ཨོ་བྷ་མ་དང་ྋགོང་ས་མཆོག་གི་མཇལ་འཕྲད་སྐོར་གླེང་སློང༌།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༡ཚེས་༡༢ཉིན། ཁ་སང་ཨ་རིའི་རྒྱལ་སྲིད་དྲུང་ཆེ་ལྕམ་ཧེ་ལ་རིས་ཁི་ལིན་ཊན་མཆོག་གིས་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་ཏཱ་ལའི་བླ་མ་མཆོག་དང་མཇལ་དུས། ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ལ་བརྡབ་གསིག་ཐེབས་སྲིད་ཚུལ་ངོས་ལེན་ཞུས་ཡོད་འདུག

སྲིད་འཛིན་ཨོ་བྷ་མ་དང་ྋགོང་ས་ཏཱ་ལའི་བླ་མ་མཆོག་རྣམ་གཉིས་ཀྱི་མཇལ་འཕྲད་དེ་ཟླ་འགའ་ལ་ནར་འགྱངས་བྱས་མཐར། འཆར་ཟླའི་ཟླ་འགོར་མཇལ་འཕྲད་མངོན་འགྱུར་བྱུང་རྒྱུ་ཡིན་ཚུལ་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་ཡོད་འདུག དེ་ཡང་ལྕམ་ཁུ་ལིན་ཌོན་མཆོག་གིས་ཨ་རིས་བོད་ཀྱི་བདག་དབང་དེ་རྒྱ་ནག་ལ་ལྡན་པ་ངོས་འཛིན་ཞུ་བཞིན་ཡོད་ཁར། ྋགོང་ས་མཆོག་གིས་ནན་བརྣན་གྱིས་གསུངས་ཀྱིན་པའི་བོད་ཀྱི་ཆོས་རིག་སྲུང་སྐྱོབ་དང་རང་སྐྱོང་གི་བརྩི་མཐོང་ལའང་རྒྱབ་སྐྱོར་ཞུ་བཞིན་ཡོད་ལུགས་འགྲེལ་བརྗོད་གནང་ཡོད་འདུག

ཨེ་ཤ་ཡའི་ཞི་བདེ་རྒྱལ་ཁབ་གྷ་ནི་ཡ་གསར་པ་དང༌། ནེའུ་ཛེ་ལན་ཌི། དེ་བཞིན་ཨོ་སི་ཊོ་ལི་ཡ་བཅས་སུ་རྒྱལ་དོན་འཚམས་གཟིགས་སུ་བསྐྱོད་བཞིན་པའི་ལྕམ་ཧེ་ལ་རིས་ཁི་ལིན་ཊན་མཆོག་གིས། ཨ་རྒྱ་གཉིས་དབར་ལ་ལེགས་པར་སྨིན་པའི་འབྲེལ་ལམ་ལྡན་ལ། འབྲེལ་ལམ་དེས་བོད་དོན་ཐད་ལྷག་པའི་རྒྱལ་ཁབ་གཉིས་ཀྱི་མི་མཐུན་ཕྱོགས་སེལ་ཐུབ། ཅེས་གཏམ་བརྗོད་སྤེལ་ཡོད་འདུག

ཁོ་མོས་མུ་མཐུད་དུ། རྒྱ་ནག་ནི་དུས་རབས་ཉེར་གཅིག་པའི་སྟོབས་ཆེན་རྒྱལ་ཁབ་ཁྲོད་ཀྱི་གཅིག་ཡིན་པ་ཚང་མས་ཤེས་གསལ་རེད་མོད། མི་རྣམས་ཀྱིས་ཨ་རི་ཤར་ཨེ་ཤ་ཡའི་ནང་ཕྱོགས་ཡོངས་ནས་ནུས་ལྡན་དང་འཛུལ་ཞུགས་བྱེད་འདོད་ཡོད་པ་རེད། དེ་ནི་རྒྱ་ནག་ཡར་རྒྱས་འགྲོ་བ་དང་བསྟུན་ཨ་རིས་ཨ་ཤ་ཡའི་ནང་ཞི་བདེ་བརྟན་སྲུང་གི་བྱེད་ནུས་ཐོན་ཐུབ་པས་རེད། ཅེས་བརྗོད་ཡོད་འདུག

སྲིད་འཛིན་ཨོ་བྷ་མ་མཆོག་རྒྱ་ནག་ནང་འཚམས་འདྲི་གཟིགས་སྐོར་དུ་མ་ཕེབས་པའི་སྔ་རོལ་ཏེ་སྔར་ལོའི་ཕྱི་ཟླ་༡༠པའི་ནང༌། ཁོང་གིས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ྋགོང་ས་ཏཱ་ལའི་བླ་མ་མཆོག་དང་མཇལ་རྒྱུའི་མཇལ་མོལ་ཕྱིར་འཐེན་བྱས་པར༌། འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཐབ་རྩོད་པ་མང་པོ་ཞིག་གིས་སྲིད་འཛིན་ཁོང་གིས་རྒྱ་ནག་དང་ལྷན་དུ་དཔལ་འབྱོར་གྱི་འབྲེལ་ལམ་ཡར་རྒྱས་གཏོང་དོན་དུ་འགྲོ་བ་མིའི་ཐོབ་ཐང་བློས་བཏང་ཡོད་ལུགས་ཀྱི་སྐྱོན་བརྗོད་བྱས་ཡོད་འདུག འོན་ཏེ་ྋགོང་ས་མཆོག་གིས་ཁོང་གིས་སྲིད་འཛིན་ཨོ་བྷ་མའི་གནས་བབས་རྒྱུས་ལོན་ཐུབ་ལུགས་དང༌། མི་སུ་གང་ལའང་སྟབས་མ་བདེ་བ་བཟོ་འདོད་མེད་ལུགས་ཀྱི་བཀའ་བསྩལ་ཡོད་འདུག་ལ། སྐབས་དེར་ཁོང་དབུ་ཁྲིད་རྣམ་གཉིས་ད་ལོའི་ལོ་མགོར་མཇལ་མོལ་གནང་རྒྱུའི་མཛད་འཆར་བཀོད་སྒྲིག་བྱས་ཡོད་འདུག

གཞན་ཡང་མདུན་ཕྲག་སྔོན་མའི་ནང་ཨ་རི་གཞུང་གིས་ཐའེ་ཝན་ལ་ཨ་སྒོར་ཐེར་འབུམ་གཅིག་གི་རིན་ཚད་ལྡན་པའི་༼རྒྱལ་གཅེས་པ༽་ཞེས་པའི་འཕུར་མདའ་མཁོ་འདོན་བྱེད་རྒྱུ་ཐག་བཅད་པར། རྒྱ་གཞུང་ཕྱོགས་ནས་མཐའ་གཅིག་ཏུ་ངོ་རྒོལ་དང་སྐྱོན་བརྗོད་བྱེད་ཀྱིན་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་གཡང་བྱམས་ཀྱིས་ཕབ་བསྒྱུར་བྱས།
Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།