རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཤུགས་ཆེར་ཕྱིན་ཡོད་ཟེར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ལོའི་ཟླ་༡པའི་ཚེས་༢༡ཉིན། བྷི་བྷི་སི་གསར་ལམ་ཏུ་གནས་ཚུལ་ཐོན་གསལ། རྒྱ་ནག་རྒྱལ་ཡོངས་སྡོམ་རྩིས་ལས་ཁུངས་ཀྱིས་སྤེལ་བའི་གསལ་བསྒྲགས་ལ་གཞིགས་ན། ཕྱི་ལོ་༢༠༠༩ནང་རྒྱ་ནག་གི་ལོ་རེའི་རྒྱལ་ཡོངས་ཐོན་བསྐྱེད་རྩ་འབོར་གྱིས་བརྒྱ་ཆ་༨.༧ཟིན་ནས་ཉི་ཧོང་གི་དཔལ་འབྱོར་ཡར་རྒྱས་ལས་བརྒལ་ཏེ། འཛམ་གླིང་ཐོག་གི་འབྱོར་ལྡན་རྒྱལ་ཁབ་ཨང་གཉིས་པ་ཆགས་རྒྱུ་ཡིན་ཚུལ་ཕྱིར་བསྒྲགས་བྱས་ཡོད་འདུག

རྒྱ་གཞུང་གི་མགྲིན་ཚབ་མི་སྣས་བརྗོད་པ་ལྟར་ན། རྒྱ་ནག་འཛམ་གླིང་དཔལ་འབྱོར་ཉམ་ཉེས་ལས་མགྱོགས་མྱུར་ངང་སླར་གསོན་བྱུང་སྟེ་ད་ལྟ་ཡང་དག་པའི་ལམ་ཕྱོགས་སུ་ཤར་བསྐྱོད་བྱེད་བཞིན་ཡོད། ཟེར། ཕྱི་ལོ་༢༠༠༨ལོའི་ལོ་མཇུག་དང་༢༠༠༩ལོ་འགོར། རྒྱ་ནག་ལ་འཛམ་གླིང་དཔལ་འབྱོར་ཉམ་ཉེས་ཀྱི་གནོད་སྐྱོན་ཐེབས་ཡོད་མོད། འཛམ་གླིང་རྒྱ་ཁབ་གཞན་དང་བསྡུར་ཚེ་རྒྱ་ནག་ལ་ཕོགས་པའི་གནོད་སྐྱོན་གྱི་ཚབས་ཆུང་ཆུང་རེད་འདུག

ཕྱི་ལོ་༢༠༠༩ལོའི་ལོ་མཇུག་ཏུ་རྒྱ་ནག་གི་ལོ་རེའི་རྒྱལ་ཡོངས་ཐོན་བསྐྱེད་རྩ་འབོར་གྱི་བསྡུར་ཚད་དེ་ཕྱི་ལོ་༢༠༠༨ལོ་ལས་བརྒྱ་ཆ་༡༠.༧གོང་འཕེལ་བྱུང་ཡོད་འདུག འོན་ཏེ་དངུལ་ལོར་གྱི་འཕར་ཆག་ལ་འགྱུར་ལྡོག་ཧ་ཅང་ཆེ་སྟབས། རྒྱ་ནག་དང་ཉི་ཧོང་གི་དཔལ་འབྱོར་ཡར་རྒྱས་ཀྱི་ཁྱད་བག་ཚད་བསྡུར་བྱེད་དཀའ་ལུགས་དཔལ་འབྱོར་ཉམས་ཞིབ་པས་འགྲེལ་བརྗོད་གནང་གིན་འདུག

ཉི་ཧོང་གི་ལོ་རེའི་རྒྱལ་ཡོངས་ཐོན་བསྐྱེད་རྩ་འབོར་དེ་ཟླ་རྗེས་མའི་ནང་ཁྱབ་བསྒྲགས་བྱེད་རྒྱུ་རེད་ལ། ཉི་ཧོང་གི་སྔར་ལོའི་དཔལ་འབྱོར་ཐོན་བསྐྱེད་ཀྱི་རྩ་འབོར་དེ་བརྒྱ་ཆ་༦ཙམ་མར་རྒུད་བྱུང་ཡོད་ཚོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བའི་གསར་འགོད་པ་གཡང་བྱམས་ཀྱིས་ཕབ་བསྒྱུར་ཞུས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།