གསར་འགྱུར་གསར་པ།:
  • ཕྱི་ཚེས་༨ཉིན་པཱ་ཀི་སི་ཐན་ཁུལ་དུ་ཡོད་པའི་པཱ་ཇབ་གྱི་མངའ་སྡེ་ལ་ཧོ་རིས་ནང་རླངས་འཁོར་ཞིག་ནས་རང་སྲོག་བློས་བཏང་གི་གཏོར་རྒོལ་འོག་མི་༡༢བསད་ཡོད་པ་རེད།
    ༠༩༠༣༡༠
  • རྒྱལ་སྤྱིའི་བེུད་ཉིན་མོར་ལྕམ་ཧེ་ལ་རུ་ཁི་ལི་ཊོན་གྱིས་བེུད་ཀྱི་ཐོབ་ཐང་ནི་འགྲོ་བ་མིའི་ཐོབ་ཐང་དང་འགྲོ་བ་མིའི་ཐོབ་ཐང་ནི་བུད་མེད་ཀྱི་ཐོབ་ཐང་ཡིན་ཞེས་གསུངས་ཡོད་པ་རེད།
    ༠༩༠༣༡༠
  • ཡོང་ལ་ཉེ་བའི་གསུམ་བཅུའི་དུས་དྲན་ལ་དམིགས་ནས་རྒྱ་གཞུང་གིས་བོད་ནང་དུ་དམ་དྲག་བྱེད་བཞིན་ཡོད་པ་རེད།
    ༡༨༠༢༡༠
  • རྒྱ་གར་བྱང་ཕྱོགས་ཨུ་ཊར་མངའ་སྡེའི་ནང་ཧིན་དྷུའི་ལྷ་ཁང་ཞིག་གི་སྒོ་ཆེན་བརྡིབས་སྐྱོན་གྱིས་མི་༦༠འཆི་སྐྱོན་བྱུང་ཡོད་འདུག
    ༡༡༠༡༡༠
  • ཨ་རིས་དབྱི་རན་གྱི་རྡུལ་ཕྲན་གནད་དོན་ཐད་དམག་གི་སྟོབས་ཤུགས་སྤེལ་རྒྱུ་མིན་ཟེར།
    ༡༡༠༡༡༠
  • ཐའེ་ལན་ཌིའི་གཞུང་ཚབ་ཀྱིས་ཨ་མ་རྗེ་བཙུན་པདྨ་མཆོག་ལ་ཐོངས་ཆེན་སྤྲད་ཡོད་མི་འདུག
    ༢༩༡༠༠༩

ཉེ་དུས་གསར་འགྱུར།

༢༠༡༡ལོའི་བཀའ་ཁྲི།?

མི་མང་གི་ཆེད་དུ། མི་མང་ནས་བསྐོས། མི་མང་གི་རང་དབང༌། མང་གཙོ།













གྲུབ་འབྲས།

ཞལ་འདེབས་གནང་ས།

རྗར་མི་ནིའི་ཕྱི་སྲིད་བློན་ཆེན་གྱིས་བོད་དོན་དང་འགྲོ་བ་མིའི་ཐོབ་ཐང་གླེང་སློང༌།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ལོའི་ཟླ་༠༡ཚེས་༡༥ཉིན། རྒྱ་ནག་ཏུ་འཚམས་གཟིགས་སུ་ཕེབས་བཞིན་ཡོད་པའི་རྗར་མི་ནིའི་ཕྱི་སྲིད་བློན་ཆེན་ངྷི་དྷོ་ཝེ་སི་ཊེར་ཝེ་ལེ་མཆོག་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འབྱོར་ཏེ་ཡུལ་དེའི་ཕྱི་སྲིད་བློན་ཆེན་ཡང་ཇེ་ཆི་དང་ལྷན་དུ་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང༌། སྨྲ་བརྗོད་རང་དབང༌། དེ་བཞིན་བོད་ཀྱི་གནད་དོན་སོགས་ཀྱི་སྐོར་གྲོས་མོལ་གནང་ཡོད་པ་རེད།

དེ་ཡང་རྗར་མི་ནིའི་གསར་ཁང་ཌེ་པེ་ཨེ་(DPA)ཞེས་པས་པེ་ཅིང་ནས་གནས་ཚུལ་སྤེལ་བར་གཞིགས་ན། བོད་ཀྱི་གནད་དོན་ཐད་རྗར་མི་ནི་དང་རྒྱ་ནག་ཡུལ་གཉིས་ཀྱི་ཕྱི་སྲིད་བློན་གཉིས་ནས་གཞུང་སོ་སོས་འཛིན་པའི་ལངས་ཕྱོགས་དང་ལྟ་ཚུལ་མི་འདྲ་བ་ཁག་གསལ་སྟོན་བྱས་ཡོད་པ་དང༌། རྒྱ་ནག་གིས་བོད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཟེར་བའི་ཁ་བྲལ་ཐབས་མེད་པའི་ཆ་ཤས་སུ་འདོད་ཚུལ་བསྐྱར་བཤད་དང༌། ད་དུང་རྒྱ་ནག་གཞུང་གིས་མངོན་པ་མི་གསལ་བའི་སྒོ་ནས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་མེད་པའི་དབུ་ཁྲིད་ྋགོང་ས་མཆོག་དང་མཇལ་མོལ་གནང་རྒྱུ་མེད་ཚུལ་བཤད་ཡོད་པ་རེད། དེ་ཡང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཡང་ཇེ་ཆི་ཟེར་བས་བཤད་དོན། རྒྱ་ནག་གཞུང་ཕྱོགས་ནས་རྒྱལ་སྤྱིའི་ཁྲོད་གཞུང་དང་འགོ་ཁྲིད་སུ་ཞིག་གི་ངོས་ནས་ཏཱ་ལའི་བླ་མ་དང་མཇལ་མོལ་བྱས་པར་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཡོད་ཅེས་བཤད་ཡོད་པ་རེད།

