གྷུ་གྷེལ་དྲ་གནས་དང་རྒྱ་གཞུང་དབར་གྱི་རྩོད་གླེང་།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༡ཚེས་༡༤ཉིན། རྒྱ་ནག་ནང་རྟེན་གཞི་བྱས་ཡོད་པའི་རྒྱའི་སྐད་ཡིག་སྒང་གི་གྷུ་གྷེལ་དྲ་གནས་ འཚོལ་ཆས་༼Google.cn༽་ ལ་དྲག་ཐོག་འཇབ་རྒོལ་དང་ཞིབ་མྱུལ་སྟངས་འཛིན་ཐེབས་ཀྱིན་ཡོད་སྟབས། ཨ་རིའི་གྷུ་གྷེལ་ལས་ཁུངས་ཨ་མས་རྒྱ་ནག་ནང་གི་གྷུ་གྷེལ་ཡན་ལག་ལུས་ཁུངས་ཀྱི་ སྒོ་རྒྱག་རྒྱུ་ཡིན་ཚུལ་རྒྱ་ནག་གཞུང་ལ་ཉེན་བརྡ་བཏང་ཡོད་འདུག

དེ་ ཡང་རྒྱ་ནག་ནང་གི་གྷུ་གྷེལ་དྲ་གནས་འཚོལ་ཆས་སུ་༼གནམ་བདེ་སྒོ་མོ་ཆེའི་མདུན་ཐང་ གི་སྡེབ་གསོད་༽དང་༼ཏཱ་ལའི་བླ་མའི་༽སྐོར་འཚོལ་བཤེར་བྱེད་དུས། དྲག་ཤོག་སྟོང་བ་ལས་འབྲེལ་ཡོད་གནས་ཚུལ་རིགས་གང་ཡང་མངོན་རྒྱུ་མེད་ཅིང༌། རྒྱ་ནག་གི་དྲག་ཐོག་འཇབ་རྒོལ་དང་དྲ་གནས་སྟངས་འཛིན་གྱི་གནད་དོན་འདིས་ཨ་རྒྱ་ གཉིས་དབར་ལྷག་པའི་ཚོང་འབྲེལ་དང༌། དངུལ་ལོར། གོ་ལའི་གནམ་གཤིས་འགྱུར་ལྡོག དེ་བཞིན་ཐའེ་ཝན་ལ་གོ་མཚོན་ཉོ་འཚོང་ཐད་ཀྱི་འབྲེལ་ལམ་སྡུག་པོ་དེ་ཇེ་སྡུག་ཏུ་ བཏང་ཡོད་པ་དང༌། ཨ་རིའི་ཕྱི་སྲིད་བློན་ཆེན་ལྕམ་ཧེ་ལ་རིས་ཁི་ལིན་ཊན་མཆོག་གིས། རྒྱ་གཞུང་གིས་གནད་དོན་འདི་གྷུ་གྷེལ་ལས་ཁུངས་ལ་འགྲེལ་བཤད་རྒྱག་དགོས་ལུགས་ དང༌། དྲ་རྒྱའི་མཁའ་ལམ་དེ་ཡིད་རྟོན་ལྡན་པའི་སྒོ་ནས་བདག་གཉེར་དོ་དམ་བྱེད་རྒྱུ་ནི་ དེང་གི་སྤྱི་ཚོགས་དང་དཔལ་འབྱོར་ལ་གལ་གནད་ཆེ་ལུགས་སོགས་གསར་འགོད་པར་འགྲེལ་ བརྗོད་གནང་ཡོད་འདུག

གྷུ་ གྷེལ་གྱིས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བའི་གྷུ་གྷེལ་ཡིག་འགྲུལ་ཁ་བྱང་དང་ནང་ དོན་ལ་ལྐོག་ཏུ་བལྟ་བསྔོག་བྱེད་རྩིས་བྱས་པ་མ་ཟད། གཞན་ལས་ཁུངས་༢༠ལྷག་ཀྱང་དམིགས་འབེན་དུ་བཟུང་ཡོད་འདུག

ཕྱི་ ལོ་༢༠༠༨ལོའི་པེ་ཅིན་ཨོ་རྩེད་འགྲན་ཚོགས་ཀྱི་རྗེས་སུ། རྒྱ་ནག་ནང་སྨྲ་བརྗོད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་འགྲོ་བར་འཛམ་ གླིང་མི་མང་གིས་རེ་བལྟས་བརྒྱབ་མོད། རྒྱ་གཞུང་གིས་རང་ཉིད་ཀྱི་ཆབ་སྲིད་ལངས་ཕྱོགས་དང་གསར་འགྱུར་ཁག་ལ་རྒྱབ་གཏོད་ པའི་གནས་ཚུལ་མཁོ་བསྒྲིགས་བྱེད་ཆས་ཡུ་ཊུབ་(YouTube) དང༌།  ཊིའུ་ཊེར་(Twitter)། དེ་མིན་ཕེ་སི་བྷུག(FaceBook)སོགས་སྔར་ལྟར་བཀག་སྡོམ་དམ་དྲག་བྱས་ཡོད་འདུག

གཞན་ ཡང་སྔར་ལོའི་ལོ་སྟོད་དུ་ཁུངས་སྐྱེལ་ར་སྤྲོད་མ་བྱུང་བའི་གནས་ཚུལ་ཁག་ཅིག་གསར་ འགྱུར་བརྒྱུད་ལམ་དུ་ཐོན་གསལ། རྒྱ་གཞུང་གིས་རྒྱལ་ཁབ༡༠༣ལྷག་ནང་གི་ཕྱི་འབྲེལ་དང་འབྲེལ་བའི་གློག་ཀླད་ནང་ཉར་ ཚགས་བྱས་ཡོད་པའི་ཡིག་ཆར་དྲ་ཐོག་ནས་ལྐོག་ལྟ་དང་རྐུ་ཁྱེར་བྱས་ཡོད་པ་མ་ཟད། བོད་ཀྱི་དབུ་ཁྲིད་ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་ཡིག་ཚང་གི་གསང་བའི་ཡིག་འབྲེལ་ དག་ཀྱང་སྟངས་འཛིན་བྱས་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།