༧གོང་ས་མཆོག་གི་གློག་བརྙན་གྱིས་བཙོན་པར་སེམས་འགུལ་ཐེབས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ལོའི་ཟླ་༡པའི་ཚེས་༢༡ཉིན། ནང་བའི་ཁེ་མེད་དང་བླངས་ཞབས་ཞུ་འོད་གསལ་ལས་འཆར་ཚོགས་པ་ཞེས་པས་ཉེ་ཆར་ཨ་རིའི་ཊེ་སའ་སུ་མངའ་སྡེའི་ནག་ཉེས་སྟངས་འཛིན་ལྷན་ཁང་དང་མཉམ་འབྲེལ་སྒོས། མངའ་སྡེ་དེའི་བཙོན་ཁང་གཉིས་ནང་རྒྱལ་སྤྱིའི་གློག་བརྙན་བྱ་དགའ་༡༢ཐོབ་མྱོང་ཡོད་པའི་དངོས་བྱུང་གློག་བརྙན་༼ཏཱ་ལའི་བླ་མ་བསྐྱར་དར༽་ཞེས་པ་གཟིགས་འབུལ་བྱས་ཡོད་འདུག

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ལོའི་ཟླ་༡པའི་ཚེས་༢༡ཉིན། ནང་བའི་ཁེ་མེད་དང་བླངས་ཞབས་ཞུ་འོད་གསལ་ལས་འཆར་ཚོགས་པ་ཞེས་པས་ཉེ་ཆར་ཨ་རིའི་ཊེ་སའ་སུ་མངའ་སྡེའི་ནག་ཉེས་སྟངས་འཛིན་ལྷན་ཁང་དང་མཉམ་འབྲེལ་སྒོས། མངའ་སྡེ་དེའི་བཙོན་ཁང་གཉིས་ནང་རྒྱལ་སྤྱིའི་གློག་བརྙན་བྱ་དགའ་༡༢ཐོབ་མྱོང་ཡོད་པའི་དངོས་བྱུང་གློག་བརྙན་༼ཏཱ་ལའི་བླ་མ་བསྐྱར་དར༽་ཞེས་པ་གཟིགས་འབུལ་བྱས་ཡོད་འདུག

དེ་ཡང་༼ཏཱ་ལའི་བླ་མ་བསྐྱར་དར་༽་ཞེས་པའི་གློག་བརྙན་དེ་ནི་དངོས་བྱུང་གློག་བརྙན་བཟོ་བསྐྲུན་པ་དང་འཁྲབ་ཁྲིད་པ་སྐད་གྲགས་ཅན་སྐུ་ཞབས་ཧའ་ཞི་ཡར་ཌར་བུའུ་ཆི་ལགས་ཀྱིས་ཕབ་བསྐྲུན་བྱས་པ་ཞིག་རེད་ལ། གློག་བརྙན་དེ་ཨ་རིའི་གྲོང་ཁྱེར་༡༠༠ལྷག་གི་གློག་བརྙན་ཁང་ནང་བསྟན་ཡོད་ཁར། སུད་སི་དང༌། རྗར་མི་ནི། ཨོ་སི་ཊི་རི་ཡ་སོགས་རྒྱལ་ཁབ་ནང་དར་ཁྱབ་བྱུང་ཡོད་འདུག གློག་བརྙན་དེའི་ནང་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ྋགོང་ས་ཏཱ་ལའི་བླ་མ་མཆོག་དང༌། ནུབ་ཕྱོགས་རིག་གནས་བསྐྱར་དར་བའི་བསམ་བློ་བ་༤༠ལྷག་བཞུགས་སྒར་དྷ་སར་མཇལ་འཛོམས་ཀྱིས་འཛམ་གླིང་བཅོས་བསྒྱུར་དང་འཛམ་གླིང་གི་དཀའ་རྙོག་སེལ་ཕྱོགས་ཐད་བགྲོ་གླེང་གོ་བསྡུར་གནང་བའི་སྐོར་ཞིབ་འགོད་བྱས་ཡོད་འདུག

འོད་གསལ་ལས་འཆར་ཚོགས་པའི་འགན་འཛིན་ཁའོན་རེ་ཌི་ལགས་ཀྱིས་བཙན་ཁང་གི་འཛིན་སྐྱོང་པའི་ཆོག་མཆན་དང་གློག་བརྙན་བཟོ་བསྐྲུན་པའི་རྒྱབ་སྐྱོར་འོག མི་གསོད་ཀྱི་ནག་ཉེས་བསགས་པའི་བཙོན་པ་རྣམས་ཀྱི་སེམས་ཀྱི་ཞི་བདེ་དང་ཀུན་སློང་མཐོར་འདེགས་གཏོང་སླད་གོང་གི་གློག་བརྙན་དེ་གཟུགས་འབུལ་བྱས་ཡོད་པ་དང༌། གློག་བརྙན་དེར་བཙོན་པ་ལྟད་མོ་བ་རྣམས་ཀྱིས་དགའ་མོས་ཆེན་པོ་ཐོབ་ཡོད་པ་མ་ཟད། གློག་བརྙན་འདི་བརྒྱུད་ཁོ་ཚོ་ལ་ཕན་འབྲས་ལྡན་པའི་སེམས་འགུལ་དང་སྐུལ་སློང་ཐེབས་ཡོད་ལུགས་བཙོན་པ་མང་པོས་འགྲེལ་བརྗོད་བྱས་ཡོད་འདུག

