ཇོ་མོ་གླང་མའི་འཁྱགས་རོམ་གཏེར་ཆུ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ལོའི་ཟླ་༡པའི་ཚེས་༢༠ཉིན། རྒྱའི་གཞུང་འབྲེལ་གསར་གནས་དྲ་བ་ཁག་ཅིག་ཏུ་གནས་ཚུལ་སྤེལ་དོན། བོད་ལྗོངས་ཇོ་མོ་གླང་མའི་འཁྱགས་རོམ་གཏེར་ཆུའི་ཐོན་ཁུངས་གསར་སྤེལ་ཚད་ཡོད་ལས་ཁུངས་ཟེར་བས་ཐོན་སྐྱེད་བྱས་པའི་ཇོ་མོ་གླང་མའི་འཁྱགས་རོམ་གཏེར་ཆུ་མི་འགྱངས་པར་ཚོང་རར་འདོན་རྒྱུ་རེད་འདུག

དེ་ཡང་འཁྱགས་རོམ་གཏེར་ཆུ་དེ་ཇོ་མོ་གླང་མའི་རི་འདབས་ཀྱི་ས་བབ་མཐོ་ཚད་ལ་མཚོ་ངོས་ལས་སྨི་༤༣༠༠ཡོད་པའི་གཞིས་ཀ་རྩེའི་དིང་རི་རྫོང་ཁོངས་ཀྱི་རང་བྱུང་འཁྱགས་རོམ་ཐོན་ཁུངས་ནས་བླངས་ཡོད་ཅིང༌། འཁྱགས་རོམ་གངས་ཆུ་དེའི་ཉིན་རེའི་བཞུར་ཚད་ཏུན་༣༨༤༤༥ཟིན་ཞིང༌། ཉིན་རེར་ཆེས་མང་ན་ཏུན་༩༨༣༦ཙམ་ལེན་ཆོག་ཚུལ་ཆེད་ལས་མཁས་པས་ཚོད་དཔག་བྱ་བཞིན་ཡོད་འདུག

གཞན་ཡང་ཐེངས་འདིའི་ལས་གཞི་གསར་བའི་རྣམ་གྲངས་འདི་ལ་ཁྱོན་བསྡོམས་རྒྱ་སྒོར་དུང་ཕྱུར་༡.༣བཏང་ཡོད་པ་དང༌། གཏེར་ཆུ་འདིའི་ལོ་རེའི་ཐོན་སྐྱེད་བྱེད་ཚད་ནི་ཏུན་ཁྲི་༩.༤ཡིན་ཞིང༌། ཐོན་སྐྱེད་རིན་ཐང་རྒྱ་སྒོར་དུང་ཕྱུར་༣.༢༧ ཙམ་ཟིན་ཡོད་འདུག་ཟེར།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།