་ནས་སྟོན་འཁོར་ཧྲག་བསྡུས་དང་བཅས་ག་གྷལ་གནམ་ཐང་དུ་ཆིབས་སྒྱུར་གནང་བ་དང༌། ག་གྷལ་ནས་མཁའ་ཐོག་བརྒྱུད་ལྡི་ལིར་ཆིབས་སྒྱུར་གྱིས་བཞུགས་ཞག་དང༌། ཚེས་༢༦སྔ་དྲོ་ལྡི་ལི་ནས་མཁའ་ལམ་བརྒྱུད་ནུབ་ཨ་ཕ་རི་ཁའི་གླིང་ཕྲན་ནི་ཇི་རི་ཡའི་(Nigeria )གྲོང་ཁྱེར། ལ་གོ་སེའི་(Lagos)གནམ་ཐང་དུ་ྋཞབས་སོར་འཁོད་སྐབས་ཨ་ཕ་རི་ཁའི་ནང་ཡོད་བོད་གཞུང་སྐུ་ཚབ་དོན་གཅོད་དང༌། ཆིབས་སྒྱུར་གདན་ཞུའི་མི་སྣས་ཕེབས་བསུར་བཅར་ཏེ་གདན་ཞུས་ཐོག་ཉིན་གྲངས་གཉིས་རིང་ཁུལ་དེར་མཛད་འཆར་ཁག་བསྐྱང་རྒྱུ་དང༌། དེ་རྗེས་ཡུ་རོབ་ཁུལ་དུ་མཛད་འཕྲིན་ཁག་བསྐྱང་རྒྱུའི་མཛད་འཆར་ཡོད་པ་མ་ཟད། པོ་ལན་ཌིར་འཛམ་གླིང་གི་དབུ་ཁྲིད་ཁག་དང་ཞི་བདེའི་མི་སྣ་ཁག་ལས་གྲུབ་པའི་ལྨན་ཚོགས་ཤིག་གི་ཐོག་ཏུའང་ཆེད་ཕེབས་གནང་རྒྱུ་ཡིན་པ་རེད།

བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་ཕི་རན་སིའི་སྲིད་འཛིན་ནི་ཀོ་ལ་སི་སར་ཀོ་ཟི་མཆོག་རྣམ་གཉིས་དབར་མཇལ་མོལ་གནང་རྒྱུར་རྒྱ་ནག་གཞུང་གིས་བསྐྱར་དུ་སྐྱོན་བརྗོད་ཤུགས་ཆེན་ཞུས་ཡོད་པ་དང༌། དེ་ཡང་རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་ཆིན་ཀང་གིས་གཟའ་མིག་དམར་ཉིན་གྱི་གསར་འགོད་ལྷན་ཚོགས་ཐོག་ྋགོང་ས་མཆོག་དང་ཕེ་རན་སིའི་སྲིད་འཛིན་ནི་ཀོ་ལ་སེ་སར་ཀོ་ཛི་རྣམ་གཉིས་མཇལ་མོལ་གནང་རྒྱུའི་འཆར་གཞི་ཡོད་པར་སྐྱར་དུ་སྐྱོན་བརྗོད་ཞུས་ཡོད་པ་དང་འབྲེལ་བོད་ཀྱི་གནད་དོན་དེ་ནི་ཕེ་རན་སི་དང་རྒྱ་ནག་དབར་གྱི་འབྲེལ་ལམ་ཐོག་བགེགས་བར་བཟོ་མཁན་གལ་འགངས་ཆེན་པོ་གང་ཡང་མིན་པའི་སྐོར་ བཤད་ཡོད་ཅིང༌།

ཡིན་ནའང་རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པས་ཕྱི་རྒྱལ་ཡུལ་གྲུ་སུ་འདྲ་ཞིག་གི་དཔོན་རིགས་ནས་ྋགོང་ས་མཆོག་དང་མཇལ་འཕྲད་གནང་རྒྱུར་ངོ་རྒོལ་གྱི་རྣམ་འགྱུར་གསལ་སྟོན་བྱས་ཡོད་པ་དང་འབྲེལ་བོད་ཀྱི་གནད་དོན་དེ་ནི་རྒྱ་ནག་གི་ནང་སྲིད་ཡིན་ལུགས་བསྐྱར་བཟློས་བྱས་ཡོད་པ་རེད། ཕེ་རན་སིའི་སྲིད་འཛིན་མཆོག་ནས་ཕྱི་ཟླ་བཅུ་གཉིས་པའི་ཚེས་དྲུག་ཉིན་ཕོའོ་ལེན་ཌིའི་ནང་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཚོའི་ལྷན་ཚོགས་སྐབས་བོད་ཀྱི་དབུ་ཁྲིད་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་རྒྱུའི་སྐོར་གསལ་སྟོན་གནང་བའི་རྗེས་རྒྱ་ནག་གཞུང་གིས་དེའི་ཐོག་སྐྱོན་བརྗོད་བྱེད་ཡས་ད་རེས་ཐེངས་གསུམ་པ་དེ་ཡིན་པ་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༢༦༢༠༠༨༡༧༥༠
སྐྱབས་སུ་མཆིས། ཆོས་སྲིད་ཀྱི་མཛད་འཕྲིན་རྒྱས་ཏེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག



བརྗོད་གཞི་གཞན་ཁག་ལ་གཟིགས།