ཡང་གཞུང་འབྲེལ་གྲོས་མོལ་གྲུབ་རྗེས་གསར་འགོད་གསལ་བསྒྲགས་ཤིག་གི་ཐོག་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཡང་ཇེ་ཆི་དང་ལྷན་དུ་གཞི་རྒྱ་ཆེ་བའི་གནད་དོན་མང་པོ་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་གསར་འགོད་རང་དབང་སོགས་ཀྱི་ཐད་ནན་བརྗོད་བྱས་ཡོད་ལུགས་རྗར་མི་ནིའི་ཕྱི་སྲིད་བློན་ཆེན་ངྷི་དྷོ་ཝེ་སི་ཊེར་ཝེ་ལེ་མཆོག་གིས་འགྲེལ་བརྗོད་གནང་ཡོད་པ་རེད།

ཁོང་གིས་མུ་མཐུད་གསར་འགོད་པ་ཚོར་གསུངས་དོན། རྗར་མི་ནིའི་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་དང་གསར་འགོད་རང་དབང༌། གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་སྲུང་སྐྱོབ། བསམ་བརྗོད་རང་དབང༌། ཆོས་དད་རང་མོས་བཅས་ཀྱི་ཆེད་ཡར་ལངས་རྒྱབ་སྐྱོར་བྱེད་རྒྱུ་ནི་གཞུང་གི་གཞི་རྩའི་ཕྱི་འབྲེལ་དང་འབྲེལ་བའི་ཆབ་སྲིད་ཀྱི་ལངས་ཕྱོགས་ཡིན་པ་དེ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཡང་ཇེ་ཆི་ལགས་ཀྱིས་ཤེས་རྟོགས་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་ཡོད་པ་རེད།

རྗར་མི་ནིའི་ཕྱི་སྲིད་བློན་ཆེན་ངྷི་དྷོ་ཝེ་སི་ཊེར་ཝེ་ལེ་མཆོག་གི་ཐེངས་འདིའི་གཟིགས་སྐོར་སྐབས་ད་ལྟ་བཙོན་དུ་ཡོད་པའི་རྒྱ་ནག་གཞུང་དང་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་པ་ལེའུ་ཞའོ་པོའམ་ཉིས་སྟོང་བརྒྱད་ཀྱི་བཅའ་ཁྲིམས་བཟོ་མཁན་གྱི་གནད་དོན་སྐོར་གླེང་སློང་ཡོང་བར་རེ་བ་ཡོད་པ་སྟེ། གནད་དོན་དེའི་ཐད་གླེང་སློང་བྱེད་རྒྱུ་གལ་ཆེན་རེད་ཅེས་ལེའུ་ཞའོ་པོའི་བཟའ་ཟླ་ཝེན་ཞའོ་པོ་ལགས་ཀྱིས་གསར་འགོད་པར་གསུངས་ཡོད་པ་རེད།

སྙན་གྲགས་ཆེ་བའི་ཨ་རིའི་དྲ་གནས་འཚོལ་ཆས་གྷུལ་གྷེལ་ཞེས་པ་རྒྱ་ནག་གཞུང་གིས་དོ་དམ་ཤུགས་ཆེན་བྱས་རྗེས་དྲ་གནས་དེ་རྒྱ་ནག་ནས་ཕྱིར་འཐེན་བྱས་པའི་སྐོར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཡང་ཇེ་ཆི་ཟེར་བར་གསར་འགོད་པས་འདྲི་བཙད་བྱེད་སྐབས་ཁོ་པས་རྒྱ་ནག་གཞུང་གི་ལངས་ཕྱོགས་བསྐྱར་ཟློས་ཡང་ཟླས་བྱས་ཡོད་པ་སྟེ། ང་ཚོས་དྲ་གནས་ལ་གཏོར་རྒོལ་བྱེད་པར་ངོ་རྒོལ་ཡོད་ཚུལ་དང༌། དྲ་གནས་ཀྱི་རང་དབང་རྒྱ་ནག་ཏུ་སྒོ་ཕྱེས་ནས་ཡོད་ཚུལ། འོན་ཀྱང་དྲ་རྒྱའི་ལས་དོན་ཡོངས་རྫོགས་ཁྲིམས་ཀྱི་རྗེས་སུ་འབྲངས་དགོས་པ་དང་སྤྱི་ཚོགས་ལ་གནད་སྐྱོན་མེད་པ་ཞིག་དགོས་པ་རེད་ཅེས་བཤད་ཡོད་པ་རེད།

༢༠༠༧ལོར་རྗར་མི་ནིའི་སྲིད་བློན་ལྕམ་ཨེན་ཇི་ལ་མེར་ཁེལ་མཆོག་གིས་བོད་ཀྱི་དབུ་ཁྲིད་ྋགོང་ས་མཆོག་ལ་མཇལ་མོལ་ཞུས་རྗེས་རྒྱ་ནག་དང་རྗར་མི་ནི་དབར་གྱི་འབྲེལ་ལམ་ཇེ་སྡུག་ཏུ་སོང་ཡོད་ཚུལ་གསར་ལམ་ཁག་གིས་སྤེལ་ཡོད་པ་རེད།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།: