ནེ་ཇེ་རི་ཡའི་ནང་ཡ་ང་བའི་དམར་འཛིང་དོན་རྐྱེན་བྱུང་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ལོའི་ཟླ་༡པའི་ཚེས་༢༠ཉིན། དེ་རིང་ཞོགས་པར་བྷི་བྷི་སི་གསར་ལམ་ཏུ་གནས་ཚུལ་བཀོད་གསལ་ལྟར་ན། ནུབ་ཨ་ཕི་རི་ཀའི་ནེ་ཇེ་རི་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཇའོ་སི་གྲོང་ཁྱེར་ནང་ཡི་ཤུ་པ་དང་ཁ་ཆེ་བའི་ཤོག་ཁག་བར་འཁྲུག་རྩོད་བྱུང་སྟེ་ཉུང་མཐར་ཡང་མི་༡༤༩རྐྱེན་ལམ་དུ་བརྫངས་ཡོད་པ་མ་ཟད། ཡུལ་མི་༣༠༠༠ལྷག་རང་ཁྱིམ་ནས་ཉེན་ཡོལ་དུ་འགྲོ་དགོས་བྱུང་ཡོད་འདུག

དེ་ཡང་ཐེངས་འདིའི་དམར་འཛིང་དོན་རྐྱེན་འདི་ཕྱི་ཚེས་༡༧ཉིན་འབྱུང་འགོ་བརྩམས་ཏེ་དུས་ད་ལྟའང་མུ་མཐུད་འགྲོ་བཞིན་མཆིས་ལ། ཇའོ་སི་གྲོང་ཁྱེར་མཐའ་མཚམས་ཁུལ་མེ་མདའི་བྲག་ཆ་དང་ཁང་བརྩེགས་མེ་བསྲེགས་སོགས་སྐྱི་གཡའ་བའི་རྣམ་པས་ཁེངས་ཡོད་པ་དང༌། ནེ་ཇེ་རི་ཡ་རྒྱལ་ཁབ་ཀྱི་སྲིད་འཛིན་གཞོན་པ་བསོད་ནམས་ཡག་པོ་ཇའོ་ན་ཐན་ལགས་ཀྱིས་གྲོང་ཁྱེར་ད་གའི་ས་གནས་བདེ་སྲུང་འགོ་དཔོན་མཐོ་གྲས་ཁག་ཅིག་ལས་གནས་ནས་ཕུད་ཡོད་ཁར། ས་གནས་ཉེན་རྟོག་དམག་མིས་ཟིང་འཁྲུག་ཞོལ་འཇགས་བྱེད་པའི་དཔུང་རོགས་སུ་དམག་དཔུང་མངགས་གཏོང་བྱས་ཡོད་པ་དང༌། དེ་བཞིན་ཆུ་ཚོད་༢༤རིང་གི་ཕྱིར་བསྐྱོད་བཀག་སྡོམ་བཀའ་ཁྱབ་བཏང་ཡོད་འདུག

ནེ་ཇེ་རི་ཡ་རྒྱལ་ཁབ་ནང་དུས་རྟག་ཏུ་རྒྱུན་ཆད་མེད་པའི་འཁྲུག་འཛིངས་དོན་རྐྱེན་འདི་དང་འདི་ལྟ་བུ་འབྱུང་དོན་གྱི་གཞི་རྩ་ནི་ཆོས་ལུགས་གྲུབ་མཐའི་འཐེན་འཁྱེར་དང་ཕྱོགས་ཞེན། དེ་མིན་ཐོན་ཁུངས་དང་ས་ཆའི་བདག་དབང་རྩོད་རེས་སོགས་ཡིན་པ་རེད། འོན་ཏེ་ད་ཐེངས་ཀྱི་དམར་འཛིང་འདི་རྐང་རྩེད་སྤོ་ལོ་འགྲན་བསྡུར་ཞིག་གི་རྗེས་སུ་བྱུང་ཚུལ་དང་གཅིག ཁང་ཁྱིམ་བསྐྱར་བསྐྲུན་གྱི་ལས་འཆར་ཐད་ཁ་རྩོད་ཤོར་ཏེ་འགོ་བརྩམས་ཚུལ་དང་གཉིས་བཅས་གནད་དོན་གྱི་འབྱུང་རྩ་ད་དུང་ཆ་འཚལ་ཡོད་མི་འདུག

གཞན་ཡང་སྔར་ལོར་རྒྱལ་ཁབ་དེ་གའི་ཁ་ཆེ་བ་དང་ཡི་ཤུ་པའི་དབར་འཁྲུག་འཛིངས་ཤོར་ཏེ་མི་༢༠༠ལྷག་འདས་གྲོངས་སུ་ཕྱིན་ཡོད་འདུག་ལ། ཕྱི་ལོ་༢༠༠༡ལོའི་དམར་འཛིང་དོན་རྐྱེན་ཞིག་གི་ཁྲོད་མི་༡༠༠༠ལྷག་རྐྱེན་ལམ་དུ་ཕྱིན་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།