གློག་བརྙན་དེའི་བཟོ་བསྐྲུན་པ་དང་འཁྲབ་ཁྲིད་པ་སྐུ་ཞབས་ཧའ་ཞི་ཡར་ཌར་བུའུ་ཆི་ལགས་ཀྱིས་བརྗོད་དོན། གློག་བརྙན་འདི་བཟོ་བསྐྲུན་བྱེད་པའི་དགོས་དམིགས་གཙོ་བོ་ནི་རྒྱ་ཆེའི་ལྟད་མོ་རྣམས་ལ་བཟང་ཕྱོགས་ཀྱི་སྐུལ་ལྕག་གཏོང་རྒྱུ་དེ་རེད། ང་རང་ཉིད་བཙོན་ཁང་ནང་འགྲོ་མྱོང་མེད་མོད། བཙོན་འཇུག་བྱས་ཡོད་པའི་བཙོན་པ་རྣམས་ཀྱིས་གློག་བརྙན་འདིའི་བདག་འཛིན་གྱི་བློ་དོར་ནས་ནང་སེམས་བསྐྱེད་པའི་བརྗོད་སྙིང་ཐད་ལ་མཐོང་ཚུལ་ཞིག་ཏན་ཏན་ཡོད་ཀྱི་རེད་བསམ་པའི་སེམས་ཚོར་ཆེ་ལ། བཙོན་ཁང་ནི་གློག་བརྙན་འདི་སྟོན་སའི་ས་ཆ་གནད་མ་རེད་བསམ་གྱི་ཡོད། ཅེས་བརྗོད་ཡོད་འདུག

གཞན་ཡང་མིང་ལ་ཌེ་བུའུ་ཌི་ཟེར་བའི་བཙོན་པ་ཞིག་གིས་གློག་བརྙན་དེ་བལྟས་རྗེས་རང་ཉིད་ཀྱི་མྱོང་ཚོར་བརྗོད་དོན། ངས་ྋགོང་ས་ཏཱ་ལའི་བླ་མས་བྱམས་སྙིང་རྗེའི་གལ་ཆེའི་རང་བཞིན་སྐོར་གསུང་གིན་ཡོད་པ་གོ་མྱོང༌། དེ་ནི་ཡང་དག་ཅིང་ཕན་པའི་ལས་ཤིག་རེད། གང་ཡིན་ཞེ་ན། བྱམས་སྙིང་རྗེས་ནང་སེམས་ཀྱི་བདེ་སྐྱིད་བསྐྲུན་ཐུབ་ལ། ནང་སེམས་ཀྱི་ཞི་བདེ་གོང་སྤེལ་གཏོང་བར་རོགས་འདེགས་བྱེད་ཐུབ། ཁོང་གིས་བྱམས་སྙིང་རྗེའི་སྐོར་གསུང་སྐབས་ངས་ཀྱང་དེ་དོན་ཕྲན་བུ་རྟོགས་འགོ་ཚུགས་པ་མ་ཟད། སེམས་འགུལ་ཡང་ཐེབས་སོང༌། ཞེས་བརྗོད་ཡོད་འདུག

མིང་ལ་ཌེའོན་ཟེར་བའི་བཙོན་པ་ཞིག་གིས་རང་ཉིད་ཀྱི་མྱོང་ཚོང་འདི་ལྟར་བརྗོད་ཡོད་དོན། ངའི་བསམ་པར་གློག་བརྙན་དེའི་ཆེས་གཏིང་ཟབ་པའི་ཁྱད་ཆོས་གཙོ་བོ་ཞིག་ནི་ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་བག་ཡོད་ཚུལ་ལྡན་གྱི་རང་གཤིས་དང༌། ཁོང་གི་འགྲོ་བ་མིའི་རིགས་ཀྱི་ལྷན་སྐྱེས་ཀྱི་རང་བཞིན་དང་འགྲོ་བ་མིའི་ལས་དོན་ཐད་ཀྱི་མཁྱེན་རྟོགས་དེ་རེད། ཅེས་བརྗོད་ཡོད་འདུག

ཡང་མིང་ལ་ཨན་ཌོ་ནས་ཟེར་བའི་བཙོན་པ་ཞིག་གིས། ངས་འདི་ལྟ་བུའི་གློག་བརྙན་ཉིན་རྟག་པར་བལྟ་དགོས་བྱུང་ཡང་ཉོབ་རྒྱུ་མ་རེད། ཁྱོད་ལ་ནང་སེམས་ཀྱི་ཞི་བདེ་ཐོབ་ཚེ། ཁྱོད་ཀྱིས་རང་ཉིད་ཀྱི་མཐའ་སྐོར་གྱི་མི་རྣམས་ལ་ཕན་ཐོགས་སྒྲུབ་ཐུབ་པ་རེད། ཅེས་མདོར་ན་གློག་བརྙན་འདིས་བཙོན་པ་གང་མང་ཞིག་ལ་སེམས་འགུལ་དང་སྐུལ་སློང་ཐེབས་སུ་བཅུག་ཡོད་འདུག གློག་བརྙན་འདིའི་སྐོར་གྱི་ཞིབ་ཕྲའི་གནས་ཚུལ་དྲ་གནས་www.DalaiLamaFilm.com.འདི་ལ་གཟིགས་རོགས།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་གཡང་བྱམས་ཀྱིས་ཕབ་བསྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།