གསར་འགྱུར་གསར་པ།:
  • རྒྱ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་ཐེངས་༡༥པ་དེ་ཟླ་འདིའི་ཚེས་༡༥ཉིན་ཁེ་ན་ཌ་རུ་འགོ་འཛུགས་བྱས་པ།
    ༠༨༠༤༡༠
  • རོང་རྒྱས་ཨ་གྲགས་ཀྱི་འབོད་སྒྲའི་གཟུགས་མཐོང་བརྙན་པར་འགྲེམས་སྤེལ་བྱས་འདུག
    ༠༩༠༣༡༠
  • ཟླ་འདིའི་ཚེས་༦ཉིན་གནས་ཚུལ་སྤེལ་གསལ་ལྟར་ན་ལ་དྭགས་ལི་ཁུལ་དུ་ཆུ་ལོག་གིས་རྐྱེན་པས་མི་༨༠ཤི་རྨས་བྱུང་ཡོད་འདུག
    ༠༩༠༣༡༠
  • འདི་ལོ་ཕྱི་ཟླ་དྲུག་པའི་ཟླ་མཇུག་བར་རྒྱ་ནག་ནང་དྲ་རྒྱ་བེད་སྤྱོད་བྱེད་མཁན་མི་གྲངས་ས་ཡ་༤༢༠ཟིན་འདུག་ཟེར།
    ༡༨༠༢༡༠
  • ཟླ་འདིའི་ཚེས་༦ཉིན་ལྷ་ས་རུ་རྒྱ་ནག་གི་ཐང་ཀ་རི་མོ་བ་རྩེ་སོན་མི་གྲངས་༢༡འདེམས་སྒྲུབ་བྱས་ཡོད་ཟེར།
    ༡༡༠༡༡༠
  • ཉེ་ཆར་ཆར་ཞོད་ཀྱིས་རྐྱེན་པས་ལྷ་ས་ནས་ཧྲང་ཧེ་རུ་བསྐྱོད་འཆར་ཡོད་པའི་མེ་འཁོར་ཞིག་ཕྱི་འཐེན་བྱས་ཡོད་འདུག
    ༡༡༠༡༡༠
  • ལྡི་ལི་རུ་མྱུར་ཚད་ཆེ་བའི་རླངས་འཁོར་ཞིག་གིས་ལམ་ཟུར་དུ་ལས་བཟོ་བ་བཞི་བསད་ནས་བཞི་ལ་རྨས་སྐྱོན་བཏང་ཡོད་འདུག
    ༢༩༡༠༠༩

རྒྱ་ནག་གཞུང་གིས་བོད་རྒྱ་འབྲེལ་མོལ་ཐེངས་དགུ་པ་བྱ་རྒྱུ་ཕྱི་བསྒྲགས།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༡ཚེས་༢༧ཉིན། རེས་གཟའ་མིག་དམར་ཉིན་ཐེངས་འདིར་རྒྱ་ནག་གཞུང་འབྲེལ་ནས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གི་སྐུ་ཚབ་དབར་ཉེ་བའི་ཟླ་༡༥ཚུན་གྱི་ཞི་མོལ་ཐེངས་དང་པོ་དེ་བྱ་རྒྱུར་ཕྱི་བསྒྲགས་བྱས་ཡོད་པ་རེད།

 ཁོང་ཚོས་ང་ཚོས་རེ་བ་ལ་ཏཱ་ལའི་བླ་མས་མ་འོངས་པའི་གོ་སྐབས་དེ་དམ་འཛིན་དང༌། དབུས་གཞུང་གིས་རེ་སྐུལ་ལ་བཟང་ཕྱོགས་ཀྱི་ཡ་ལན་བྱེད་པའི་རེ་བ་ཡོད་ཅེས། རྒྱ་ནག་ཕྱི་འབྲེལ་ལས་དོན་བློན་ཆེན་གྱི་མགྲིན་ཚབ་པ་མཱ་ཀྲའོ་ཞུན་གྱིས་པེ་ཅིང་དུ་གསར་འགོད་པ་ཚོར་འགྲེལ་བརྗོད་བྱས་ཡོད་འདུག

རྒྱ་ནག་ཕྱི་འབྲེལ་ལས་དོན་བློན་ཆེན་གྱི་མགྲིན་ཚབ་པ་མཱ་ཀྲའོ་ཞུན་གྱིས་རྒྱུན་ལྡན་གྱི་གསར་འགོད་ལྷན་ཚོགས་ཤིག་གི་ཐོག ཏཱ་ལའི་བླ་མའི་ཕྱོགས་ནས་རེ་སྐུལ་ཞུས་པ་བཞིན། རྒྱ་ནག་དབུས་གཞུང་གིས་ཀྱང་སྐབས་དོན་དེ་དང་འབྲེལ་བའི་ཏཱ་ལའི་བླ་མ་སྒེར་གྱི་སྐུ་ཚབ་རྣམས་ཕྱིར་རྒྱ་ནག་ཏུ་འབྲེལ་བ་དང་གོ་སྡུར་བྱ་རྒྱུའི་ཆེད་གྲ་སྒྲིག་བྱས་ཡོད་པ་རེད་ཟེར།

རྒྱ་གཞུང་གིས་བོད་པའི་སྐུ་ཚབ་ཚོས་གོ་སྐབས་འདི་དམ་འཛིན་ཐོག་དྭངས་གཙང་གྱི་སྐད་ཆ་བྱེད་དགོས་པ་དང༌། ང་ཚོས་ཏཱ་ལའི་བླ་མས་གོ་སྐབས་འདི་བཟུང་ནས་མ་འོངས་པར་དབུས་གཞུང་གི་རེ་སྐུལ་ལ་བཟང་ཕྱོགས་ཀྱི་ཡ་ལན་བྱེད་པའི་རེ་བ་ཡོད་ཅེས་མགྲིན་ཚབ་པས་འགྲེལ་བརྗོད་བྱས་ཡོད་འདུག

ཡང་ཁོང་གིས་དབུས་གཞུང་གིས་ཏཱ་ལའི་བླ་མ་ཕྱོགས་ལ་འཛིན་པའི་སྲིད་ཇུས་དེ་བརྟན་པོ་དང་ལྷད་མེད་ཅིག་རེད་ཅེས་གསར་འགོད་པ་ཚོར་འགྲེལ་བརྗོད་བྱས་པ་ལས། གཞན་གོ་སྡུར་གནང་ཡུལ་དང་ཞིབ་ཕྲའི་བཀའ་མོལ་སོགས་ཀྱི་གནས་ཚུལ་གང་ཡང་བཤད་མེད་པ་རེད།

སྤྱི་ལོ་༢༠༠༨༧གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་དབར་འགྲེལ་མོལ་སྐབས། བོད་མི་རྣམས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་སྐོར་དགོས་འདུན་འདོན་ཡང༌། དེ་ལ་རྒྱ་ནག་གཞུང་གིས་ངོས་ལེན་བྱས་མེད་པ་དང༌། ཐེངས་འདི་སྤྱི་ལོ་༢༠༠༢ནས་བརྩིས་པའི་འབྲེལ་མོལ་ཐེངས་༩པ་དེ་ཡིན་པ་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བའི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་ཞུས།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
རང་བཙན།
1 ༠༡༢༠༡༠༠༩༢༦
མགོན་པོ་བསོད་ནམས་།
བོད་རྒྱལ་ལོ།



བརྗོད་གཞི་གཞན་ཁག་ལ་གཟིགས།