བོད་མི་བྲོས་བྱོལ་བ་༡༠བལ་ཡུལ་ཉེན་རྟོག་པས་འཛིན་བཟུང༌།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ལོའི་ཟླ་༡པའི་ཚེས་༡༨ཉིན། ཕྱི་ཚེས་༡༥ཉིན་བལ་ཡུལ་གྱི་རྡོ་ལ་ཁ་ས་གནས་ཉེན་རྟོག་པས་བོད་ནས་བྲོས་བྱོལ་དུ་ཡོང་མཁན་བོད་མི་༡༠བལ་ཡུལ་གྱི་བླ་མ་སྦ་སྒར་མཐའ་མཚམས་ཁུལ་ཏུ་ཁྲིམས་མཐུན་གྱི་འགྲུལ་བཞུད་ཡིག་ཆ་མེད་པའི་ཉེས་འཛུགས་འོག་འཇུ་བཟུང་བྱས་འདུག་ལ། ཁ་སང་བོད་མི་དེ་ཚོ་བལ་ཡུལ་གྱི་ཕྱི་མི་གནས་སྤོ་ཞིབ་བཤེར་ལྷན་ཁང་ལ་རྩིས་སྤྲོད་བྱས་ཡོད་འདུག

བོད་མི་བྲོས་བྱོལ་བ་དེ་དག་བལ་ཡུལ་གྱི་རྒྱལ་ས་ཀ་ཐི་མན་ཊུ་དང་བར་ཐག་ལ་སྤྱི་ལེ་༡༥༠ཡོད་པའི་བླ་མ་སྦ་སྒར་མཐའ་མཚམས་སུ་འབྱོར་སྐབས་འཇུ་བཟུང་ཐེབས་འདུག་ཅིང༌། ཁོ་ཚོ་ལས་༨སྐྱེས་པ་དང་༢བུད་མེད་རེད་འདུག དེ་ཡང་རྡོ་ལ་ཁ་ས་གནས་སྤྱི་ཁྱབ་འགན་འཛིན་གྱིས་བརྗོད་དོན། ད་ལྟའི་ཆར་ང་ཚོས་བོད་མི་དེ་ཚོར་འདྲི་རྩད་བྱེད་ཀྱིན་ཡོད། གཅིག་བྱས་ན་ང་ཚོས་བོད་མི་དེ་ཚོ་ཀ་ཐི་མན་ཊུ་རུ་རྟེན་གཞི་བྱས་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་ལ་སྤྲོད་སྲིད་ཟེར།

ལོ་རེར་བོད་མི་བརྒྱ་ཕྲག་དུ་མ་རི་བོ་ཧི་མ་ལ་ཡ་བརྒྱུད་བལ་ཡུལ་དང་རྒྱ་གར་ལ་བྲོས་བྱོལ་དུ་ཡོང་གིན་ཡོད་པ་དང༌། ད་ལྟའི་ཆར་བོད་མི་སྐྱབས་བཅོལ་བ་༢༣.༠༠༠བལ་ཡུལ་ནང་གནས་སྡོད་བྱས་ཡོད་འདུག འོན་ཏེ་བལ་ཡུལ་གཞུང་གིས་བོད་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་དང༌། རྒྱ་ནག་གཅིག་ལས་མེད་པའི་ཕྱི་འབྲེལ་སྲིད་བྱུས་ལ་ངོས་ལེན་དང་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱིན་ཡོད་པ་མ་ཟད། བལ་ཡུལ་ནང་བོད་མི་སྐྱབས་བཅོལ་བས་རྒྱ་རྒོལ་གྱི་ལས་འགུལ་སྤེལ་བར་བཀག་སྡོམ་དམ་དྲག་བྱེད་ཀྱིན་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་གཡང་བྱམས་ཀྱིས་ཕབ་བསྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།